ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གསོན་ཤུགས་ལྡན་པའི་ལང་ཚོ།

སྤེལ་དུས 2022-05-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ལྷ་ས་སློབ་འབྲིང་གི་སློབ་མས་སྡེ་ཚོགས་ཀྱི་དར་ཆའི་མདུན་དུ་སྡེ་ཚོགས་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།

འདི་ནི་ལྷ་ས་སློབ་འབྲིང་གི་དགེ་སློབ་ཚོས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལྟ་བཞིན་པ།
          ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་། “རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག”བཅས་ལྟེ་བར་བྱེད་པའི་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ། གུང་གཞོན་སྡེ་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ། རྒྱ་ཆེའི་སློབ་མ་ཚོས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་འཆང་བར་སྔར་བས་ཁྲིད་སྟོན་བཅས་བྱ་ཆེད། ཟླ་5ཚེས་10ཉིན་ལྷ་ས་སློབ་འབྲིང་གིས་དགེ་སློབ་སྐུལ་སློང་ཧུར་ཐག་བྱས་ནས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བའི་ཚོགས་ཆེན་གྱི་ཐད་གཏོང་གནས་ཚུལ་གཟབ་རྒྱས་བལྟས་པ་དང་འབྲེལ་སློབ་མ་ཚོ་སྒྲིག་འཛུགས་བྱས་ནས་སྡེ་ཚོགས་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།