ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀོང་ཏུང་གི་ཉམས་མྱོང་ཉིང་ཁྲིར་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པ།

སྤེལ་དུས 2024-09-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             “སློབ་གསོའི་བོད་སྐྱོར་ནི་མཐོ་སྡོད་གཤམ་གནོན་གྱི་ཕྱོགས་རྐྱང་པའི་སློབ་ཁྲིད་ཅིག་མིན་པར། མི་སྤྱད་དེ་མིར་འགྱུར་བ་གཏོང་བ་དང་། མི་སྤྱད་དེ་མིར་སྐུལ་མ་གཏོང་བ། མི་སྤྱད་དེ་མི་རྨོངས་གཉིད་ལས་སད་པ་བཅས་ཡིན”ཞེས་ཀོང་ཏུང་མེ་རྫོང་ཏུང་ཧྲན་སློབ་འབྲིང་ནས་ཡོང་བའི་རྒྱ་ཡིག་དགེ་རྒན་ཡའོ་ཡུང་ཝུན་གྱིས་ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོའི(ཉིང་ཁྲི་སློབ་འབྲིང་དང་པོ་ཞེས་བསྡུ་རྒྱུ)སྔོ་ལྗང་གོས་བཟང་བཀླུབས་པའི་སློབ་གྲྭར་བསྐྱོད་དེ་ཁོང་གི་བོད་སྐྱོར་སློབ་གསོའི་ཕུགས་འདུན་དག་གསར་འགོད་པར་ལྷུག་གླེང་བྱས་པ།
             “ལོ་ལྔ་བཅུར་སླེབས་སྐབས་ལས་ཀྱིས་དཀའ་སྡུག་ཤེས”ཞེས་པའི་དཔེ་ལྟར། ཡའོ་ཡུང་ཝུན་གྱིས་མི་ཚེ་ཕྱེད་ཀ་ཙམ་སློབ་ཁྲིད་འཆད་སྟེགས་ཐོག་སློབ་ཁྲིད་ཀྱི་ལས་ལ་གཞོལ་ཞིང་། ཀོང་ཏུང་དུ་སྡོད་རིང་ཁོང་ནི་སློབ་ཁུལ་གྱི་སློབ་སྤྱི་དང་། ཞིང་ཆེན་གྱི་དམིགས་བསལ་དགེ་རྒན། མཐོ་རིམ་གྱི་གོ་མིང་བཅས་ཡོད་མོད། འོན་ཀྱང2022ལོར་ཁོང་བློ་ཐག་ཆོད་པོས་བོད་ལྗོངས་སུ་བསྐྱོད་དེ་ཉིང་ཁྲི་སློབ་འབྲིང་དང་པོའི་རྒྱ་ཡིག་དགེ་རྒན་དཀྱུས་མ་ཞིག་ཏུ་གྱུར་ཡོད།
             ཡའོ་ཡུང་ཝུན་གྱིས“ཉིང་ཁྲི་སློབ་འབྲིང་དང་པོ་དེ་ང་བོད་ལྗོངས་སུ་མ་བསྐྱོད་གོང་གི་བསམ་ཚོད་དང་གཏན་ནས་འདྲ་གི་མིན་འདུག”ཅེས་བཤད་པ་དང་། ཁོང་གིས“དེ་གར་སློབ་གྲྭའི་ཁོར་ཡུག་ལེགས་པ་དང་། མཁྲེགས་ཆས་སྒྲིག་ཆས་ཆ་ཚང་བ། དགེ་རྒན་གྱི་སློབ་རྒྱུས་མཐོ་བ”བཅས་ཡོད་པ་དེ་སྔོན་ཆད་ཀྱི“ཐག་རིང་ལུང་ཁུག་དང་རྗེས་ལུས”ཡིན་པའི་བག་ཆགས་དང་གཏན་ནས་འདྲ་གི་མིན་འདུག