ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པར་ལེན་པ་ཁྲེན་མན་གྱིས་རང་གི་བརྩམས་ཆོས་ཀྱི་སྐོར་ལ་དགོངས་དག་ཞུས།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       པེ་ཅིང་གསར་པའི་མགྱོགས་འཕྲིན་ལྟར་ན། པར་ལེན་པ་ཁྲེན་མན་གྱིས་མོའི་དེ་སྔའི་པར་ལེན་བརྩམས་ཆོས་ཁྲོད་ནས་བརྩམས་ཆོས་ཁག་ཅིག་གིས་ཀྲུང་གོར་དམའ་འབེབས་བྱས་པའི་དོགས་པ་ཡོད་པར་དམིགས་ཏེ། ཚེས23ཉིན་ཁོང་མོས་རང་གི་པོད་འཕྲིན་ཐོག་དགོངས་སེལ་ཞུ་བའི་གསལ་བསྒྲགས་སྤེལ་བ་དང་རྩོམ་ཡིག་ཆ་ཚང་གཤམ་ལྟར་ཡིན།
       ད་ལྟ་གཞི་ནས་དོན་འདི་གླེང་བར་ལྷན་རྒྱས་དགོངས་པ་མ་ཚོམ། ངས་ཉིན་འདི་དག་གི་རིང་ལ་ཁྱེད་རྣམ་པའི་དགོངས་འཆར་ལ་རེ་རེ་བཞིན་ནན་ཏན་གྱིས་བལྟས་པ་ཡིན། ཚང་མས“ལོ་ཆུང་གདོང་ལེན་རུ་ཁག”གི་ཚོ་ཆུང་རི་མོ་སོགས་དེ་སྔའི་བརྩམས་ཆོས་དག་ལ་སྐྱོན་བརྗོད་བྱས་པ་མཐོང་བྱུང་། ངས་བསམ་གཞིག་ཞིབ་མོ་བཏང་སྟེ་སྐབས་དེའི་བྱིས་བློའི་དྲན་ཚུལ་འདི་དག་ལ་ད་ལྟ་རང་ཁག་རང་གིས་དཀྲི་བཞིན་ཡོད། ངས་བསམ་ན་ང་རང་གིས་ངེས་པར་དུ་ཚང་མར་དགོངས་དག་ཞུ་དགོས་བསམ་ཡོད།
       ང་ནི་ཀྲུང་གོ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ལ་རང་རེའི་མེས་རྒྱལ་ལ་དགའ་ཞེན་ཆེན་པོ་ཡོད། ངས་རང་ཉིད་རིག་རྩལ་ལས་དོན་པ་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཟིན་ཐོར་འགོད་རྒྱུ་དང་བརྒྱུད་སྤྲོད་བྱ་རྒྱུའི་འགན་འཁྲི་ཕྲག་ཏུ་ཁུར་དགོས་ཤིང་། རང་ཉིད་ཀྱི་བརྩམས་ཆོས་ལ་བརྟེན་ནས་ཀྲུང་གོའི་མཛེས་སྡུག་མཚོན་པར་བྱེད་དགོས་པ་ངས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། འདི་ནི་ངས་ནམ་ཡང་འབད་བརྩོན་ལྷོད་མེད་བྱེད་པའི་དམིགས་ཡུལ་ཡིན་པའང་གསལ་པོ་ཤེས་ཀྱིན་ཡོད། དེ་སྔ་རང་ལ་སྒྱུ་རྩལ་གྱི་ལྟ་བ་བརྟན་པོ་ཞིག་ཆགས་མེད་པར། འགྲེམ་སྟོན་ལ་ཞུགས་སྐབས་སུ་གཏད་ཇུས་འགྲེམ་སྟོན་ཞེས་པ་རྒྱུས་ལོན་གསལ་པོ་མེད་པས་སྐབས་དེའི་བརྩམས་ཆོས་དག་ལ་བསམ་གཞིག་དེ་ཙམ་བྱེད་ཀྱིན་མེད། ལྷག་པར་དུ2008ལོར“ལོ་ཆུང་གདོང་ལེན་རུ་ཁག”ཅེས་པ་བརྗོད་གཞིར་བྱས་པའི་པར་ཚོགས་དེས་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། རང་གིས་རང་ལ་འཁང་ར་བྱེད་པ་མ་ཟད་ཡང་བསྐྱར་དགོངས་དག་ཞུས་པ་ཡིན།  ད་ལྟ་ངས་དུས་ནམ་ཡིན་ཡང་གསར་རྩོམ་ལ་གཟབ་ནན་དང་ཕྱོགས་ཡོངས་ནས་བལྟ་རྒྱུ་གལ་ཆེན་པོ་ཡིན་པ་ཚོར་བྱུང་། ངས་ལས་སྟེགས་ཁག་གི་འབྲེལ་ཡོད་ནང་དོན་ཡོད་ཚད་མར་ཕབ་ནས་ཁྱེད་རྣམ་པར་ཡང་བསྐྱར་གནོད་འཚེ་མི་ཐེབས་པ་བྱས་ཡོད་པ་དང་། དེ་དང་ཆབས་ཅིག་འབྲེལ་ཡོད་ལོ་རྒྱུས་ལ་ཧུར་ཐག་གིས་སློབ་སྦྱོང་དང་འབྲེལ་ཡོད་བྱ་འགུལ་ལ་མང་ཙམ་ཞུགས་ནས་རང་ཉིད་ཀྱི་བསམ་པའི་གོ་རྟོགས་ཇེ་མཐོར་གཏོང་བཞིན་ཡོད།
       ཚང་མས“ལོ་ཆུང་གདོང་ལེན་རུ་ཁག”དང་། 2012ལོར་གསར་རྩོམ་བྱས་པའི་ཚོན་མདོག་བཅུ་གཉིས་ཅན་གྱི་པར་ཚོམ། ལོ་དེར་མིང་ཆིང་རྒྱལ་རབས་སུ་དུས་ལོག་བྱས་པའི་ཁ་བྱང་ཅན་གྱི་བརྩམས་ཆོས་ཀྱི་སྐྱོན་བརྗོད་མཐའ་དག་ང་རང་གིས་དང་ལེན་ཞུ་བཞིན་ཡོད། ངས་ཀྱང་མུ་མཐུད་དུ་སློབ་སྦྱོང་ནང་ཞུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་དུས་རབས་གསར་པའི་ངར་སེམས་ཀྱི་བསམ་པའི་ཉམས་འགྱུར་དེ་གསར་རྩོམ་གྱི་ཆུ་མགོ་ལྟ་བུ་ངོས་བཟུང་ནས་བརྩམས་ཆོས་ལེགས་གྲས་མང་པོར་སྤེལ་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་ཡིན།

རྩོམ་སྒྲིག་པ། སྣང་རྡོར།