ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དུད་སྣེའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་རི་ཡའི་དམག་དཔུང་ཕྱོགས་ཀྱིས། ས་གནས་དེ་གའི་དུས་ཚོད་ཚེས20ཉིན་གྱི་ཆུ་ཚོད13དང་སྐར་མ30ཙམ་ལ་དབྱི་སི་རལ་གྱིས་སི་རི་ཡའི་དབུས་རྒྱུད་གྲོང་ཁྱེར་པར་སྨི་ལའི་སྐྲུན་དངོས་ཁ་ཤས་ལ་མཁའ་རྒོལ་བྱས་པས། མི36རྐྱེན་ལམ་དུ་ཤོར་བ་དང་། མི50ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ལ། དམིགས་ཚད་ཀྱི་སྐྲུན་དངོས་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་ཅེས་བརྗོད།
དེ་སྔོན་ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན། སི་རི་ཡའི་རྒྱལ་ཁབ་འཕྲིན་སྤེལ་ཁང(SANA)གིས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་དེའི་དབུས་རྒྱུད་ཀྱི་པར་སྨི་ལ་ས་ཁུལ་དུ་འབར་གས་ཀྱི་སྒྲ་གྲགས་པ་དང་། དེ་རྗེས་སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་དང་དེ་བཞིན་འཕྲིན་སྤེལ་ཁང་ཚང་མས་གནས་ཚུལ་སྤེལ་བའི་ནང་དབྱི་སི་རལ་དམག་དཔུང་ཕྱོགས་ཀྱིས་ས་ཁུལ་དེར་འཇབ་རྒོལ་བྱས་པ་ཞིག་རེད་ཅེས་བརྗོད།
དབྱི་སི་རལ་ཕྱོགས་ཀྱིས་གོང་གསལ་གྱི་ཆ་འཕྲིན་ལ་གནས་སྐབས་ཨ་ལན་གང་ཡང་སློག་མེད།
སི་རི་ཡའི་ཕྱི་འབྲེལ་པུས་དབྱི་སི་རལ་དམག་དཔུང་གིས་སི་རི་ཡར་མཁའ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།
ས་གནས་དེ་གའི་དུས་ཚོད་ཚེས20ཉིན། སི་རི་ཡའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱིས་སི་རི་ཡར་མཁའ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་རེད།
གསལ་བསྒྲགས་ནང་ད་དུང་། དབྱི་སི་རལ་གྱིས་སི་རི་ཡ་དང་། ལེ་པ་ནོན། ཕ་ལེ་སི་ཐན་བཅས་སུ་བསགས་པའི་ནག་ཉེས་དེས་ས་ཁུལ་དེའི་བདེ་འཇགས་དང་བརྟན་ལྷིང་ལ་དངོས་འབྲེལ་འཇིགས་སྐུལ་བཟོས་ཡོད། སི་རི་ཡས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འོས་འགན་བསྒྲུབས་ནས། དབྱི་སི་རལ་གྱིས་ས་ཁུལ་དེར་སྤེལ་བའི་དམར་གསོད་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
དེ་སྔོན་དབྱི་སི་རལ་གྱིས་ཉིན་གཉིས་བསྟུད་མར་སི་རི་ཡའི་རྒྱལ་སའི་མའེ་ཙའེ་ས་ཁུལ་ལ་འཇབ་རྒོལ་བྱས་པ།
སི་རི་ཡའི་ཨ་རབ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས15ཉིན་གནས་ཚུལ་སྤེལ་གསལ། དབྱི་སི་རལ་གྱིས་ཉིན་དེར་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་ནུབ་རྒྱུད་ཀྱི་མའེ་ཙའེ་ས་ཁུལ་དུ་འཇབ་རྒོལ་བྱས་ཤིང་། འདི་ནི་དབྱི་སི་རལ་གྱིས་ས་ཁུལ་དེར་བསྟུད་མར་འཇབ་རྒོལ་བྱས་པའི་ཉིན་གཉིས་པ་ཡིན་པ།
ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུ།
སི་རི་ཡའི་འཕྲིན་སྤེལ་གསར་འགྱུར་ཁང་གིས་ཚེས15ཉིན་འཇབ་རྒོལ་བྱས་ནས་ཤི་རྨས་བྱུང་བ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བཤད་བྱས་མེད། དེ་སྔོན་གྱི་ཉིན་ཞིག་དབྱི་སི་རལ་གྱིས་ཏ་མ་སི་ཁུའི་མའེ་ཙའེ་དང་ཁུའུ་ཏེ་ས་ཡའི་གྲོང་འདབས་ཀྱི་སྡོད་ཁང་ཁ་ཤས་ལ་མཁའ་རྒོལ་བྱས་ཏེ་མི23རྐྱེན་ལམ་དུ་ཤོར་ཡོད།
སྤྱི་ཁྱབ་པུའུ་དབྱིན་ཇིར་བཙུགས་པའི“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས15ཉིན། དབྱི་སི་རལ་གྱི་འཇབ་རྒོལ་དམིགས་ཡུལ་ནི་མའེ་ཙའེ་ས་ཁུལ་གྱི་དམག་དོན་སྡོད་ཁང་ཁུལ་ཞིག་ཡིན་ཞིང་། སི་རི་ཡའི་དམག་དཔུང་ཕྱོགས་དང་བདེ་འཇགས་སྡེ་ཚན་གྱིས་འཇབ་རྒོལ་ཕོག་ཡུལ་བཀག་སྡོམ་བྱས་ཡོད།
སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུ།
རྩ་འཛུགས་དེའི་གཙོ་གཉེར་བ་ལཱ་སྨི·ཨ་པུའུ་ཏུའུ་ལེ·ལཱ་ཧོ་མན་གྱིས། དབྱི་སི་རལ་གྱིས་སི་རི་ཡར་ཕར་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅིང་། དེའི་དམིགས་ཡུལ་ནི་དབྱི་རན་དང་འབྲེལ་བ་ཡོད་པའི་མི་ཚང་མ་རེད། “སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱི་གཞི་གྲངས་ལས་མངོན་པར། ད་ལོ་ནས་བཟུང་དབྱི་སི་རལ་གྱིས་སི་རི་ཡའི་ས་ཁོངས་ནང་གི་དམིགས་ཚད་ལ་འཇབ་རྒོལ་ཐེངས150ལྷག་ཙམ་བྱས་ཡོད།
2011ལོར་སི་རི་ཡའི་ནང་འཁྲུག་ལངས་རྗེས། དབྱི་སི་རལ་དམག་དཔུང་གིས་དབྱི་རན་གྱི་དམག་དོན་སྒྲིག་བཀོད་ལ་རྡུང་རྡེག་བཏང་བར་ཁ་གཡར་ནས། སི་རི་ཡའི་ས་ཁོངས་ཀྱི་དམིགས་ཚད་ལ་མཁའ་རྒོལ་ཐེངས་བརྒྱ་ཕྲག་ཁ་ཤས་བྱས་རུང་མཁའ་རྒོལ་བྱ་སྤྱོད་ཁས་ལེན་ནམ་ཡང་ན་གླེང་མཁན་ཧ་ཅང་ཉུང་ཉུང་རེད། སི་རི་ཡ་དང་དབྱི་རན་སྲིད་གཞུང་ཚང་མས་སི་རི་ཡའི་ས་ཁོངས་སུ་དབྱི་རན་དམག་དཔུང་བཅའ་སྡོད་བྱེད་པ་ཁས་བླངས་མེད། ན་ནིང་གི་ཟླ10པར་རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཐོན་རྗེས། དབྱི་སི་རལ་གྱིས་སི་རི་ཡའི་ས་ཁོངས་ཀྱི་དམིགས་ཚད་ལ་འཇབ་རྒོལ་བྱེད་ཚད་སྔར་བས་མང་དུ་ཕྱིན་ཡོད། དབྱི་རན་གྱིས་སི་རི་ཡ་བརྒྱུད་ལེ་པ་ནོན་ཀྲེན་ཀྲུའུ་ཏང་ལ་མཚོན་ཆ་སྐྱེལ་བར་དབྱི་སི་རལ་ཕྱོགས་ཀྱིས་སྐྱོན་འཛུགས་བྱས་ཡོད།
དབྱི་སི་རལ་དམག་དཔུང་གིས་སི་རི་ཡར་མཁའ་རྒོལ་བྱེད་པའི་ནང་ཅེ་ཧ་ཏེའི་མཐོ་རིམ་དཔོན་རིགས2རྐྱེན་ལམ་དུ་ཤོར་བ།
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས16ཉིན་ཤེས་རྟོགས་བྱུང་བར། ཟླ11པའི་ཚེས14ཉིན། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་མཆོག་འཐབ་རྩ་འཛུགས(ཅེ་ཧ་ཏེ)ཀྱི་མཐོ་རིམ་དཔོན་རིགས2དབྱི་སི་རལ་དམག་དཔུང་གིས་སི་རི་ཡའི་ཏ་མ་སི་ཁུའི་གྲོང་འདབས་སུ་མཁའ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཡོད་ཅིང་། དེའི་ཁྲོད་ཀྱི་མི་གཅིག་ནི་ཨ་པུའུ་ཏུའུ་ལེ·ཨ་ཆི་ཚི·སྨི་ན་ཝེ་ཡིན་ལ། དེ་ནི་ཅེ་ཧ་ཏེའི་ཆབ་སྲིད་ཅུས་ཀྱི་ཁོངས་མི་རེད། གཞན་པ་དེ་ལཱ་སི་མེ·ཨ་པུ·ཡེ་སཱ་ཡིན་ལ། དེ་ནི་ཅེ་ཧ་ཏིའི་ཕྱི་ཕྱོགས་འབྲེལ་བའི་གཙོ་བདག་རེད།
ཚེས14ཉིན། དབྱི་སི་རལ་དམག་དཔུང་གིས་ཏ་མ་སི་ཁུར་གནས་པའི་རྩ་འཛུགས་དེའི་གཞུང་དོན་ཁང་དང་ལས་ཤག་ལ་མཁའ་རྒོལ་བྱས་ཤིང་། འགོ་ཁྲིད་པ2འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ལུགས་ཅེ་ཧ་ཏེས་ར་སྤྲོད་བྱས་པ་རེད།