གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

དམེ་རྒྱ་དགོན་ཐོས་བསམ་ནོར་བུ་གླིང་།

སྤེལ་དུས 2018-08-10 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། རྡོར་ཕྲུག་སོགས།

            དམེ་རྒྱ་དགོན་ཐོས་བསམ་ནོར་བུ་གླིང་ཞེས་པའི་རྒྱུད་གྲྭ་ནི། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་རྫོང་སྒྱིས་ཚང་ཡུལ་ཚོའི་ཁོངས་ཏེ་ཐང་སར་དགོན་དང་ཉེ་བའི་ལྷོ་ཕྱོགས། སྒྱིས་ཚང་སྤང་རི་དགོན་པའི་ཤར་ཕྱོགས་ཀྱི་ཉེ་ཆར་དང་། བྲག་རི་སོ་སོར་ལྷ་ཞི་ཁྲོ་ཅི་རིགས་གནས་པའི་བྲག་སོག་པོ་སོགས་ས་པྲ་ཤིན་ཏུ་ལེགས་པོས་བསྐོར་བའི་དབུས་སམ་དམེ་རྒྱའི་ཐང་དུ་ཆགས།
            མ་དགོན་སྟག་ཚང་ལྷ་མོའི་གསེར་ཁྲི་དགོན་ལག་དམེ་རྒྱ་ནི་ཐོག་མར་དུས་རབས་བཅོ་བརྒྱད་པའི་སྐབས་སམ་རབ་བྱུང་བཅུ་གཉིས་པའི་མཇུག་ཙམ་དུ། དམེ་རྒྱ་ཚོ་གསུམ་གྱིས་སྦྱིན་བདག་བྱས་ཏེ། སྟག་ཚང་ལྷ་མོའི་རི་ཁྲོད་པ་གྲོ་དཔོན་སློབ་བཟང་བསྟན་པ་མཆོག་གིས་ཕྱག་འདེབས་མཛད། ཁོང་གིས་འཛིན་སྐྱོང་སྤྲེལ་གསུམ་ཅི་ནུས་བགྱིས་ཏེ་འདུ་ཁང་དང་རྟེན་གསུམ་གསར་བཞེང་ལེགས་གྲུབ་བྱུང་བའི་མོད་ལ། དབུས་སུ་ཕེབས་ཏེ་དགའ་ལྡན་ཁྲི་རབས་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེངྒེ༼   ༡༦༧༨---༡༧༥༦༽  ཕྱིར་མདོ་སྨད་ཡུལ་དུ་ཕེབས་ཁར་མཇལ་ཞིང་། དམེ་རྒྱ་དགོན་གྲོང་གཉིས་སྐུ་ཉིད་ལ་ཕུལ་ཏེ་བདག་སྐྱོང་གནང་རྒྱུ་ཐུགས་ལ་འདོགས་དགོས་ཞེས་ནན་གྱིས་ཞུས་པ་ཞལ་གྱིས་བཞེས།   གྲོ་དཔོན་སློབ་ཁོང་རང་ལྷ་ས་ནས་འཆད་ཉན་སྒོམ་སྒྲུབ་ཀྱིས་དུས་འདའ་བར་མཛད་དོ།། 
            ཁྲི་ཆེན་རྒྱལ་མཚན་སེངྒེ་ཕྱིར་མདོ་སྨད་དུ་ཕེབས་རྗེས་ཀྱི  ༡༧༩༨ ལོར་སྟག་ཚང་ལྷ་མོའི་གསེར་ཁྲི་དགོན་ཕྱག་བཏབ་མཛད་ནས་དེའི་ཕྱི་ལོར་དམེ་རྒྱ་ལ་ཕེགས་ཏེ་ཇོ་བོ་རྗེའི་ཞལ་ཐང་མདུན་དུ་མར་མེ་ཆུང་ངུ་ཙམ་གྱིས་མཚན་ཐུབ་པའི་བྱིན་ཅན་དང་། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་འདྲ་སྐུ་མཐོང་བ་དོན་ལྡན། རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་གནང་ཞིང་། རྒྱུད་སྨད་གྲྭ་ཚང་ངོས་གཙང་གསར་འཛུགས་དང་བཅའ་ཡིག་ཕྱག་རྩོམ་མཛད་དེ་དགོན་པར་ཐོས་བསམ་ནོར་བུ་གླིང་ཞེས་པའི་མཚན་གསོལ། དབང་ལུང་ཅི་རིགས་གནང་སྟེ་འབྲེལ་ཚད་སྨིན་གྲོལ་གྱི་ལམ་ལ་བཀོད། རྟེན་དང་བརྟེན་པར་རབ་གནས་གནང་བའི་བྱིན་མཐུ་ལས་གསེར་རྩི་དང་ཚོན་མདངས་གཟི་འབར་ཉམས་མེད་དུ་གྱུར། ལྷ་མོའི་གསེར་ཁྲི་སྐུ་ཕྲེང་གཉིས་པ་རྗེ་བློ་བཟང་རྒྱལ་མཚན་སེངྒེ༼   ༡༧༥༧-----༡༨༩༩༽    མཆོག་གིས་དགོན་པར་རྟེན་གསུམ་དང་མཆོད་རྫས། གྲལ་གདན་དང་དེ་མིན་མཁོ་ཆས་སོགས་ཕྱག་རྫས་མི་ཉུང་བ་བསྩལ།  སྐབས་ཤིག་ཁོང་དམེ་རྒྱར་ཕེབས་ལམ་གྱི་བཀྲ་ཤིས་ལུང་གོང་མར་འབྱོར་འཕྲལ། དཔལ་ལྡན་ལྷ་མོ་བསུ་བར་བྱོན་པ་མངོན་སུམ་དུ་གཟིགས་ཏེ་ཆིབས་རྟ་ལས་བཤོལ། དེ་ནས་བཟུང་དགོན་པའི་བརྟན་སྲུང་གཙོ་བོར་དཔལ་ལྡན་ལྷ་མོ་བཀོད་པས་འཕྲིན་ལས་ཚུལ་བཞིན་བསྒྲུབས་པར་ཐོགས་པ་མེད།
            རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་༼   ༡༩༨༣ ༽  ལོར་ཆོས་སྒོ་སླར་ཡང་ཕྱེས་པ་ནས་བཟུང་སྟེ། གསེར་ཁྲི་སྐུ་ཕྲེང་ལྔ་བ་རྗེ་བཙུན་བློ་བཟང་རྣམ་རྒྱལ་ལུང་རིགས་སེངྒེ་དཔལ་བཟང་བོས་ཐུགས་ཁུར་ཆེ་བཞེས་ངང་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་དང་། ཆོས་དད་མང་ཚོགས་རང་མོས་ཀྱི་སྦྱིན་བདག་དང་ཞལ་འདེབས་ལ་བརྟེན་ནས་སྔ་གཞུག་ཏུ་འདུ་ཁང་རྟེན་དང་བརྟེན་པ། གསེར་ཁྲིའི་ནང་ཆེན་དང་རུང་ཁང་བཅས་ལེགས་འགྲུབ་བྱུང་། གྲྭ་ཤག་ཉི་ཤུ་དང་གྲྭ་བ་སུམ་ཅུ་ལྷག་ཞལ་འཛོམས་པ་ལགས། དོ་དམ་ཨུ་ཡོན་ལྷན་ཁང་དང་བླ་མ་ལས་སྣེ་སོགས་ཀྱི་བདག་གཉེར་རྩ་འཛུག་ཆ་ཚང་བ་བཅས་ཀྱི་སྒོ་ནས་ཐུགས་མཐུན་ཁྲིམས་གཙང་དང་ཆོས་སྤྱོད་ཕྱག་ལེན་སོགས་ཡར་ལྡན་གྱི་སྐབས་སོ།།
                                                ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམ་ལས་བཤུས།  ཡིག་གཏག་པ། ཀུན་ཕན།