ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བརྡ་ཁྱབ།

སྤེལ་དུས 2021-10-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཚེས24ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་སྟོན་དུས་དང་དགུན་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་དང་རིམས་འགོག་སྨན་ཁབ་ཡག་པོ་རྒྱག་པའི་འབྲེལ་ཡོད་གནས་ཚུལ་སྐོར་ནས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏུ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྟེ་དྲིལ་བསྒྲགས་སི་ཡི་སི་ཀྲང་གཞོན་པ་སྨི་ཧྥེང་གིས། མིག་སྔར་ཕྱི་རྒྱལ་དུ་རིམས་ནད་རྒྱུན་མཐུད་ངང་མཆེད་པ་དང་དུས་ཚིགས་ཀྱི་རྐྱེན་གྱིས་ཇེ་མང་དུ་ཕྱིན་ནས་མཆེད་སླ་པོ་འདུག  ཟླ10པའི་ཚེས17ཉིན་ནས་བཟུང་རྒྱལ་ནང་དུ་རང་སའི་རིམས་ནད་མང་ཙམ་ཐོན་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པ་དང་གཟའ་འཁོར་གཅིག་ནང་དུ་ཞིང་ཆེན11ལ་ཁྱབ་ཡོད་ཅེས་བཤད་པ་རེད།
           ཐེངས་འདིའི་རིམས་ནད་ཀྱི་ནད་དུག་ནི་ཏེར་ཐ་གཞན་འགྱུར་དུག་སྡོང་ཡིན།
           རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུས་ཀྱི་འགོ་གཙོ་གཞོན་པ་ཝུའུ་ལེའང་ཡིའུ་ཡིས་དབྱེ་ཞིབ་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིམས་ནད་ཐོན་ཚུལ་ལ་གཅིག་ནས་ཁྱབ་རྒྱ་ཆེ། མིག་སྔར་ཤེས་རྟོགས་བྱུང་བའི་ས་ཁུལ་ལས་བརྒལ་བའི་ནད་པ་མང་ཆེ་བ་ནི་ཡུལ་སྐོར་ཚོགས་པའམ་ཡང་ན་སྒེར་འཁོར་བཏང་བར་འབྲེལ་བ་ཡོད་ལ། མི་མངོན་པའི་ཉེན་ཡོད་མི་སྣ་ས་ཁུལ་ལས་བརྒལ་བའི་འཁོར་རྒྱུག་རང་བཞིན་ཆེ་བ་དང་འབྲེལ་ཡོད་ཞིང་ཆེན་ཡང་ཅུང་མང་བས་རིམས་ནད་སྔར་བས་མཆེད་པའི་ཉེན་ཁ་ཡོད། གཉིས་ནས་འགོས་ནད་རང་བཞིན་ཆེ། རིམས་ནད་ཐོན་པའི་ནད་དུག་ནི་ཏེར་ཐ་གཞན་འགྱུར་དུག་སྡོང་ཡིན་པ་དང་། ནད་དཔེ་ཁག་ཅིག་གི་དབུགས་ལམ་གྱི་མ་དཔེའི་ནད་དུག་ཉིང་སྐྱུར་ཐེག་ཚད་མཐོ་བ་དང་ནད་དུག་ཕྱིར་འབུད་བྱེད་ཚད་མང་ཞིང་ཁྱབ་སྤེལ་ནུས་པ་ཆེ་ལ། མི་ཚོགས་ཀྱི་ཁྲོད་དུ་མུ་མཐུད་དུ་ཐོན་པའི་ཉེན་ཁ་ཆེ་བ་གསལ་འདེབས་བྱས་ཡོད་ཅེས་ཟེར།
           ཐེངས་འདིའི་རིམས་ནད་ནི་ཕྱི་རྒྱལ་ནས་ནང་དུ་འགོས་པའི་འབྱུང་ཁུངས་གསར་པ་ཞིག་ལས་ཐོན་པ་ཡིན།
           ཝུའུ་ལིའང་ཡིའུ་ཡིས་བསྟན་དོན། རིམས་ནད་ཀྱི་འབྱུང་ཁུངས་ཐད་མིག་སྔར་ད་དུང་ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་བྱེད་བཞིན་པའི་སྒང་ཡིན། ནད་དུག་མཆེད་རྒྱུན་ཐད་ནས་བལྟས་ཚེ་སྤྱིའི་ཆ་ནས་ཅུང་གསལ་པོ་ཡོད་ཅིང་། ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད24བར་སྙན་སེང་ཞུས་པའི་ནད་པ133ནང་གི་ནད་པ106ཡུལ་སྐོར་ཚོགས་པའི་རྒྱུ་ལམ་ལ་འབྲེལ་བ་ཡོད་པ་དང་། ཡུལ་སྐོར་ཚོགས་པ13དང་ཡང་ན་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱས་པ་དང་འབྲེལ་བ་ཡོད། ད་ཡོད་ཀྱི་ནད་ཡམས་རིག་པའི་བརྟག་དཔྱད་དང་ནད་དུག་ཚད་ལེན་གོ་རིམ་གྱི་མཇུག་འབྲས་ལ་གཞིགས་ན། ནད་དཔེའི་ནད་དུག་གི་གཞི་རྒྱུ་ཧྲིལ་པོའི་གོ་རིམ་དང་རྒྱལ་ནང་གི་དེ་སྔའི་རིམས་ནད་ཀྱི་འབྱུང་ཁུངས་གཅིག་མཚུངས་རང་བཞིན་ཉུང་བས། ཐེངས་འདིའི་རིམས་ནད་ནི་ཕྱི་རྒྱལ་ནས་ནང་དུ་འགོས་པའི་འབྱུང་ཁུངས་གསར་པ་ཞིག་ལས་བྱུང་བ་ཡིན་པ་གསལ་འདེབས་བྱས་ཡོད་ཅེས་བཤད།
རྩོམ་སྒྲིག་པ། རིག་གྲོལ།