མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཀྱི་འོད་སྟོང་སླར་ཡར་གཏོད་དགོས།

སྤེལ་དུས 2018-10-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཏོན་མིང་གིས།
          སྒྱུར་བཅོས་སྒོ་དབྱེས་མི་རྣམས་ལ་བཞག་པའི་ཤུགས་རྐྱེན་གལ་ཆེན་ཞིག་ནི་མི་རྣམས་ཀྱིས་གསར་གཏོད་ལ་ངོས་འཛིན་གསར་པ་ཞིག་བྱུང་བ་དེ་ཡིན་ཞིང་། ད་ཆ་མི་རྣམས་ཀྱིས་གསར་གཏོད་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་མ་ཟད། ང་ཚོར་ཡང་གསར་གཏོད་ཀྱི་འདེགས་སྐྱོར་དང་ཁྲིད་སྟོན་སྔར་ལས་དགོས་མཁོ་ཆེ་བ་ཡོད། ཡིན་ཡང་སྨྱུག་འཛིན་པས་བལྟས་ན་མིག་སྔར་ང་ཚོས་ད་དུང་གསར་གཏོད་བྱ་རྒྱུ་འདང་གི་མེད་པས་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།
          གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པར་གསར་གཏོད་ལ་མཐོང་ཆེན་བྱེད་དགོས། གསར་གཏོད་ནི་བསམ་ཕྱོགས་ཤིག་ཡིན་ལ། བྱ་སྤྱོད་ཀྱི་སྔོན་འགྲོ་ཡང་རེད། སྒྱུར་བཅོས་སྒོ་དབྱེར་ད་ཆའི་གྲུབ་འབྲས་འདི་འདྲའི་ཆེན་པོ་ཐོབ་པའི་འགག་རྩ་ནི་ང་ཚོས་འཕེལ་རྒྱས་ཀྱི་མིག་རྒྱང་ཐོག་ནས་གནད་དོན་ལ་ཕྱོགས་པ་དང་། བསམ་བློ་གསར་པ་དང་བསམ་གཞིག་གསར་པར་ཟམ་མི་ཆད་པར་བརྟེན་ནས་གནད་དོན་ཐག་གཅོད་བྱས་པས་རེད། གལ་ཏེ་ང་ཚོས་ད་དུང་བསམ་བློ་རྙིང་པ་དང་ཐབས་ཤེས་རྙིང་པ་སྤྱད་ནས་གནད་དོན་ཐག་གཅོད་བྱས་ཚེ་ལེགས་གྲུབ་ཡོང་ཐབས་བྲལ་ལ། དེང་གི་འཕེལ་རྒྱས་གྲུབ་འབྲས་དེ་བས་ཀྱང་ཐོབ་མི་སྲིད།
          གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པར་ཐོག་མའི་གསར་གཏོད་ལ་བརྩི་འཇོག་བྱེད་དགོས། དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཇི་ཙམ་བྱུང་བ་དེ་ཙམ་གྱིས་གསར་གཏོད་བྱེད་དགོས་ཀྱི་ཡོད་ལ། གསར་གཏོད་ཀྱང་དེ་ཙམ་གྱིས་བྱེད་ཁག་པོ་ཡོད། ཚན་རིག་གི་འཕེལ་རྒྱས་ཡར་ཐོན་རེ་རེ་ནི་མི་ཚོའི་ལྟ་སྣང་དུ་གསར་གཏོད་མི་ཐུབ་པའི་གནས་ཚུལ་འོག་ལེགས་གྲུབ་བྱུང་བ་ཤ་སྟག་རེད། དེས་མ་ཟད། ཚད་བརྒལ་དེ་དག་བྱུང་བའི་ཚན་རིག་མཁས་ཅན་གྱིས་སྐབས་དེ་དུས་གནོན་ཤུགས་ཆེན་པོ་ཕྲག་ཏུ་ཁུར་དགོས་ཀྱི་ཡོད། དེས་ན་འཕེལ་རྒྱས་ཡོང་བར་གསར་གཏོད་ལ་བརྩི་འཇོག་བྱེད་དགོས་པ་མ་ཟད། ཐོག་མའི་གསར་གཏོད་ལ་དེ་བས་ཀྱང་བརྩི་འཇོག་བྱེད་དགོས།
          གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པར་ཐོག་མའི་གསར་གཏོད་ལ་སྐུལ་ལྕག་གཏོང་དགོས། གསར་གཏོད་ལ་བརྩི་འཇོག་བྱ་རྒྱུ་དེ་ཉིད་ཁ་དང་ཡིག་ཐོག་ཙམ་དུ་ལུས་མི་རུང་བར་ངེས་པར་དུ་ཞིབ་ཕྲའི་ལས་དོན་སྒྲུབ་དགོས། དེ་ཡང་བསམ་པའི་ཐོག་ནས་ལྕག་སྐུལ་གཏོང་དགོས་ལ། དངོས་པོའི་ཐོག་ནས་ཀྱང་གཟིཌ་བཟོས་བྱེད་དགོས་པ་དང་། ལས་དོན་བསྒྲུབས་རྗེས་གཟིགས་བཟོས་བྱེད་དགོས་ལ། མ་བསྒྲུབ་གོང་ནས་ལྕག་སྐུལ་དེ་བས་ཀྱང་བྱེད་དགོས།