གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

དུས་རབས་གསར་པར་ངོ་གནོང་མི་དགོས་པའི་ལང་ཚོའི་ལེའུ་ཞིག་རྩོམ་དགོས།

སྤེལ་དུས 2018-06-28 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།
—— ཀྲུང་གོ་གུང་གཞོན་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
           ཚེས་26ཉིན་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འགོ་ཚུགས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་གུང་གཞོན་ཚོགས་མི་དང་གཞོན་ནུ་དུང་ཕྱུར་དུ་མས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཕྱིར་ནུས་ཤུགས་ཡོད་རྒུ་བཏོན་ནས་ལེགས་སྐྱེས་འབུལ་བཞིན་ཡོད། སྐབས་འདིར་འཚོགས་པའི་ད་རེས་ཀྱི་སྡེ་ཚོགས་འཐུས་མི་ཚོགས་ཆེན་ལ་རྒྱུན་གཏན་དང་མི་འདྲ་བའི་དོན་སྙིང་ལྡན་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མས་ཏང་གི་ལོ་རྒྱུས་ཐོག་གི་ཀྲུང་དབྱང་གི་ཏང་གི་མང་ཚོགས་རང་བཞིན་གྱི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་གཞོན་ནུ་འཕེལ་རྒྱས་ཀྱི་འཆར་གཞི་དང་པོ་བཟོ་འགོད་བྱ་རྒྱུར་ཁྲིད་སྟོན་གནང་བ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་སྒྱུར་བཅོས་ཇུས་གཞི་དང་ཀྲུང་དབྱང་སྡེ་ཚོགས་སློབ་གྲྭའི་སྒྱུར་བཅོས་ཇུས་གཞི་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་མཛུབ་ཁྲིད་གནང་བ་མ་ཟད། ད་དུང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་། སློབ་མ་མཉམ་འབྲེལ་ལྷན་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་སྒྱུར་བཅོས་བཅས་ལ་ཐུགས་ཁུར་དང་མཛུབ་ཁྲིད་ཀྱང་གནང་བ་ལས་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དང་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལས་དོན་པའི་སེམས་ཤུགས་ལྡབ་འཕེལ་བྱུང་བ་དང་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
           ལོ་ལྔའི་རིང་། གུང་གཞོན་སྡེ་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བའི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱས་པ། སྡེ་ཚོགས་ཀྱི་རྩ་བའི་ལས་འགན་དང་། ཆབ་སྲིད་ཀྱི་འགན་འཁྲི། ལས་ཀའི་གཙོ་རྐང་བཅས་ལ་དམ་པོར་དམིགས་ཏེ་སྙིང་སྟོབས་ཆེར་སྐྱེད་ཀྱིས་སྒྱུར་བཅོས་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དངོས་འཛིན་དངོས་སྒྲུབ་བཅས་བྱས་པས་སྡེ་ཚོགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་རྩ་བའི་རང་བཞིན་གྱི་ཤུགས་སྣོན་ཐེབས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་སོང་བ། ཆབ་སྲིད་ཀྱི་ནུས་པ་དེ་བས་མངོན་གསལ་དོད་པ། ཏང་གི་རྗེས་སུ་དམ་པོར་འབྲང་བའི་བྱ་སྤྱོད་དེ་བས་རང་འགུལ་ཆེ་རུ་སོང་ཡོད། བསམ་བློ་ཆབ་སྲིད་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཤུགས་དེ་བས་ཆེ་རུ་སོང་བ་དང་། སྡེ་ཚོགས་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། སྡེ་ཚོགས་ནན་པོས་བསྐྱངས་པར་གྲུབ་འབྲས་ཏན་ཏིག་ཐོབ་པ། གཞོན་ནུའི་སྟོབས་ཤུགས་གསར་པའི་ནུས་པ་དེ་བས་མངོན་གསལ་དོད་དུ་སོང་བ། གུང་གཞོན་སྡེ་ཚོགས་ཀྱི་རོགས་ཟླའི་དཔུང་ཁག་ཉིན་རེ་བཞིན་སྟོབས་ཆེར་ཕྱིན་པ། གཞོན་ནུ་འཕེལ་རྒྱས་ཀྱི་ཆགས་སྟངས་ཆེན་པོ་ཞིག་གྲུབ་བཞིན་ཡོད་པ་བཅས་ལས་སྒྱུར་བཅོས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་གུང་གཞོན་སྡེ་ཚོགས་ལ་དུས་རབས་གསར་པའི་ཉམས་འགྱུར་མངོན་ཡོད།
           དེང་རབས་ཀྱི་གཞོན་ནུ་ནི་དུས་རབས་གསར་པ་དང་མཉམ་དུ་མདུན་སྐྱོད་བྱེད་མཁན་མི་རབས་ཞིག་རེད། ང་ཚོར་འཕྲད་པའི་དུས་རབས་གསར་པ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་ཡག་ཤོས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཆེས་འགག་རྩའི་དུས་རབས་ཤིག་ཀྱང་རེད། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་མཐོངས་ཡོད་ལ་རླབས་ཆེན་དུས་རབས་ཀྱི་འགན་འཁྲི་ཡང་ཡོད། གཟི་བརྗིད་ལྡན་པའི་འགན་འཁྲི་དེ་འཁུར་ཐུབ་པ་བྱེད་དགོས་ན། གཞོན་ནུ་ཚོས་རང་འགུལ་ངང་སྒེར་གྱི་མདུན་ལམ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ་དང་། ཕུགས་བསམ་རྒྱུན་འཆང་གིས་འབད་འཐབ་པ་ཞིག་བྱེད་པ། བདེན་འཚོལ་ཤེས་སྦྱོང་གིས་འཇོན་ཐང་ངོ་མ་སྦྱོང་བ། ཤེས་སྤྱོད་བཟུང་འབྲེལ་གྱིས་དངོས་སྒྲུབ་པ་ཞིག་བྱེད་པ། ཏང་གི་རྗེས་སུ་འབྲང་བའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་མཁན་གྱི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས།
           དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ལས་དོན་ལ་ཐོབ་པར་དཀའ་བའི་གོ་སྐབས་འཕྲད་ཡོད་ལ་འགྲན་སློང་གལ་ཆེན་ཡང་འཕྲད་པ། ཇི་ལྟར་བྱས་ཏེ་བསམ་བློ་ཁྲིད་སྟོན་ལས་དོན་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས་གཞོན་ནུ་སྒྲིག་འཛུགས་དང་གཞོན་ནུར་དྲིལ་བསྒྲགས་ཀྱི་སྲོག་ཤིང་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཇི་ལྟར་བྱས་ཏེ་ཁྱབ་ཆེ་ལ་ནུས་པ་ལྡན་པའི་རྩ་འཛུགས་ཀྱི་མ་ལག་གསར་པ་ཞིག་བཙུགས་ནས་གཞོན་ནུ་འཚར་ལོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ཁྱབ་ཁོངས་སྔར་བས་ཆེན་པོ་ཞིག་ནང་གཞོན་ནུའི་སྟོབས་ཤུགས་གསར་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ལས་དོན་གྱི་བརྗོད་གཞི་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དུས་རབས་གསར་པའི་ཏང་གི་གཞོན་ནུའི་ལས་དོན་ལེགས་པར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་དེས་ཁྱོན་ཡོངས་ལ་སྤྱི་འདོམས་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་སྡེ་ཚོགས་སྐྱོང་བ་དང་། བསམ་བློར་བརྟེན་ནས་སྡེ་ཚོགས་འཛུགས་པ། རྩ་བ་བརྟན་དུ་བཏང་ནས་སྡེ་ཚོགས་དར་རྒྱས་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་སྡེ་ཚོགས་སྟོབས་ཆེར་གཏོང་བ། སྡེ་ཚོགས་ནན་པོས་སྐྱོང་བ། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམ་པོར་དམིགས་པ་བཅས་བྱས་ནས་གུང་གཞོན་སྡེ་ཚོགས་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་ཏང་གི་རྗེས་སུ་འབྲང་མཁན་གྱི་གུང་གཞོན་སྡེ་ཚོགས་དང་། བསམ་བློ་སྔོན་ཐོན་དང་ཕུགས་བསམ་བརྟན་པའི་གུང་གཞོན་སྡེ་ཚོགས། སེམས་པ་གཞོན་ནུར་འཆང་བ་དང་རྩ་བ་གཞོན་ནུར་ཚུགས་པའི་གུང་གཞོན་སྡེ་ཚོགས། འགན་འཁྲི་འཁུར་ཕོད་པ་དང་འབད་འབུངས་ཡར་བརྩོན་བྱེད་མཁན་གྱི་གུང་གཞོན་སྡེ་ཚོགས། སྐྱེ་སྟོབས་ཀྱི་དཔའ་འབར་བ་དང་སྒྲིག་ཁྲིམས་ནན་པའི་གུང་གཞོན་སྡེ་ཚོགས་བཅས་སུ་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། གཞོན་ནུའི་ལས་དོན་གྱི་རྩ་བའི་ཆོས་ཉིད་གཞིར་བཟུང་། གཞོན་ནུའི་ཁྲོད་དུ་བསྐྱོད་དེ་གཞོན་ནུའི་འབོད་སྒྲ་ཉན་པ་དང་། གཞོན་ནུའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། གཞོན་ནུའི་གོམས་སྲོལ་གྱི་སྣེ་ཁྲིད་པ་བཅས་བྱས་ན་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ་དུས་རབས་ཀྱི་མདུན་གྲལ་དང་གཞོན་ནུའི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱེད་དགོས།
           “རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བདེ་སྐྱིད་བཅས་ནི་དེང་རབས་ཀྱི་གཞོན་ནུས་ངེས་པར་དུ་འཁུར་དགོས་པའི་ལས་འགན་ལྕི་པོ་ཞིག་ཡིན”སེམས་ནང་ཉི་འོད་འཕྲོས་ན་རྐང་པར་སྟོབས་ཤུགས་ལྡན་ངེས། ཕུགས་བསམ་མཐའ་འཁྱོངས་དང་བརྩོན་པ་ལྷོད་མེད་བྱས་ན་སེལ་མི་ཐུབ་པའི་དཀའ་ངལ་དང་སྒྲུབ་མི་ཐུབ་པའི་བྱ་གཞག་གང་ཡང་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱེད་པ། ལང་ཚོ་དར་བའི་ང་དང་འབད་འཐབ་ཆེ་བའི་ངའི་རྣམ་པའི་ཐོག་ནས་མི་རིགས་བསྐྱར་དར་ཆེད་ལམ་འདིང་ཟམ་རྒྱག་བྱེད་པ། མེས་རྒྱལ་འཛུགས་སྐྲུན་བྱ་ཕྱིར་ནུས་པ་འདོན་པ་བཅས་བྱས་ན་ང་ཚོས་དུས་རབས་གསར་པར་ངོ་གནོང་མི་དགོས་པའི་ལང་ཚོའི་ལེའུ་ཞིག་རྩོམ་ཐུབ་ངེས་རེད།