ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྣུམ་སྣོན་ས་ཚིགས་སུ་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་སྤྱོད་ཆོག་གམ།

སྤེལ་དུས 2021-12-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཁ་ལོ་བའི་གློག་རྡུལ་ལག་ཁྱེར་དེ“འགྲིམ་འགྲུལ་དོ་དམ12123”APPབརྒྱུད་དེ་སྤྲོད་རྒྱུ་དང་། ཁ་ལོ་བའི་གློག་རྡུལ་ལག་ཁྱེར་གྱི་བཟོ་དབྱིབས་ནི་རྒྱལ་ཡོངས་གཅིག་གྱུར་ཡིན་པས། ཁྲིམས་འཛིན་དོ་དམ་དང་སྤྱི་པའི་ཞབས་ཞུ་སོགས་རྣམ་པ་མང་པོར་སྤྱད་ཆོག་ལ། དུས་ཐོག་ཏུ་འདྲི་རྩད་དང་དཔང་སྟོན། ཞིབ་བཤེར་བཅས་བྱ་རྒྱུར་སྟབས་བདེ་བཟོས་ཡོད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་དང་ཁ་ལོ་བའི་ཤོག་བུའི་ལག་ཁྱེར་ལ་གཅིག་མཚུངས་ཀྱི་བཅའ་ཁྲིམས་ནུས་པ་ཡོད་ཅེས་གསལ་འདེབས་བྱས།

ཁ་ལོ་བའི་གློག་རྡུལ་ལག་ཁྱེར་གྱི་མ་དཔེའི་དཔང་ཡིག(མདུན་ངོས།)

ཁ་ལོ་བའི་གློག་རྡུལ་ལག་ཁྱེར་གྱི་མ་དཔེའི་དཔང་ཡིག(རྒྱབ་ངོས།)
       ཤེས་རྟོགས་བྱུང་བ་ལྟར་ན། ཟླ11པའི་ཟླ་དཀྱིལ་ནས་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་གྱི་ལས་སྒོ་ལྷ་ས་གྲོང་ཁྱེར་དུ་ཁྱབ་གདལ་བཏང་རྗེས་རྒྱ་ཆེ་བའི་གྲོང་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། ལྷ་ས་གྲོང་ཁྱེར་གྱི་མི་དམངས་ཉེན་རྟོག་པས་ཁྲིམས་འཛིན་ཞིབ་བཤེར་བྱེད་སྐབས་སུ་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་བསྟན་ཚེ་ཁ་ལོ་བའི་ཤོག་བུའི་ལག་ཁྱེར་ལ་ཞིབ་བཤེར་མི་བྱེད་པ་རེད།   

       ཟླ11པའི་ཚེས16ཉིན་ནས་བཟུང་། ཁ་ལོ་བའི་གློག་རྡུལ་ལག་ཁྱེར་ཤར་གཏོང་བྱས་ནས་ལྷ་ས་གྲོང་ཁྱེར་གྱིས་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་གྱི་ལས་སྒོ་ཁྲི8.8ཙམ་གཉེར་བ་དང་། ཉིན་རེར་ཆ་སྙོམས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་ཚད6000ཙམ་ཟིན་གྱིན་ཡོད།
       གཞན་ཡང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྣུམ་སྣོན་ས་ཚིགས་སུ་སྣུམ་སྣོན་ཐོ་འགོད་བྱེད་སྐབས་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་སྤྱད་ཀྱང་ཆོག་ཅེས་བཤད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གི་ལས་འགུལ་རུ་ཆེན་གྱི་འགན་འཁུར་བ་རྡོ་རྗེ་དབང་འདུས་ཀྱིས་མཚམས་སྦྱོར་བྱས་པར་གཞིགས་ན། “ལྷ་ས་གྲོང་ཁྱེར་དུ་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་བཏོན་རྗེས་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་སྣུམ་སྣོན་ས་ཚིགས་དང་སྦྲེལ་མཐུད་བྱས་ནས་འབྲེལ་ཡོད་ཚན་པར། གལ་ཏེ་གྲོང་མིས་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་བཟུང་ནས་ཁ་ལོ་བའི་ཤོག་བུའི་ལག་ཁྱེར་གྱི་ཚབ་བྱས་ཏེ་སྣུམ་སྣོན་ས་ཚིགས་སུ་ཐོ་འགོད་བྱེད་པར་བསྐྱོད་ཚེ་སྣུམ་སྣོན་ས་ཚིགས་ཀྱིས་ལས་སྒོ་རྣམས་བསྒྲུབ་དགོས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སྣུམ་སྣོན་ས་ཚིགས་ཀྱིས་བླང་བྱ་ལྟར་དོན་འཁྱོལ་བྱ་དགོས”ཅེས་བཤད།

       མཚམས་སྦྱོར་བྱས་པར་གཞིགས་ན། ཁ་ལོ་བའི་གློག་རྡུལ་ལག་ཁྱེར་ལ་གཅིག་གྱུར་རང་བཞིན་དང་། དུས་ཐོག་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་ཁྱད་ཆོས་གསུམ་ལྡན་ཞིང་། ཁ་ལོ་བའི་གློག་རྡུལ་ལག་ཁྱེར་ལ་གྲངས་ཀའི་མིང་རྟགས་བཀོད་ནས་རྫུན་འགོག་བྱེད་པའི་ལག་རྩལ་སྤྱད་དེ་བདེན་པ་བདེན་ཐུབ་དང་བདེ་འཇགས་བློས་འགེལ་ཆོག་པ་ཞིག་ཡིན་དགོས་པ་དང་། འགྲིམ་འགྲུལ་དོ་དམ་གྱི་ལས་སྒོ་གཉེར་སྐབས་སུ་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་བསྟན་ནས་རླངས་འཁོར་གཏོང་ཆོག་པའི་དོ་དམ་དང་། འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད། འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་སྒོ་བསྒྲུབས་ཆོག

       དེ་དང་ཆབས་ཅིག་འགྲིམ་འགྲུལ་ཉེན་རྟོག་པས་ཀྱང་གྲོང་མི་ཁ་ལོ་བར་རང་ཉིད་ཀྱི་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་དང་རང་ཉིད་ཀྱི་མིང་ཐོག་གི་རླངས་འཁོར་འགྲོ་སྐྱོད་ཆོག་པའི་གློག་རྡུལ་ལག་ཁྱེར་མ་གཏོགས་སྟོན་མི་ཆོག་ལ། མི་གཞན་དང་ལས་ཁུངས་ཀྱི་རླངས་འཁོར་གཏོང་སྐབས་སུ་སྔར་བཞིན་ཤོག་བུའི་ལག་ཁྱེར་འཁྱེར་དགོས་ཀྱིན་ཡོད། ཤོག་བུའི་ལག་ཁྱེར་བཟུང་མེད་ཚེ་ས་གནས་ས་ཐོག་ཏུ་སྒུལ་འཁོར་རིགས་བཀག་ཉར་བྱས་ནས་ཁྲིམས་ལྟར་ཆད་པ་གཅོད་ངེས་ཡིན་ཞེས་གསལ་འདེབས་བྱས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།