ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཁྲོན་གཡག་རྔ་རུ་ས་ཡོམ་རིམ་པ་4.8བརྒྱབ་འདུག

སྤེལ་དུས 2022-05-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། སྤྱི་ཟླ་5པའི་ཚེས་20ཉིན་གྱི་ཆུ་ཚོད་8དང་སྐར་མ་36ཐོག སི་ཁྲོན་གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་དུ་ས་ཡོམ་རིམ་པ་4.8བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་20ཟིན་པ། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ་གྲངས་29.67དང་ཤར་གྱི་གཞུང་ཐིག་ཏུའུ་གྲངས་102.48ཐོག་ཏུ་གནས་ཡོད་པ་རེད།

     ས་ཡོམ་རྒྱག་སའི་ལྟེ་བ་དེ་དཀར་མཛེས་ཁུལ་བོད་རིགས་རང་སྐྱོང་ཁུལ་དང་བར་ཐག་སྤྱི་ལེ་65ཡོད་པ་དང་། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དང་བར་ཐག་སྤྱི་ལེ་36ཡོད་པ། ཧྲི་མེན་རྫོང་དང་བར་ཐག་སྤྱི་ལེ་50ཡོད་པ། ཐེན་ཆོན་རྫོང་དང་བར་ཐག་སྤྱི་ལེ་52ཡོད་པ། ཁྲེང་ཏུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་188ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོན།