ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཀུ་ཤུའི་གློག་ཀླད་དུ༼ ཧི ༽ ་ཡིག་གཏག་ཐབས་ལེགས་བཅོས་བཏང་བ།

སྤེལ་དུས 2018-12-12 ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཀུ་ཤུའི་གློག་ཀླད་ཁྲོད་དུ་སོར་བཞག་གི་གནས་ཚུལ་འོག་ཏུ་བོད་ཡིག་གི་གཏག་ཐབས་སྣ་ཁ་གསུམ་འདུས་ཡོད་པ་དང་། དེ་གསུམ་གྱིས་བོད་ཡིག་སྤྱོད་མཁན་གྱི་འདོད་བློ་ཚིམས་ཀྱི་མེད་སྟབས་ཧི་མ་ལ་ཡའི་མཐེབ་གཞོང་ཡིན་པའི་གཏག་ཐབས་རིགས་ཤིག་བཟོས་ཡོད་པ་རེད།
          ཀུ་ཤུའི་གློག་ཀླད་ཁྲོད་དུ་བེད་སྤྱོད་བྱེད་པའི་ཧི་མ་ལ་ཡའི་མཐེབ་གཞོང་གི་གཏག་ཐབས་ཐོན་རིམ་དང་པོ་དེར་ཀུན་གྱིས་དགའ་བསུ་ཐོབ་པ་དང་ལྷན་དུ་གནད་དོན་ཁ་ཤས་ལྷག་ཡོད་པ་ནི་དཔེར་ན་ཡིག་རྐྱང་མཁོ་ཕབ་དང་སྦྱོར་བའི་སྐབས་སུ་གཏག་ཐབས་གཞན་ལ་བརྗེ་སྒྱུར་བྱེད་དགོས་པའི་དཀའ་ངལ་འཕྲད་པ་ལྟ་བུ། དེར་བརྟེན་ཧི་མ་ལ་ཡའི་མཐེབ་གཞོང་གི་གཏག་ཐབས་ཐོན་རིམ་གཉིས་པ་དེ་ཐོན་ཡོད་པ་རེད།
          ཐོན་རིམ་གཉིས་པ་འདིའི་ནང་དུ་གནད་དོན་དེ་དག་སེལ་ཡོད་པ་མ་ཟད། མཉེན་ཆས་ཧྲིལ་བོ་དེ་ dmg ཁུག་སྒྲིལ་རྣམ་པར་བཅོས་ཏེ་སྒྲིག་འཇུག་བྱེད་སྟངས་ལའང་འགྱུར་བ་བཏང་ཡོད། མཉེན་ཆས་ཧྲིལ་པོ་ཡིག་ཆ་གསུམ་གྱིས་གྲུབ་པ་དང་། རྟགས་རིས་ཡིག་ཆ་དང་། མཐེབ་གཞོང་ཡིག་ཆ། དེ་མིན་མཐེབ་གཞོང་གི་བཀོད་པ PDF ཡིག་ཆའི་རྣམ་པས་མཁོ་སྤྲོད་བྱས་ཡོད་པ་རེད།
          མཉེན་ཆས་སྒྲིག་འཇུག་བྱེད་ཐབས།
          ཡིག་ཆ Himalaya.icns དང Himalaya.keylayout གཉིས་ཡིག་སྣོད Drag here to install ནང་ལ་དྲུད་ནས་སྒྲིག་འཇུག་བྱེད་དགོས།
          དམར་ཐིག་བརྒྱབ་པ་དེ་མནན་ནས་སྒྲིག་འཇུག་བྱོས།
          དེ་ནས་རང་གི་གློག་ཀླད་ཀྱི་གསང་ཨང་ནང་འཇུག་བྱས་ཏེ་མུ་མཐུད་དུ་སྒྲིག་འཇུག་བྱེད་དགོས།
          གཏག་ཐབས་ཁ་སྣོན་བྱེད་སྟངས།
          གཏག་ཐབས་ལ་བསྣུན་ནས་དམར་ཐིག་བརྒྱབ་པ་དེ་མནན་དགོས།
          སྣོན་རྟགས་ལ་བསྣུན་དགོས།
          གོ་རིམ་ལྟར་དམར་ཐིག་བརྒྱབ་པ་དེ་མནན་དགོས།
          གློག་ཀླད་ཁྲོད་ཀྱི་ཧི་ཡིག་གཏག་ཐབས་རྙིང་པ་སུབ་མེད་྇྇ཚེ་དེ་འདྲ་གཉིས་འཆར་པ་དང་། སྤྱིར་བཏང་གཏག་ཐབས་གཉིས་པ་དེ་འདེམས་དགོས་ཀྱི་ཡོད་པ་རེད།
          མཉམ་འཇོག་བྱེད་དགོས་ས།
          1.ཐོན་རིམ་གཉིས་པ་འདི་སྒྲིག་འཇུག་བྱེད་དགོས་ན་སྔོན་ཆད་ཀྱི་ཁྱེད་རང་གི་གློག་ཀླད་ནང་གི་ཧི་ཡིག་གཏག་ཐབས་དེ་སུབ་དགོས།
          2.ཐོན་རིམ་གཉིས་པ་འདི་ནི་ཀུ་ཤུའི་མ་ལག་གསར་ཤོས་ནང་ལ་མ་གཏོགས་ཚོད་ལྟ་བྱས་མེད་པས། གལ་ཏེ་ཁྱེད་རང་གིས་སྤྱོད་བཞིན་པའི་མ་ལག་ནང་ལ་སྒྲིག་འཇུག་བྱེད་མི་ཐུབ་ཚེ། སྔར་བཞིན་ཐོན་རིམ་དང་པོ་དེ་བཀོལ་སྤྱོད་གནང་རོགས།