ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི“སྤུས་ལེགས་དངོས་ཟོག”ནང་འདྲེན་འགྲེམས་ཚོགས་སུ་སྟོན་པ།

སྤེལ་དུས 2025-11-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཟླ་11ཚེས་5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་འགོ་ཚུགས་ཤིང་། ནང་འདྲེན་འགྲེམས་ཚོགས་ཐོག་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རིག་གནས་དང་། སྤུས་རྟགས། སྤེལ་རེས། ཚོང་དོན་སོགས་ཟུར་ཚད་མང་པོར་དམིགས་ནས། མཉམ་འགུལ་འགྲེམས་འཁྲབ་དང་། སྤུས་རྟགས་ཁྱབ་སྤེལ། དངོས་ཟོག་འགྲེམས་ཚོང་སོགས་བྱ་ཐབས་སྣ་ཚོགས་བརྒྱུད། ཁེ་ལས་13དང་འགྲེམས་རྫས་སྟོང་ཕྲག་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། འདི་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་བོད་ལྗོངས་འགྲེམས་ཁང་དུ་སྐུ་མགྲོན་ཚོས་ཚོང་ཟོག་འདེམས་ཉོ་བྱེད་བཞིན་པ།