གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

འཕན་པོ་རྒྱལ་ལུགས་ལྷས་ཀྱི་ལྷ་ཁང་རྒྱལ་ལྷ་ཁང་།

སྤེལ་དུས 2018-06-12 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             འཕན་པོ་རྒྱལ་ལུགས་ལྷས་ཀྱི་ལྷ་ཁང་ཞེས་པ་དེའི་བསྡུས་མིང་ལ་རྒྱལ་ལྷ་ཁང་ཞེས་འབོད་ཅིང་།  གྲོང་ཁྱེར་ལྷ་སའི་ལྷུན་གྲུབ་རྫོང་གི་རྭ་སྒྲེང་དགོན་པའི་ཉེ་འདབས་སུ་ཡོད།
             འཕན་པོ་རྒྱལ་ལྷ་ཁང་ནི་བོད་ཀྱི་བསྟན་པ་ཕྱི་དར་སྐབས་བཞེངས་པའི་གནས་གཞི་ཆེ་གྲས་བཞིའི་ནང་གསེས་ཤིག་ཡིན་པ་དང་།  ལྷ་ཁང་དེ་ནི་བརྟན་པའི་མེ་རོ་སྨད་ནས་གསོ་མཁན་གྱི་གཙོ་གྲས་ཀླུ་མེས་ཀྱི་སློབ་མ་གྲགས་ཅན་བཞིའི་ཡ་གྱལ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བོད་ཀྱི་རབ་བྱུང་མ་ཚུགས་གོང་དྲུག་ཅུ་སྐོར་དེའི་ཆུ་བྱི སྤྱི་ལོ(1012) ལོར་ཕྱག་བཏབ།  ཁོང་ནི་ཡབ་སྣ་ནམ་ཇོ་སྲས་དང་ཡུམ་ཞང་ལྕམ་སྒྲོལ་མའི་སྲས་སུ།  བོད་རབ་བྱུང་གོང་གི་ལོ་སྐོར་སྔ་མའི་མེ་ཕོ་བྱི་བ ( སྤྱི་ལོ་ 975) ལོར་འཁྲུངས།  ལྕགས་བྱི (སྤྱི་ལོ་ 1060) ལོར་རྒྱལ་ལྷ་ཁང་དུ་གཤེགས།  ཁོང་དགུང་ལོ་གསུམ་བཞེས་པའི་ས་སྟག (སྤྱི་ལོ་ 978) ལོར་འདུལ་བའི་བསྟན་པ་མདོ་སྨད་ཁམས་ནས་མེ་རོ་བླངས་དགུང་ལོ་བཅོ་བརྒྱད་བོད་ཆུ་མོ་སྦྲུལ (སྤྱི་ལོ་ 993 ལོར་ར་བ་ཟླུམ་པོ་ཞེས་པའི་གནས་སུ་ཀླུ་མེད་ཀྱི་དྲུང་ནས་རབ་ཏུ་བྱུང་།  དགུང་ལོ་སོ་བདུན་བོད་ཆུ་ཕོ་བྱི་བ (སྤྱི་ལོ་1012) ལོར་འཕན་པོར་རྒྱལ་ལྷ་ཁང་བཏབ་ཅིང་།  དགོན་པ་དེའི་མཁན་རབས་དང་པོ་མཛད།  ལྷ་ཁང་རིམ་བཞིན་རྒྱ་ཆེར་བཏང་བ་དང་།  དགེ་འདུན་མང་དུ་འདུས།  ཁོང་གཤེགས་རྗེས་གདན་ས་སྐྱོང་མཁན་ཡོད་པ་དང་བར་སྟོངས་གཉིས་རེ་མོས་ཐེངས་མང་བྱས།  བོད་རབ་བྱུང་བཞི་པའི་ལྕགས་བྱི (སྤྱི་ལོ་ 1240) ལོར་ཡོན་རྒྱལ་རབས་ཀྱིས་མངགས་པའི་བློན་པོ་དོར་རྟའི་དམག་བོད་དུ་འབྱོར་ནས་རྒྱལ་ལྷ་ཁང་མེར་བསྲེགས།  སེར་སྐྱ་ལྔ་བརྒྱ་ལྷག་བཀྲོངས།  དེ་རྗེས་ཧོར་དམག་དམག་དཔོན་དོར་རྟས་ཤིན་ཏུ་འགྱོད་ནས།  གསེར་དངུལ་སོགས་རིན་ཆེན་མང་པོ་བཏང་ནས་ལྷ་ཁང་ཉམས་གསོ་བྱས།  ལྷ་ཁང་འདིའི་འགྲམ་དུ་རྡོ་རིང་ཞིག་ཀྱང་ཡོད། དེ་རྗེས་སླར་ཡང་གདན་རབས་ཉི་ཤུ་ཙམ་བསྐྱངས་བའི་མཁས་དབང་མང་དུ་བྱོན།  དེ་ལྟར་སྤྱི་ལོ་1953ལོ་བར་མཁན་བརྒྱུད་གདན་རབས་བར་མི་ཆད་པ་བྱུང་།།