ལོ་ངོ30ཡི་རིང་ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་རྨང་གཞིའི་སློབ་གསོ་འཛུགས་སྐྲུན་ཐད་མ་དངུལ་ཤུགས་ཆེན་བཏང་སྟེ་ཉིང་ཁྲི་སློབ་འབྲིང་དང་པོར“ཁྱིམ་ནོར”མང་པོ་བསགས་ཡོད། ད་ཆ་ཉིང་ཁྲི་སློབ་འབྲིང་དང་པོར་ས་བཟུང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི15.02ཟིན་པ་དང་། སློབ་གྲྭར་སློབ་མ2000ལྷག་ཙམ་ཡོད་ལ། དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་དང་། དཔེ་མཛོད་ཁང་། ཚོད་ལྟའི་ཐོག་ཁང་། ལུས་རྩལ་ཁང་། ཚད་ལྡན་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ར་བཅས་ཡོད།
             འགོ་འཛུགས་ས་མཐོ་བའི་ལས་སྟེགས་འདི་ལྟ་བུའི་ཐོག་སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་གིས“རོགས་སྐྱོར”ཇི་ལྟར་བྱས་ཡོད་དམ། ཡའོ་ཡུང་ཝུན་གྱིས། དེ་ནི་འགྲན་སློང་ཞིག་ཡིན་ཞིང“ང་ཚོའི་ཕྲག་ཐོག་ཏུ་ལས་འགན་ཆེན་པོ་གཉིས་ཡོད་པ་སྟེ། གཅིག་ནི་ས་གནས་དེ་གའི་དགེ་སློབ་དང་སྤེལ་རེས་མཉམ་འདྲེས་བྱ་རྒྱུ་དང་། གཉིས་ནི་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་བྱེད་སྟངས་ཐད་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་དེ་རེད”ཅེས་དྲང་པོར་བཤད།
ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོའི་རྒྱ་ཡིག་དགེ་རྒན་ཡའོ་ཡུང་ཝུན།
             “སློབ་མའི་མི་ཚེའི་ཁྲོད་ཀྱི‘དྲིན་ཅན’ཞིག་བྱེད་དགོས”
             བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སློབ་འབྲིང་ཞིག་ཡིན་པའི་ཉིང་ཁྲི་སློབ་འབྲིང་དང་པོས་བོད་ལྗོངས་ཡོངས་སུ་ཕྱོགས་ནས་སློབ་མ་བསྡུ་གི་ཡོད་ཅིང་། “ཉིང་ཁྲི་སློབ་འབྲིང་དང་པོས་སློབ་མ་གསར་པར་བསུ་བ་ཞུ་སྐབས་ཁུག་མ་ཆེ་ཆུང་སྣ་ཚོགས་འཁྱེར་བའི་སློབ་མ་ཞིག་འདུག