ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་ངོ70འགོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

སྤེལ་དུས 2022-07-27 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།

           ཟླ7པའི་ཚེས26ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་ངོ70འགོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད། ཧྲེང་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་ཚོགས་འདུར་ཞུགས།  

 

           ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་ངོ70འགོར་བར་རྟེན་འབྲེལ་ཞུས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མི་རིགས་སྐད་ཡིག་གི་སྨྱན་སྦྱོར་བྱ་བ་སྒྲུབ་མཁན་གྱི་བློ་མཐུན་རྣམས་ལ་འཚམས་འདྲི་ཞུས་པ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་ངོ70ཡིི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་ཤིང་། རེ་བ་ཡིན་ན་མཚོ་སྔོན་བོད་སྐད་རླུང་འཕྲིན་བསྒྲུབས་ནས་ལོ་ངོ70འགོར་བར་རྟེན་འབྲེལ་ཞུ་བ་དེ་མགོ་རྩོམ་ས་གསར་པ་རུ་བརྩིས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། སེམས་པ་སྤྱི་ཁྱབ་ཧྲུའུ་ཅིར་ཕྱོགས་པ་དང་། སེམས་པ་ཏང་ཀྲུང་དབྱང་ལ་ཕྱོགས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས། རང་རྟོགས་སྒོས་དར་ཆ་བསྒྲེང་བ། དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ཀྱི་འགན་འཁྲིའི་ལས་འགན་ཕྲག་ཏུ་ཁུར་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དང་བླང་བྱ་ལྟར། བོད་འབྲེལ་ས་ཁུལ་གྱི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས། 


           ཚོགས་འདུས་ནན་གྱིས་བསྟན་དོན། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་ལེགས་པོར་བསྒྲུབ་པར། ངེས་པར་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཨང་དང་པོར་འཇོག་དགོས་ལ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་འདོད་བློ་དྲིལ་སྒྲོག་བྱེད་པ། ཏང་གི་བསམ་འདུན་མངོན་པ་རྒྱུན་འཁྱོངས་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲོ་བ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། མི་དམངས་ལ་སློབ་གསོ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཡག་པོ་བྱེད་པ་དང་། དྲིལ་སྒྲོག་བཟང་པོ་བྱེད་པ། ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩི་དགོས་ཤིང་། རྒྱུན་ཆད་མེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ།ཏང་གི་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ་བ་དང་། དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱ་རྒྱུའི་གཙོ་ཐིག་འབུར་དུ་ཐོན་པར་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་མགྱོགས་མྱུར་ངང་འཛུགས་པར་ཞུམ་མེད་ཀྱི་སྙིང་སྟོབས་དང་གླེང་ཕྱོགས་ཀྱི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ལ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱེད་པའི“དཔེ་སྟོན་དམག་མི”དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི“དཔེ་སྟོན་དམག་མི”བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་མཉམ་གནས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱེད་དགོས་ལ། རིགས་སོ་སོའི་མི་སེམས་གཅིག་ཏུ་བསྡུ་བ་དང་། བསམ་བློ་གཅིག་ལ་གཅིག་རྟེན་བྱེད་པར་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་བསྒྲིལ་ཏེ་དྲང་སྲུང་གསར་གཏོད་བྱ་དགོས་ལ། ནང་དོན་ཁྲིད་ཕྱོགས་དམ་པོར་འཛིན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཆུ་ཚད་མཐོ་བའི་དྲིལ་སྒྲོག་སྟེགས་བུ་བསྐྲུན་པ། “ཤུགས་བཞི”ཡི་སློབ་གསོའི་ལག་ལེན་དང“ཆེད་དམིགས་འགུལ་སྐྱོད་བཞི”འཛིན་ལུང་བྱས་ཏེ། ལས་དོན་རྒྱུན་ཆད་མེད་པར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འཇོན་མིའི་རྨང་གཞི་བཏིངས་ཏེ། བློ་བརྟན་འགྱུར་མེད་སྒོས་ཏང་གི་སྲིད་ཇུས་དང་འདོད་བློའི་བརྒྱུད་སྒྲོག་པ་དང་། དུས་རབས་འཕེལ་འགྱུར་གྱི་ཟིན་འགོད་པ། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ། འདྲ་མཉམ་དྲང་བདེན་གྱི་སོ་སྲུང་པ་བཅས་བྱས་ནས། བོད་འབྲེལ་གསར་འགྱུར་གླེང་ཕྱོགས་བྱ་བའི་རྣམ་པ་གསར་པ་ཧུར་ཐག་སྒོས་བསྐྲུན་དགོས་ལ། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས།


           ཚོགས་ཐོག་ཏུ། ཚོགས་ཞུགས་མགོ་ཁྲིད་ཀྱིས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བྱ་བ་བསྒྲུབས་ནས་ལོ་ངོ30འགོར་བའི་བློ་མཐུན་རྣམས་ལ་དཔང་ཡིག་གནང་བ་དང་། གསར་འགོད་པ་དང་རྩོམ་སྒྲིག་པའི་འཐུས་ཚབ་པ་དང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་པ་རྒན་པའི་འཐུས་ཚབ་པ། བློ་དཀར་ཉན་མཁན་གྱི་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད།