ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

▶བདེ་སྐྱིད་གླིང་གྲོང་ཚོའི་ལོ་རྒྱུས་ཁང་འདི་ཨེ་མ་མཚར།

སྤེལ་དུས 2022-01-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

             གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་བདེ་སྐྱིད་གླིང་གྲོང་ཚོའི་ལོ་རྒྱུས་ཁང་འདི་ནི། སྤྱི་ལོ་2021ལོའི་ཟླ་11པའི་ནང་རིམ་པ་གོང་མའི་དགོངས་དོན་ལྟར། བདེ་སྐྱིད་གླིང་གྲོང་རྡལ་ཏང་ཨུད་ཀྱིས་བརྩི་མཐོང་ཆེན་པོ་གནང་ཐོག་ཆེད་དོན་མི་སྣ་མངགས་ཏེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་ལྷན་དུ་གྲོང་ཚོའི་ལོ་རྒྱུས་ཁང་སྐྲུན་འགོ་བཙུགས་ཡོད།

             གྲོང་ཚོའི་ལོ་རྒྱུས་ཁང་འདི་སྐྲུན་རིང་མང་ཚོགས་ནས་རང་འགུལ་ངང་ནུས་ཤུགས་ཡོད་པས་ནུས་ཤུགས་འདོན་པ་དང་། ལོ་རྒྱུས་ཀྱི་ཅ་དངོས་ཡོད་པས་ཅ་དངོས་མཁོ་འདོན་བྱེད་པ་སོགས་ལས་བྱེད་མང་ཚོགས་ཚང་མས་རང་ནུས་ལ་དཔག་པའི་ནུས་པ་འདོན་སྤེལ་བྱས་ཏེ། ས་གནས་དེ་གའི་ཁྱད་ཆོས་ལྡན་ལ་ལོ་རྒྱུས་ཀྱི་དོན་སྙིང་ཟབ་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཡིད་སེམས་འགུག་པ་བཅས་ཀྱི་རྣམ་པ་ཞིག་བསྐྲུན་ཡོད། 

             ལོ་རྒྱུས་ཁང་འདི་དབྱེ་བ་ཁ་ཤས་ཕྱེ་ཡོད་དེ།   གཅིག་ནི།  གྲོང་ཚོའི་གཞི་རྩའི་གནས་ཚུལ་ཏེ།  གྲོང་ཚོའི་མི་འབོར་དང་།  ས་ཁམས་ཀྱི་ཆགས་ཚུལ།  ས་ཞིང་གི་རྒྱ་ཁྱོན།  ཁྱད་ལྡན་ཐོན་ལས།  ད་ལྟའི་འཕོ་འགྱུར་སོགས་ཚུད་ཡོད། 
             གཉིས་ནི།  སྲོལ་རྒྱུན་གྱི་བོད་བཟོའི་ཅ་དངོས་འགྲེམས་སྟོན་ཏེ།  སྔ་མའི་ཇ་ཁུག་ཚྭ་ཁུག་དང་།  ཉ་ག   ལྟོ་སྣོད།  སོ་ནམ་ཡོ་བྱད་སོགས་ཀྱི་འགྲེམས་སྟོན་ཡོད་པ། 

             གསུམ་ནི།  གྲོང་ཚོའི་སྐབས་རིམ་བྱུང་གི་འགོ་ཁྲིད་དང་།  ཏང་ཡོན་རྒན་གྲས།  དམག་དཔུང་ནང་ཞུགས་མྱོང་བའི་དམག་མི་བཅས་ཀྱི་པར་རིས་འགྲེམས་སྟོན་ཡོད་པ།
             བཞི་ནི།  ཕྱུག་པོའི་སྣེ་ཁྲིད་པ་ཤི་ལོག་དང་།  མཐར་ཕྱིན།  མགོན་པོ་བཅས་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁག་གི་འདྲ་པར་སོགས་འཁོད་པའི་གསོན་ཉམས་དོད་པའི་དྲན་གསོ་ཁང་འདི་གྲོང་ཚོའི་ནང་འགྱིང་ངེར་ཆགས་ཡོད།