ཁོ་མོའི་ཁྱིམ་རྫ་ཡུལ་རྫོང་གཤམ་གྱི་གྲོང་ཚོའི་ནང་ཡོད་པས། ཐོ་རེངས་ཆུ་ཚོད་བཞི་པར་ནང་མི་ཚོས་སྦག་སྦག་བཞོན་ནས་གྲོང་རྡལ་དུ་བསྐྱལ་དགོས་པ་དང་། དུས་གཏན་རླངས་འཁོར་ཐེངས་ཁ་ཤས་བརྒྱུད་གྲོང་རྡལ་ནས་རྫོང་དུ་འབྱོར་རྗེས་གྲོང་ཁྱེར་དུ་བསྐྱོད་དེ་དགོང་མོའི་ཆུ་ཚོད་དགུ་པར་གཞི་ནས་སློབ་གྲྭར་འབྱོར་གྱི་ཡོད་པས་ལམ་བར་ཁོ་ནར་ཆུ་ཚོད10ཙམ་འགོར་གྱི་ཡོད”ཅེས་ཡའོ་ཡུང་ཝུན་གྱིས་ས་གནས་དེ་གའི་སློབ་མ་ཚོས་སློབ་སྦྱོང་ཐད་སྐོམ་པ་ཆུ་འདོད་ལྟར་ཡོད་པ་དཔེ་བཞག་ནས་གླེང་སྐབས་དངོས་འབྲེལ་གུས་བཀུར་ཆེན་པོ་བྱེད་འོས་པ་ཞིག་ཡོད།
             ཡའོ་ཡུང་ཝུན་གྱིས“འདི་གའི་སློབ་མ་ཚང་མའི་ལུས་ཐོག་ཏུ་སྙིང་རུས་ཆེན་པོས་འཚར་ལོངས་ཡོང་རྒྱུའི་སྟོབས་ཤུགས་ཤིག་འདུག ནང་སའི་མི་མང་ཆེ་བའི་གནས་ཚུལ་དང་མི་འདྲ་བར་མཐོ་རིམ་སློབ་འབྲིང་དང་སློབ་ཆེན་འགྲིམ་རྒྱུ་ནི་ས་གནས་དེ་གའི་མི་མང་པོའི་ལུགས་མཐུན་རིམ་ལྡན་གྱི་མི་ཚེའི་ཐབས་ལམ་ཞིག་མིན་པར་ཁོང་ཚོས་རྟག་ཏུ་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་ཕྲག་ཏུ་འཁུར་དགོས་ཀྱི་ཡོད་པས། སློབ་མ་མང་པོ་ཞིག་ཞིང་བྲེལ་ཆེ་བའི་དུས་ཚིགས་སུ་སླེབས་སྐབས་དགོངས་པ་ཞུས་ནས་ནང་ལ་ཞིང་ལས་བྱེད་རོགས་ལ་ལོག་གི་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
ཡའོ་ཡུང་ཝུན་གྱིས་སློབ་གྲྭར་སློབ་མ་ཚོ་དང་གླེང་མོལ་བྱེད་བཞིན་པ།
             ཡའོ་ཡུང་ཝུན་གྱིས“འདི་གའི་སློབ་མ་མང་པོ་ཞིག་སློབ་ཁང་དུ་སློབ་སྦྱོང་བྱས་ནས་སྡོད་པར་བློ་སྟོབས་ཆེན་པོ་དགོས་ཤིང་། དེ་ཡང་ནང་སེམས་ལ་གཡོ་འགུལ་ཕྲན་བུ་ཐེབས་ཚེ་དོན་དངོས་འཚོ་བའི་ཁྲོད་བློས་གཏོང་བྱེད་པའི་རྒྱུ་མཚན་སྣ་ཚོགས་ཡོད་པས་རེད”ཅེས་བཤད།
             ཉིང་ཁྲི་སློབ་འབྲིང་དང་པོར་གཅེན་གཅུང་གཉིས་ཡོད་ཅིང་། ད་ལོའི་མཐོ་རྒྱུགས་ཁྲོད་ཁོང་གཉིས་ཀ་གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་ལོན་ཡོད་མོད། འོན་ཀྱང་ལོ་གཅིག་གི་གོང་ཕ་མ་གཉིས་ཀྱི་ཁ་ཏ་བསླབ་བྱའི་འོག་སློབ་མཚམས་འཇོག་གྲབས་བྱས་ཡོད། “གཅེན་ཅུང་དེ་གཉིས་ཀྱི་སྤོ་བོ་མིག་ལོང་བར་གྱུར་ནས་རང་མགོ་རང་ཐོན་བྱེད་ཐབས་མེད་པར་གྱུར་ཞིང་། ས་ཞིང་འདེབས་མཁན་མེད་པས་ཕ་མ་གཉིས་ཀྱིས་ཁ་པར་རྒྱག་ཐེངས་གཅིག་གིས་ཐད་ཀར་བུ་རྒན་པ་སློབ་གྲྭ་ནས་ཕྱིར་བུད་དེ་ནང་ལས་བྱེད་རོགས་ལ་ལོག་དགོས་ལུགས་བརྗོད། ཡའོ་ཡུང་ཝུན་གྱིས་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་སྟབས་ལེགས་པ་ཞིག་ལ་སྐབས་དེར་ང་དང་འཕྲད་པས“ངས་སློབ་མ་དེར་རང་ད་ལྟ་སློབ་གཉེར་བྱེད་མཚམས་བཞག་ནས་ནང་ལ་ལོག་ཚེ་གནས་སྐབས་ཀྱི་གནད་དོན་ལས་ཐག་གཅོད་བྱེད་མི་ཐུབ། འོན་ཀྱང་སློབ་སྦྱོང་རྒྱུན་འཁྱོངས་བྱས་ཚེ་ཁྱིམ་ཚང་གི་འབྱུང་འགྱུར་གྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ། གལ་ཏེ་ཁྱེད་ཀྱིས་མོས་མཐུན་ཡོད་ཚེ་ང་ཚོས་མཉམ་དུ་ཐབས་ཤེས་བཙལ་ནས་རྗེས་ཀྱི་ལོ་གཅིག་ལྷག་ཙམ་རིང་གི་དཀའ་ངལ་དག་ཁྱད་བསད་བྱས་ཏེ་མཐོ་རྒྱུགས་བར་རྒྱུན་འཁྱོངས་བྱེད་ཐུབ ”ཞེས་བཤད།
             དུས་དེ་ནས་བཟུང་། ཡའོ་ཡུང་ཝུན་དང་ཀོང་ཏུང་གི་བོད་སྐྱོར་དགེ་རྒན་གཞན་ཞིག་གིས་ཟླ་རེར་གཅེན་གཅུང་གཉིས་ལ་སྒོར500རོགས་སྐྱོར་བྱས་ཤིང་། ཀོང་ཏུང་གི་དགེ་རྒན་གཉིས་ཀྱི་དྲོ་སྐྱིད་ལྡན་པའི་རོགས་རམ་འོག ཁྱིམ་ཚང་དེའི་དཀའ་ངལ་ཐག་གཅོད་ཐུབ་ནས་སློབ་ཆེན་སློབ་མ་གཉིས་ཐོན་ཡོད།
             ཡའོ་ཡུང་ཝུན་གྱིས“ང་ཚོ་དགེ་རྒན་ཚོས་སློབ་མའི་མི་ཚེའི་ཁྲོད་ཀྱི‘དྲིན་ཅན’ཞིག་བྱ་རྒྱུ་བརྩོན་ལེན་བྱེད་དགོས། དགོས་ངེས་སྐབས་ཁོང་ལ་རོགས་རམ་བྱེད་ཐུབ་པ་ནི་དགེ་རྒན་ཞིག་ཡིན་པའི་ངའི་ངོས་ནས་རིན་ཐང་ཧ་ཅང་ཆེ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད།
 
ཡའོ་ཡུང་ཝུན་གྱིས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་པ།
             “ཚེ་གང་སློབ་སྦྱོང་གི་ལག་ལེན་པ་ཞིག་བྱེད་དགོས”
              ཉིང་ཁྲི་སློབ་འབྲིང་དང་པོའི་གྲངས་ཉུང་མི་རིགས་སློབ་མའི་བསྡུར་ཚད90%ལྷག་ཙམ་ཟིན་པ་དང་། སློབ་ཁྲིད་བྱེད་སྟངས་ལ་བོད་ཡིག་འཛིན་གྲྭ་དང་རྒྱ་ཡིག་འཛིན་གྲྭ་གཉིས་སུ་དབྱེ་ཡོད། ཉིང་ཁྲི་སློབ་འབྲིང་དང་པོ་ཞེས་པའི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོའི་ནང་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ཁྲོད་ཡའོ་ཡུང་ཝུན་གྱིས“སྐད་ཡིག”སྦྲེལ་ཐག་ཏུ་བྱས་ནས་རང་འགུལ་ངང་བོད་སྐད་སྦྱོང་བཞིན་ཡོད།
              ཡའོ་ཡུང་ཝུན་གྱིས“བོད་སྐད་སྦྱོང་སྐབས་དངོས་འབྲེལ་དཀའ་ལས་ཁག་པོ་ཡོད་མོད། འོན་ཀྱང་ང་ཧ་ཅང་དགའ་པོ་ཡོད་ལ། སློབ་གྲྭའི་བོད་སྐད་ཤེས་པའི་དགེ་རྒན་དང་སློབ་མ་ཚང་མ་ངའི‘དགེ་རྒན’ཡང་ཡིན། དགེ་རྒན་བྱེད་པར་དང་ཐོག་ཚེ་གང་པོ་ལ་སློབ་སྦྱོང་བྱེད་པའི་ལག་ལེན་པ་ཞིག་བྱེད་དགོས་ཞེས་བཤད། ཁོང་གིས་རང་ཉིད་ལ“བོད་སྐྱོར་བྱེད་རིང་བོད་སྐད་ཡག་པོ་སྦྱོང་རྒྱུའི”དམིགས་ཚད་བཟོས་ནས་སློབ་གྲོགས་ཚོ་དང་སྐུལ་མ་གཏོང་རེས་བྱེད་ཀྱི་ཡོད། ཉིན་ལྟར་ཞོགས་ཚོགས་སྐབས་ཁོང་གིས་རང་ཉིད་ཀྱི་བོད་སྐད་བློར་འཛིན་ལས་འགན་ལེགས་སྒྲུབ་བྱེད་ཀྱི་ཡོད་ལ། སློབ་མ་ཚོས་ཀྱང་རང་འགུལ་ངང་རང་ཉིད་ཀྱི་བློར་འཛིན་ལས་འགན་ཡང་ལེགས་སྒྲུབ་བྱེད་ཀྱི་ཡོད་པས་དགེ་སློབ་དབར“མ་གྲོས་གཅིག་མཐུན”ཞིག་གྲུབ་ཡོད།
              བོད་སྐད་སྦྱོང་འགོ་ཚུགས་མ་ཐག ཁོང་གིས་རྟག་ཏུ་སློབ་མའི་ས་ནས་དྲང་ཕྱོགས་ཀྱི་ཚུར་ལན་འཚོལ་བསྡུ་བྱེད་ཀྱི་ཡོད་པས། རང་ཉིད་ཀྱི་སློབ་སྦྱོང་གི་ངར་ཤུགས་ལས་སློབ་མ་ཚོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དངོས་སུ་ཚོར་བྱུང་ཞེས་བཤད། ད་ཆ་ཡའོ་ཡུང་ཝུན་གྱིས་བོད་སྐད་ཐོག་ནས་རྒྱུན་གཏན་གྱི་སྤེལ་རེས་བྱེད་ཐུབ་ཀྱི་ཡོད་ལ། སྤྱི་སྐད་ཁྱབ་གདལ་ཅུང་ཉུང་བའི་ས་ཁུལ་ཁག་གཅིག་ཏུ་ཁྱིམ་དུ་འཚམས་འདྲི་དང་གྲོང་གསེབ་ཏུ་སློབ་ཁྲིད་ལ་སྐྱོད་སྐབས་བོད་སྐད་བརྒྱབ་ཚེ་ཁོང་དང་ས་གནས་དེ་གའི་བོད་རིགས་སྤུན་ཟླའི་དབར་གྱི་བར་ཐག་ཇེ་ཉེར་ཕྱིན་ནས་ཁོང་གིས་སློབ་ཁྲིད་དང་སློབ་སྦྱོང་གི་གནས་ཚུལ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་ཀྱི་ཡོད།
              ཡའོ་ཡུང་ཝུན་གྱིས“དེ་གར་ཤེས་རྟོགས་གཏིང་ཟབ་བྱས་ཚེ་གཞི་ནས་ཁོང་ཚོས་དང་ལེན་དང་བསམ་ཤེས་བྱེད་པའི་རྣམ་པའི་ཐོག་ནས་སློབ་ཁྲིད་དེ་བས་ལེགས་པ་བྱེད་ཐུབ་ལ། ས་གནས་དེ་གའི་སློབ་གསོའི་གནད་དོན་དེ་བས་ཤེས་རྟོགས་ཐུབ་ནས་སློབ་གསོ་དེ་བས་འཕེལ་རྒྱས་ལེགས་པ་འགྲོ་རྒྱུར་རོགས་རམ་བྱེད་ཐུབ”ཅེས་བཤད།
             སློབ་ཚན་ཚང་མ“ཡོངས་བསྒྲགས་སློབ་ཚན”དུ་འགྱུར་བ།
             བོད་སྐྱོར་དགེ་རྒན་ཡིན་པའི་ཡའོ་ཡུང་ཝུན་གྱིས་ཀོང་ཏུང་གི་ཉམས་མྱོང་འཁྱེར་ནས་ཉིང་ཁྲིར་སྐྱོད་སྐབས་རང་ཉིད་ཀྱི་ཕྲག་ཐོག་ཏུ་དཔེ་སྟོན་སྣེ་ཁྲིད་ཀྱི་ལས་འགན་ལྕི་མོ་འཁུར་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་ཅིང་། དེ་ཡང་ཁོང་གིས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱས་པ་ལྟར། དཔེ་སྟོན་སྣེ་ཁྲིད་ནི་མཐོ་སྡོད་གཤམ་གནོན་གྱི་འདུ་ཤེས་དྲིལ་བསྒྲགས་བྱེད་པ་ཞིག་མིན་པར་དེ་ནི“ཕན་ཚུན་ཤུགས་རྐྱེན་ཐེབས་པའི་བརྒྱུད་རིམ”ཞིག་རེད། དད་སེམས་དེ་འདྲ་རྒྱུན་འཛིན་བྱས་ནས་ཁོང་གིས་སྤྱིར་བཏང་གི་སློབ་ཚན་ནས་འགོ་བཙུགས་ཏེ་སློབ་ཚན་ཚང་མ“ཡོངས་བསྒྲགས་སློབ་ཚན”དུ་བསྒྱུར་ནས་དགེ་རྒན་གཞན་དག་ལྟ་སྦྱོང་ལ་ཡོང་རྒྱུར་དགའ་བསུ་ཞུ་བ་དང་སློབ་ཚན་གྱི་སྤུས་ཚད་ཡག་པོར་བརྟེན་ནས་ཁས་ལེན་ཐོབ་ཐབས་བྱས་པས་ས་གནས་དེ་གའི་དགེ་རྒན་རང་འགུལ་ངང་སློབ་སྦྱོང་བྱ་རྒྱུའི་ཡིད་དབང་བཀུག་ཡོད།
             ད་ཆ་ཡའོ་ཡུང་ཝུན་གྱི་སློབ་ཚན་ལ་ཉིན་ལྟར་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཚོ་ཉན་པར་ཡོང་གི་ཡོད་པ་མ་ཟད། ད་དུང་ཚན་ཁག་གཞན་དག་གི་དགེ་རྒན་མང་པོ་ཞིག་ཀྱང་ཉན་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཁོང་གིས་འཁྱེར་བའི་ཀོང་ཏུང་གི་ཉམས་མྱོང་ས་གནས་དེ་གར་རྩ་བ་ཚུགས་ནས་འབྲས་བུ་སྨིན་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
