ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྒྲོམ་ཚང་སྨན་ཁང་འདིར་གཙོ་བོ་བོད་ལུཊ་གསོ་རིག་གིས་ནད་བཅོས་རྒྱུ།

སྤེལ་དུས 2022-08-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཟླ་8པའི་ཚེས་20ཉིན་གྱི་དགོང་མོའི་ཆུ་ཚོད་11:50ལ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྣེ་ཁྲིད་པ་དང་། རང་སྐྱོང་ལྗོངས་ཁྲེན་ཏུར་བཅའ་སྡོད་དོན་གཅོད་ཁྲུའུ་སྨན་ཁང་དང་མཉམ་དུ་དོ་དམ་བྱེད་པའི་ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་གཉིས་པ་དེས་དངོས་སུ་ནད་པ་བསྡུ་ལེན་བྱས་པ་རེད། སྒྲོམ་ཚང་སྨན་ཁང་དེར་མང་ཤོས་ལ་ནད་ཁྲི་1500རྒྱག་ཐུབ་པ་དང་། ནད་ཁུལ་8ལ་དབྱེ་ཡོད་པ། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྨན་དོན་སྐྱོབ་བཅོས་ཀྱི་ལས་འགན་གཙོ་བོ་འཁུར་རྒྱུ་དང་། རང་སྐྱོང་ལྗོངས་ཁྲེན་ཏུར་བཅའ་སྡོད་དོན་གཅོད་ཁྲུའུ་སྨན་ཁང་གིས་སྨན་ཁང་ནང་གི་འགོས་ཁྱབ་འགོག་བཅོས་དང་དོ་དམ་གྱི་འགན་འཁུར་རྒྱུ། བོད་ལུགས་གསོ་རིག་གིས་བཅོས་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཕྱོགས་བསྡུས་ཐོག་བོད་ལུགས་གསོ་རིག་གི་ཕྱི་བཅོས་བྱ་ཐབས་སྤྱོད་རྒྱུ་ཡིན་པ། དེའི་ནང་ད་དུང་བོད་སྨན་གྱི་སྨན་མཛོད་ཡོད་པ་དང་། དེ་དག་གིས་ཚད་གཞི་ངེས་ཅན་གྱི་ཐོག་ནས་རང་སོའི་འདོད་མོས་ལྟར་སྨན་བེད་སྤྱོད་བྱེད་པའི་དགོས་མཁོ་སྐོང་ཐུབ་རྒྱུ་དང་། མིར་བསྟུན་སྨན་སྦྱོར་དང་རྩོད་སྒྲུབ་སྨན་བཅོས་ཐུབ་རྒྱུ་ཡིན་པ་རེད།

     ཉིན་དེའི་དགོང་མོ་སྒྲོམ་ཚང་སྨན་ཁང་དེས་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་དང་ནད་རྟགས་ཡང་བའི་མི་117ཉར་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་རང་སྐྱོང་ལྗོངས་ཁྲེན་ཏུར་བཅའ་སྡོད་དོན་གཅོད་ཁྲུའུ་སྨན་ཁང་གིས་ཁག་ས་སོར་སྨན་དོན་མི་སྣ་དང་སྲིད་འཛིན་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་པ་65དང་87སྒྲོམ་ཚང་སྨན་ཁང་དེར་བཅའ་སྡོད་བྱེད་དུ་བཅུག་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོན།