ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུའི་སྔོན་དཔག་བྱས་པ།

སྤེལ་དུས 2018-12-24 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ནི་ལ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང(ཨེ་ཤེ་ཡ་དངུལ་ཁང)གིས《2018ལོའི་ཨེ་ཤེ་ཡའི་འཕེལ་རྒྱས་ལ་རྒྱང་ལྟའི》གསར་བརྗེས་དཔར་གཞིའི་ཁ་གསབ་སྙན་ཞུའི་ནང་ནང་མཁོ་ཆེན་པོར་བརྟེན་ནས་འདི་ལོ་དང་ཕྱི་ལོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་ཛ་དྲག་ཆེ་བའི་དུས་བབ་སོགས་ཀྱི་གནོན་ཤུགས་ལ་ཁ་གཏད་བཅག་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རེད་ཅེས་ཡོངས་བསྒྲགས་བྱས་པ་རེད།
             སྙན་ཞུའི་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཁྲོད་དཔལ་འབྱོར་སྒྲིག་གཞིའི་2018ལོའི་འཕར་ཚད་6.0%ཟིན་རྒྱུ་དང་། 2019ལོར་5.8%ཟིན་རྒྱུའི་སྔོན་དཔག་བྱས་པ་དང་སྔོན་དཔག་ཚད་གཞི་གཉིས་ཀ་ཟླ་9པར་ཡོངས་བསྒྲགས་བྱས་པའི《2018ལོའི་ཨེ་ཤེ་ཡའི་འཕེལ་རྒྱས་ཀྱི་རྒྱང་ལྟའི》གསར་བརྗེས་དཔར་གཞི་དང་གཅིག་མཚུངས་ཡིན་པ་མཚོན་པ་རེད།
             ཀྲུང་གོ་དང་། ཧན་གོ སིང་ཀ་ཕོར་སོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གསར་དར་དཔལ་འབྱོར་སྒྲིག་གཞི་ཕུད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཁྲོད་ཀྱི་དཔལ་འབྱོར་སྒྲིག་གཞིའི་2018ལོའི་འཕར་ཚད་6.5%དང་2019ལོར་6.3%ཟིན་རྒྱུའི་སྔོན་དཔག་བྱས་པ་རེད།
             སྙན་ཞུའི་ནང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་2019ལོའི་དཔལ་འབྱོར་འཕར་བའི་སྔོན་དཔག་བྱེད་ཚད་དེ་དེ་གོང་སྔོན་དཔག་བྱས་པའི་5.2%ནས་5.1%བར་ཆག་པ་དང་། 2018ལོའི་འཕར་ཚད་ཀྱི་སྔོན་དཔག་5.1%རྒྱུན་འཁྱོངས་བྱས་པ་རེད།
             《ཨེ་ཤེ་ཡའི་འཕེལ་རྒྱས་ཀྱི་རྒྱང་ལྟ》ནི་ཨེ་ཤེ་ཡའི་དངུལ་ཁང་གི་ལོ་འཁོར་གྱི་དཔལ་འབྱོར་སྙན་ཞུ་གཙོ་བོ་ཡིན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔོན་དཔག་བྱས་ཤིང་། ལོ་ལྟར་གྱི་དཔྱིད་དུས་ཡོངས་བསྒྲགས་བྱེད་པ་དང་སྟོན་དུས་གསར་བརྗེས་བྱེད་ཀྱི་ཡོད། ཉེ་ཆར། སྙན་ཞུ་སྤེལ་བའི་ནང་ཨེ་ཤེ་ཡའི་དངུལ་ཁང་གིས་ལོ་མཇུག་ཏུ་ས་ཁུལ་དེ་གའི་དཔལ་འབྱོར་འཕེལ་ཕྱོགས་ལ་བརྡར་ཤ་བཅད་རྗེས་གསར་དུ་བརྗེས་པའི་དཔར་གཞིར་ཁ་གསབ་བྱས་པ་ཞིག་རེད།