ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སས་མུ་མཐུད་ཉིན3ནར་འགྱངས་ཀྱི་སྤྱི་བསྒྲགས་སྤེལ་འདུག

སྤེལ་དུས 2022-08-18 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།
  【2022】ཡིག་ཨང་22པ།
  མིག་སྔར། ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་ཆེས་འགག་རྩའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེན་པོས་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་དང་དབྱེ་བཤེར་གང་ལེགས་བྱས་ཏེ། མྱུར་ཚད་མགྱོགས་ཤོས་དང་། དུས་ཚོད་ཐུང་ཤོས། རིན་དོད་ཆུང་ཤོས་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས། ཟླ་8ཚེས་18ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་བར་གནས་སྐབས་སྤྱི་ཚོགས་ངོས་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་དེ་ཟླ་8ཚེས་21ཉིན་གྱི་ཐོ་རེངས་ཆུ་ཚོད་3བར་སླར་ཡང་ཉིན་གསུམ་ནར་འགྱངས་བྱ་རྒྱུ་དང་འབྲེལ། ལྷ་སའི་གྲོང་ཁུལ་གཙོ་བོར་སྡེ་ཁུལ་དྲ་མིག་རྨང་གཞིའི་ཚན་པར་བྱས་ནས་མགྱོགས་ལ་གནད་སྨིན་གྱིས་མི་སྣ་ཡོངས་ལ“ཉིན་གསུམ་ལ་ཐེངས་གསུམ”གྱི་ཉིང་སྐྱུར་བརྟག་དཔྱད་དང་དབྱེ་བཤེར་བྱེད་རྒྱུའི་གཏན་འབེབས་བྱས་པས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་གྲོང་ཁྱེར་གྱི་བདག་པོའི་སྙིང་སྟོབས་དར་སྤེལ་བཏང་སྟེ། རང་འགུལ་ངང་རིམས་འགོག་གི་གཏན་འབེབས་ཁག་ལ་སྔར་བས་བརྩི་སྲུང་ནན་པོ་དང་། རང་འགུལ་ངང་སྤྱི་དམངས་ཀྱི་འོས་འགན་སྔར་བས་ཧུར་ཐག་བསྒྲུབས་ནས། དམིགས་བསལ་དང་ཁ་ཚ་དགོས་གཏུགས་ཀྱི་དོན་དག་མེད་ཚེ། ཕྱིར་གཏན་ནས་མི་སྐྱོད་པ་དང་། ཕན་ཚུན་འགྲོ་རེས་མི་བྱེད་པ། འདུ་འཛོམས་མི་བྱེད་པ་བཅས་བྱས་ཏེ། “མི་ཚང་མ་ཁྱིམ་དུ་བསྡད་ནས་ཕྱིར་མི་དོན”པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་རམ་འདེགས་གང་ལེགས་བྱེད་དགོས། དེའི་རིང་རང་འགུལ་ངང་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ནང་ཞུགས་དགོས་པ་དང་། དེ་ཡང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐག་ཉེ་ས་དང་སྟབས་བདེ་སའི་ཉིང་སྐྱུར་དཔེ་ལེན་ས་ཚིགས་སུ་བསྐྱོད་དེ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་དང་། སྡེ་ཁུལ་དྲ་མིག་ལས་མི་བརྒལ་བ་དང་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་བླངས་ཚར་རྗེས་འཕྲལ་མར་སྡོད་གནས་སུ་ལོག་དགོས། འཚོ་བའི་མཁོ་ཆས་ཀྱི་དགོས་མཁོ་ཡོད་ཚེ་དུས་ཐོག་ཏུ་སྡེ་ཁུལ་ལ་ཐག་གཅོད་ཀྱི་རེ་ཞུ་བྱེད་དགོས། སླར་ཡང་རྒྱ་ཆེའི་གྲོང་མི་རྣམས་ཀྱིས་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པར་ཐུགས་སུན་བཟོས་སོང་བས་དགོངས་བཞེས་ཡོད་པ་ཞུ།
  ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
2022ལོའི་ཟླ་8ཚེས་17ཉིན།