ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ།

སྤེལ་དུས 2023-01-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

སྒྲ་སྙན་བཟོ་བའི་ལག་ཤེས་རྒྱུན་འཛིན་བྱེད་མཁན་མི་རབས་དྲུག་པ་བསོད་ནམས་ཚེ་རིང(དཀྱིལ)གིས་རང་གི་བུ་དང་དགེ་ཕྲུག་ལ་སྒྲ་སྙན་བཟོ་རྩལ་སློབ་བཞིན་པ།
             ཉེ་བའི་ལོ་ཤས་རིང་། རིན་སྤུངས་རྫོང་གིས་ཐོག་མཐའ་བར་གསུམ་དུ་ས་གནས་དེ་གའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་གཏོང་བར་གཞོལ་ཞིང་། ལག་ཤེས་པ་ཁག་གཅིག་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་དང་། རྒྱུན་འཛིན། གསར་གཏོད་བཅས་ཀྱི་བྱ་གཞག་ལ་ཞུགས་པ་དང་བསྟུན་ནས། ད་ཆ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་ལས་རིན་སྤུངས་རྫོང་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གཙོ་བོར་གྱུར་པ་མ་ཟད། ས་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།