ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཆི་མེད་དབང་མོར་བྱ་དགའ་ཆེན་པོ་འདི་ཐོབ་འདུག

སྤེལ་དུས 2022-11-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་32པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་། སྐབས་17པའི་ཧྥན་ཁྲང་ཅང་ཙོའུ་ཐའོ་ཧྥེན་བྱ་དགའ་དཔྱད་འདེམས་བྱས་འབྲས་དེ་སྤྱི་ཟླ་11ཚེས་8ཉིན་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ནས་ཡོང་བའི་བརྩམས་ཆོས་376ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས་3ནང་དམིགས་བསལ་བྱ་དགའ་3དང་། བྱ་དགའ་རིམ་པ་དང་པོ་72 བྱ་དགའ་རིམ་པ་གཉིས་པ་116 བྱ་དགའ་རིམ་པ་གསུམ་པ་185བཅས་ཡོད་ཅིང་།  དེ་དང་ཆབས་ཅིག་ད་དུང་ཧྥན་ཁྲང་ཅང་ཙོའུ་ཐའོ་ཧྥེན་བྱ་དགའ་དང་། ཁྲང་ཅང་དང་ཐའོ་ཧྥུན་བྱ་དགར་གཏོགས་པའི་བྱ་དགའ་ཐོབ་མཁན་10བདམས་ཡོད། 

     ཁམས་སྐད་བརྙན་འཕྲིན་ལས་ཁུངས་ཀྱི་འཆི་མེད་དབང་མོར་ཧྥན་ཁྲང་ཅང་ཙོའུ་ཐའོ་ཧྥེན་བྱ་དགའ་ཐོབ་ཡོད། ཁྲང་ཅང་ཐའོ་ཧྥེན་བྱ་དགའ་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱུན་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གསར་འགྱུར་ལས་དོན་པའི་བྱ་དགའ་ཆེ་ཤོས་དེ་ཡིན་ཞིང་། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་སྒྲིག་འཛུགས་དང་དཔྱད་འདེམས་བྱེད་བཞིན་ཡོད་པ་དང་། གསར་འགྱུར་སྨྱན་སྦྱོར་ལས་རིགས་ཀྱི་ལས་ཞུགས་མི་སྣར་སྤྲོད་པའི་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་ཆེ་ཤོས་དེ་ཡིན། 

     འཆི་མེད་དབང་མོ་ནི་ད་ལྟ་ཁམས་སྐད་བརྙན་འཕྲིན་ལས་ཁུངས་ཀྱི་ཏང་ཨུད་ཀྱི་ཨུ་ཡོན་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ། ཀྲུའུ་རེན་སྙན་སྒྲོན་པ་བཅས་ཡིན་ཞིང་། ཁོང་མོས་ཐོག་མཐའ་བར་གསུམ་དུ་“མི་དམངས་ལྟེ་བར་འཛིན་པ” དེ་ལས་ཀའི་ཁ་ཕྱོགས་སུ་བཟུང་ནས། “ནུས་ཤུགས་བཞི”རང་རྟོགས་ངང་ལག་ལེན་བསྟར་ཏེ། ཆ་སྙོམས་ལོ་རེར་ཉིན་100ལྷག་ཙམ་རིང་གཞི་རིམ་དང་ས་མཐོར་བསྐྱོད་ཡོད། ཁོང་མོས་སྣེ་ཁྲིད་པའི་ཚོགས་པས་གསར་རྩོམ་བྱས་པའི་ལེ་ཚན་མང་པོ་གསོན་ཉམས་ལྡན་ལ་བརྗོད་དོན་མངོན་གསལ་དོད་པས་རྒྱ་ཆེའི་མང་ཚོགས་དང་ལས་རིགས་ཀྱི་གདེང་འཇོག་ཡག་པོ་ཐོབ། ལོ་20ལྷག་ཙམ་རིང་། ཁོང་མོས་གཙོ་བོར་བརྩམས་པའི་བརྩམས་ཆོས་བརྒྱ་ཙམ་ལ་བྱ་དགའ་སྣ་ཚོགས་ཐོབ་ཡོད།  
རྩོམ་སྒྲིག་པ། བདེ་སྒྲོན།