དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

སློབ་གྲྭ་ཆེ་མོ་བ་ལས་ཞུགས་སྐབས་རྟག་ཏུ“གདམ་ག་གཅིག་གིས་ཚེ་གང་ཐག་ཆོད་པའི”བསམ་བློ་གཏོང་རྒྱུ་མེད།

སྤེལ་དུས 2018-10-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མིག་དམར།
          གྲོགས་པོ་གསར་རྙིང་མཉམ་དུ་འཛོམ་སྐབས་ག་དུས་ཡིན་རུང་རང་གི་ཕྲུ་གུ་ལས་ཞུགས་ཐུབ་པའི་སྐོར་གླེང་གི་ཡོད། ཕྲུ་གུ་ཚོར་མཚོན་ན། ལས་ཞུགས་ནི་བརྩོན་འགྲུས་ཀྱི་སྐྱ་བར་བརྟེན་ནས་ལོ་བཅུ་ལྷག་ཙམ་སློབ་སྦྱོང་བྱས་རྗེས་འཕྲད་པའི“རྒྱུགས་ཆེན”གལ་ཆེན་ཞིག་རེད། ཁྱིམ་བདག་ལ་མཚོན་ན། སེམས་ཁྲལ་ཆེན་པོ་ཞིག་དང་ཟས་བརྗེད་གཉིད་བཅག་གི་དོན་ཆེན་ཞིག་དེ་བས་ཀྱང་རེད།
          རང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཀྱི་གདམ་ག་དང་པོ་ནི་གཞུང་ཞབས་པ་རེད། འདི་ནི་མི་མང་ཆེ་བའི་གདམ་ག་རེད། གང་ལགས་ཤེ་ན། གཞུང་ཞབས་པར་ཡིག་རྒྱུགས་ལོན་རྗེས། “གསེར་ཕོར”རག་པ་མཚོན་པ་དང་། ལས་ཀ་བརྟན་པོ་རག་པ་དང“ཚེ་གང་ལས་ཞུགས་ཐུབ་པ”མཚོན་པའི་ངོས་འཛིན་བྱེད་ཀྱི་ཡོད།
          སློབ་གྲྭ་ཆེ་མོ་བས་ལས་ཞུགས་བྱེད་པར“གདམ་ག་གཅིག་གིས་ཚེ་གང་ཐག་ཆོད་པའི”བསམ་བློ་སྔ་ཙམ་ནས་འདོར་དགོས་པ་དང་། ལས་ཞུགས་ཐུབ་པ་ནི་རྟག་ཏུ་བརྟན་པོ་ཡིན་པའི་བསམ་བློ་འཆང་མཁན་ནི་དོན་དངོས་དང་མ་མཐུན་པ་ཞིག་རེད། དོན་དུ་སྤྱི་ཚོགས་ཀྱི་ལས་རིགས་ཁག་མི་འདྲ་རུང་། བརྟན་པོ་ནི་བལྟོས་བཅས་རེད། ཕ་མ་ཞིག་གི་ངོས་ནས་བརྗོད་ན། ཕྲུ་གུས་དཀའ་ལས་རྒྱག་མི་དགོས་པར་ཡོང་འབབ་བརྟན་པོའི་ལས་ཀ་ཞིག་རག་རྒྱུའི་བསམ་བློ་དོར་ཏེ། ཕྲུ་གུར་རང་ཉིད་ཀྱིས་གདམ་ག་དང་རང་བརྟེན་ལས་གཏོད་བྱེད་དགོས་པའི་སྐུལ་ལྕག་མང་ཙམ་བྱ་རྒྱུའི་རེ་བ་ཡོད་དགོས།
          ང་ཚོས་དགའ་ཚོར་ཆེན་པོའི་ངང་མཐོང་དགོས་པ་ཞིག་ལ། མཐོ་སློབ་ཁག་གིས་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་དང་སྡེ་ཚན་གྱིས་མཐོ་སློབ་སློབ་ཐོན་སློབ་མར་གཞི་རིམ་དུ་ལས་ཞུགས་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་སྔ་རྗེས་སུ་བཏོན་པས། སློབ་གྲྭ་ཆེ་མོ་བ་མང་པོ་ཞིག་གི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ནས་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ལས་ཞུགས་བྱེད་འདོད་ཡོད་པ་དང་། རང་བརྟེན་གསར་གཏོད་བྱེད་འདོད་བྱེད་ཀྱི་ཡོད།
          ལྷག་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པའི་ལས་དོན་ཤུགས་ཆེན་སྤེལ་ནས་སྐུལ་འདེད་བཏང་བས། ལྗོངས་ཡོངས་སུ“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པའི་རྣམ་པ་བཟང་པོ་རགས་ཙམ་ཆགས་ཡོད། རང་ལྗོངས་ཀྱིས་སློབ་གྲྭ་ཆེ་མོ་བས་རང་བརྟེན་ལས་གཏོད་བྱེད་པར་ཁྲལ་འབབ་དང་དངུལ་བུན་སོགས་ཀྱི་ཕྱོགས་མང་པོའི་ཐད་ནས་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད་པས། རང་བརྟེན་ལས་གཏོད་ལ་སྐུལ་ལྕག་དང་རང་བརྟེན་ལས་གཏོད་ལས་ཞུགས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད།