གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་ཤུགས་རྒྱག་ས་གནད་འཁེལ་འཚོལ་དགོས།

སྤེལ་དུས 2018-06-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
            2016ལོའི་ཟླ་4པར་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་པ་དང་ཁག་དང་པོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་བོད་དུ་འབྱོར་ནས་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་སློབ་ཆུང་ནས་སློབ་འབྲིང་བར་གྱི་དུས་མཚམས་ཚང་མར་ཁྱབ་པ་དང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ལ་ཁྱབ་ནས་བོད་ལྗོངས་དང་ནང་སའི་སློབ་གྲྭས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་དུ་སྤྱོད་པའི་རྒྱུན་གཏན་གྱི་ལམ་སྲོལ་ཞིག་ཆགས་ཡོད། ཚོགས་སྒྲིག་རྣམ་པའི་སློབ་གསོ་བོད་སྐྱོར་ལས་དོན་ལ་སྔ་ཙམ་གྲུབ་འབྲས་ཐོབ་པ་དང་དེའི་རིན་ཐང་གང་ལེགས་ཐོན་པ་བྱེད་པར་སྨྱུག་འཛིན་པས་གཤམ་གྱི་ལས་དོན་དག་སྒྲུབ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
            གཅིག་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གསོའི་བོད་སྐྱོར་ལས་དོན་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་གཅིག་གྱུར་འགོ་ཁྲིད་འོག་སློབ་གསོ་པུས་འགོ་ཁྲིད་ནས་མཛུབ་ཁྲིད་མཐུན་སྦྱོར་བྱས་པ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། མཐོ་སློབ། སློབ་གསོ་པུའི་ཐད་གཏོགས་ཚན་པ་བཅས་ཀྱིས་ཞིབ་ཕྲའི་ལག་བསྟར་བྱས་ཡོད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་དང་། ཁ་གཏད་རོགས་སྐྱོར་ལས་འགན་འཁུར་བའི་སློབ་གྲྭ་དང་སློབ་གསོ་པུའི་ཐད་གཏོགས་ཚན་པ། རོགས་སྐྱོར་དང་ལེན་གྱི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། ས་ཁུལ་བཅས་རིམ་ཁག་སློབ་གསོའི་སྲིད་འཛིན་སྡེ་ཚན། རོགས་སྐྱོར་དང་ལེན་སློབ་གྲྭ རོགས་སྐྱོར་དང་ལེན་ཚན་པ་བཅས་ཚང་མས་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ལམ་སྲོལ་བཟོས་ནས་འཐུས་ཚང་དུ་གཏོང་དགོས། གཞན་ཡང་ལས་བགོས་འགན་གཉེར་འགོ་ཁྲིད་ཅིག་འགན་འཁུར་དུ་བཅུག་སྟེ་ལས་འགན་ཁྲུའུ་དང་ཁང་དུ་དོན་འཁྱོལ་ཁ་གསལ་ཐུབ་པ་དང་འབྲེལ། ལག་འགྲིམ་མཁན་ཞིག་དམིགས་འཛུགས་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་དོ་དམ་དང་། མཐུན་སྦྱོར། དོན་འཁྱོལ་བཅས་ཀྱི་འགན་འཁུར་དུ་འཇུག་དགོས།
            གཉིས་ནས་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོ་དགོས། སློབ་གསོ་པུས་སློབ་གསོའི་བོད་སྐྱོར་ལས་དོན་གྱི་སྤྱི་ཁོག་མཛུབ་ཁྲིད་དང་མཐུན་སྦྱོར་ཞབས་ཞུའི་འགན་འཁུར་ནས་སློབ་གསོའི་ཁ་གཏད་བོད་སྐྱོར་སྲིད་ཇུས་ལ་ལྟ་སྐུལ་དོན་འཁྱོལ་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་དང་སྤེལ་རེས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཞིང་ཆེན་རིམ་པའི་སྲིད་གཞུང་གི་འགོ་ཁྲིད་འོག་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གྱིས་ཆ་ལག་ཚང་བའི་སྲིད་ཇུས་བྱ་ཐབས་བཟོས་ནས་ཁོངས་གཏོགས་རིམ་ཁག་སློབ་གསོའི་སྡེ་ཚན་དང་སློབ་གྲྭར་མཛུབ་ཁྲིད་བྱེད་པ་དང་ཞིབ་ཕྲའི་ལས་འགན་ཁག་དོན་འཁྱོལ་བྱེད་དགོས།
            གསུམ་ནས“གནད་སྨིན”ཡོང་བ་བྱེད་དགོས། མིག་སྔར་སློབ་གསོའི་བོད་སྐྱོར་ཐད་བྱེད་སྟངས་སྣ་ཚོགས་སྤྱད་དེ་རོགས་སྐྱོར་དང་ལེན་སློབ་གྲྭའི་དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལག་བསྟར་ཡག་པོ་བྱ་རྒྱུ་དཔེ་སྟོན་དུ་བྱས་ནས་རང་ལྗོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་གསོའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།