ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་མཁའ་འགྲུལ་འཕྲལ་སྡོམ་མྱུར་སྐྱོབ་ཡན་ལག་རུ་ཁག་ཐོག་མ་བཙུཌ་པ།

སྤེལ་དུས 2022-11-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་རོགས་སྐྱོབ་ཡན་ལག་རུ་ཁག་གིས་ནང་སྦྱོང་ཁྲོད་ཉེན་གྱར་མི་སྣ་གནས་སྤོ་བྱེད་བཞིན་པ།
འདི་ནི་རོགས་སྐྱོབ་ཡན་ལག་རུ་ཁག་གིས་ནང་སྦྱོང་ཁྲོད་རོགས་སྐྱོབ་དམག་མི་གཏོང་བཞིན་པ།
          ཟླ་11ཚེས་12ཉིན་ལྗོངས་ཡོངས་ཀྱི་མཁའ་འགྲུལ་འཕྲལ་སྡོམ་རོགས་སྐྱོབ་ཡན་ལག་རུ་ཁག་དང་པོ་ཉིང་ཁྲིར་བཙུགས་པ་དང་དཔུང་ཁག་དེས་རང་བྱུང་གནོད་འཚེ་སྣ་ཚོགས་དང་དེ་བཞིན་འགྲིམ་འགྲུལ་དང་། འདུ་འགོད། ཉེན་ཡོད་རྫས་འགྱུར་སོགས་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ལ་དམིགས་ནས་ཉེན་སེལ་རོགས་སྐྱོབ་བྱ་རྒྱུ་ཡིན་པ་རེད། ཉིན་དེར་དཔུང་ཁག་དེས་ནགས་ཚལ་མེ་གསོད་དང་། རོགས་སྐྱོབ་དམག་མི་གཏོང་བ། ཉེན་གྱར་མི་སྣ་གནས་སྤོ། མཁའ་དབྱིངས་ལྟ་ཞིབ་སྐོར་གཡེང་སོགས་ཀྱི་ནང་དོན་ལ་དམིགས་ཏེ་མཉམ་སྡེབ་སྦྱོང་བརྡར་བྱས་ནས་ཐོལ་བྱུང་གི་གནོད་འཚེ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།