ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་བརྙན་ལམ་ནས་མཇལ་འཕྲད་ཐོག་མ་གནང་བ།

སྤེལ་དུས 2021-11-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

         ཞི་ཅིན་ཕིང་གིས“སྐུ་ཞབས་ཙུང་ཐུང་ལགས། ཁམས་བཟང་། དེ་རིང་ནི་ང་ཚོ་བརྙན་ལམ་ནས་མཇལ་ཐེངས་དང་པོ་རེད། གྲོགས་པོ་རྙིང་པ་ཐུག་སྐབས། སེམས་ལ་དགའ་ཚོར་ཆེན་པོ་འདུག མིག་སྔར། ཀྲུང་གོ་དང་ཨ་རིའི་འཕེལ་རྒྱས་འགག་རྩའི་དུས་མཚམས་སུ་གནས་པས། མིའི་རིགས་ཀྱི‘ས་གོ་ལའི་གྲོང་ཚོ’ལའང་འགྲན་སློང་མང་པོ་ཕྲད་ཡོད། ཀྲུང་གོ་དང་ཨ་རི་གཉིས་པོ་ནི་འཛམ་གླིང་གི་དཔལ་འབྱོར་གདོས་བཅས་ཆེ་གྲས་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པས། ཕན་ཚུན་འབྲེལ་གཏུག་དང་མཉམ་ལས་ཟབ་ཏུ་གཏོང་དགོས་ངེས་རེད། ང་ཚོས་རང་རང་རྒྱལ་ནང་གི་ལས་དོན་ཡག་པོ་སྒྲུབ་དགོས་ལ། འཁུར་དགོས་པའི་རྒྱལ་སྤྱིའི་འགན་འཁྲི་ཡང་ཁུར་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། འདི་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་རེད་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་ཐུན་མོང་གི་འགན་འཁྲི་ཡང་རེད། ཀྲུང་གོ་དང་ཨ་རིས་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞི་བདེ་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་སོགས་ལ་སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་ཨའི་འབྲེལ་བ་དགོས། ཀྲུང་གོ་དང་ཨ་རིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་བྱེད་དགོས། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཐུན་མོང་གི་ངོས་འཛིན་གྲུབ་པ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས། ཀྲུང་ཨའི་འབྲེལ་བ་དགེ་མཚན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་འདོད་ཡོད། འདི་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་སྐྲུན་པའི་དགོས་མཁོ་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་ཀྱང་རེད”ཅེས་གསུངས་པ་རེད། 

         པའེ་ཀྲེན་གྱིས“ཁྱེད་དང་མཇལ་འཛོམས་གནང་བའི་ཁོམ་པ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་ཚོ་སྐད་ཆ་ཤོད་རེས་བྱེད་སྐབས། དེ་སྔོན་ལྟར་ལྷག་བསམ་ཟོལ་མེད་དང་ཁ་རི་ཁ་ཐུག་གནང་བའི་རེ་བ་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་ངོས་ནས། ང་ཚོར་རྒྱལ་ཁབ་གཉིས་པོའི་འགྲན་རྩོད་གདོང་གཏུག་ལ་མི་འགྱུར་བར་བྱེད་པའི་འགན་འཁྲི་ཡོད། འདི་རྐང་བཙུགས་ནས་ཡིན་པའམ་ཡང་ན་རྐང་བཙུགས་ནས་མིན་པ་གང་ཡིན་ཡང་ཆོག ང་ཚོས་ཐུན་མོང་ངོས་འཛིན་གྱི་ལམ་ར་ཡང་བསྐྱར་བསྐྲུན་ནས། ང་ཚོའི་དབར་གྱི་མི་མཐུན་པའི་སར་ཁ་གསལ་ཟོལ་མེད་ངང་ལྟ་སྟངས་འཛིན་པ་དང་། ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་ཐད་མཉམ་དུ་འབད་བརྩོན་བྱེད་དགོས། ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་དེ་ལྟར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་རྒྱལ་ཁབ་གཉིས་པོའི་འབྲེལ་བས་ང་ཚོ་རྒྱལ་ཁབ་གཉིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། འཛམ་གླིང་ཡོངས་དང་ཡང་འབྲེལ་བ་ཡོད”ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།