             “སློབ་གསོ་སྒྱུར་བཅོས་བྱེད་པར་དགེ་རྒན་ཚང་མས་འབད་བརྩོན་བྱེད་དགོས། ངས་རང་ཉིད་ཀྱི་སློབ་ཚན་བརྒྱུད་ས་གནས་དེ་གའི་དགེ་རྒན་ཚོས་སློབ་ཁྲིད་ཀྱི་འདུ་ཤེས་དང་བྱ་ཐབས་མི་འདྲ་བ་ཚོར་ཐུབ་པར་བྱས་ནས་ཁོང་ཚོའི་རང་ངོས་གསར་བཅོས་ཀྱི་བློ་སྟོབས་དང་སྒུལ་ཤུགས་འཕེལ་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཡའོ་ཡུང་ཝུན་གྱིས་བློ་རྩ་བརྟན་པོའི་ངང་བཤད། དེ་དང་ཆབས་ཅིག ཡའོ་ཡུང་ཝུན་གྱིས་རྟག་ཏུ་ས་གནས་དེ་གའི་དགེ་རྒན་ཚོའི་སློབ་ཁྲིད་ལ་བརྟག་ཞིབ་དང་སྤེལ་རེས་གཏིང་ཟབ་དང་། ས་གནས་དེ་གའི་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་ཁྱད་ཆོས་དང་གནད་དོན་ཤེས་རྟོགས་བྱས་ཏེ། རང་ཉིད་ཀྱི་ཉམས་མྱོང་དང་ཤེས་བྱ་དང་ཟུང་འབྲེལ་གྱིས་ས་གནས་དེ་གའི་དགེ་རྒན་ཚོར་དམིགས་སའི་རང་བཞིན་ལྡན་པའི་མཛུབ་ཁྲིད་དང་གྲོས་འགོ་བཏོན་པ་དང་ཆབས་ཅིག ས་གནས་དེ་གའི་དགེ་རྒན་གྱི་སློབ་ཁྲིད་ཁྲོད་ཀྱི་ལེགས་ཆ་དང་དགེ་མཚན་ལ་ཁེངས་སྐྱུང་ངང་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་སློབ་ཁྲིད་བྱེད་ཐབས་དང་འདུ་ཤེས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། 
            ཁོང་གིས“ཁྱེད་ཀྱིས་ངའི་སློབ་ཁྲིད་ལ་ཉན་པ་དང་། ངས་ཁྱེད་ཀྱི་སློབ་ཁྲིད་ལ་ཉན་པ། སོམ་ཉིའི་དྲ་བར་ཚུད་ཚེ་མཉམ་དུ་ཐག་གཅོད་བྱེད་ཐབས་འཚོལ་བ་བཅས་བྱས་ནས་རང་ཉིད་ཀྱི་སློབ་གསོའི་འདུ་ཤེས་རང་ཤུགས་སུ་བརྒྱུད་སྤྲོད་བྱེད་ཀྱི་ཡོད་ལ། བོད་སྐྱོར་གྱི‘དཔེ་སྟོན་སྣེ་ཁྲིད’ཀྱི་ལས་དོན་ཡང་རང་ཤུགས་སུ་སྤེལ་འགོ་ཚུགས་ཡོད”ཅེས་བཤད། ཁོང་གི་ངོས་ནས་བརྗོད་ན་སློབ་གསོའི་འདུ་ཤེས་གསར་བརྗེས་བྱེད་པར་ལས་དོན་མང་པོ་དལ་གྱིས་བསྒྲུབས་ནས་ཤུགས་རྐྱེན་ངམ་གྱིས་ཐེབས་པར་བྱ་རྒྱུ་དེ་རེད་ལ། དེ་ཡང་ཁོང་གིས་བོད་སྐྱོར་བྱེད་རིང་གི་ལས་དོན་སྒྲུབ་སྟངས་དང་འདྲ་བར་རང་ཉིད་ཀྱིས་གཞན་ལ་འོད་སྣང་སྦྱིན་པ་དང་། དཔྱིད་རླུང་ཆར་འགྱུར། སྐད་གྲགས་མེད་པར་བྱས་རྗེས་འཇོག་པ། ནམ་ཡང་ཉམས་པ་མེད་པ་ཞིག་ཡིན།

རྩོམ་སྒྲིག་པ། དཔལ་གཡང་།