ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

2018 ལོར་མཚོ་བོད་ས་མཐོའི་ཐོག་གི་བསམ་འདུན་འཚོལ་སྙེག་མཁན་ལ་གུས་འདུད་ཞུ།

སྤེལ་དུས 2019-01-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ ང་ཚོ་ཚང་མས་འབད་པ་བྱས་ནས་མདུན་དུ་སྐྱོད་ཅིང་། ང་ཚོ་ཚང་མ་ཕུགས་འདུན་འཚོལ་མཁན་ཡིན” ཞེས2019 ལོའི་ལོ་གསར་གྱི་ཤིས་ཚིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དྲོད་ཁོལ་གྱིས་ཁེངས་ཤིང་བརྟན་པོ་ཡིན་པའི་གཏམ་འདིས་མི་གང་མང་ཞིག་གི་བསམ་པའི་རླབས་རྒྱུན་འཕྱུར་བར་བཅུག་ཅིང་། ཡང་མི་མང་པོ་ཞིག་ལ་མཆི་ཞག་འཁོར་དུ་བཅུག ཡངས་ཤིང་རྒྱ་ཆེ་བ་དང་རྔམ་བརྗིད་ལྡན་པའི་མཚོ་བོད་ས་མཐོའི་ཐོག་བསམ་འདུན་འཚོལ་སྙེག་བྱེད་པའི་མི་ཁྲི་མ་འབུམ་ཡོད་པ་དང་། ཁོ་ཚོས་ཕུགས་འདུན་བསྙེག་པའི་ལམ་བུའི་ཐོག་རྟ་མཆོག་ལྕག་གིས་བསྐུལ་བཞིན་རི་ཆུ་སྟོང་ཕྲག་འཕྲེད་ཀྱིས་བརྒལ་བར་བྱས།

  རི་མོ་འདི་ནི་གོང་དཀར་ཡར་ཀླུང་གཙང་པོའི་ཟམ་ཆེན་འདིང་བའི་ཡུལ་དངོས་རེད།
          དགུན་དུས་ཀྱི་ཡར་ཀླུང་གཙང་པོའི་དྲོད་ཚད་དེ་རྒྱུན་པར་ཀླད་ཀོར་འོག་གི་ཏུའུ་ཉི་ཤུ་ལས་མར་འབབ་པ་ཡིན་ཞིང་། 2018ལོའི་ཆེས་མཇུག་མཐའི་ཟླའི་ནང་དུ་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་རྣམ་གྲངས་ཀྱི་ཟམ་ཆེན་རྨང་འདིང་རུ་ཁག་གིས་ཡར་ཀླུང་གཙང་པོ་འཕྲེད་བརྒལ་གྱི་གོང་དཀར་ཡར་ཀླུང་གཙང་པོའི་ཟམ་ཆེན་རྨང་འདིང་ལམ་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཟམ་ཆེན་ལམ་སྐྲུན་གྱི་བསམ་འདུན་འཚོལ་མཁན་འདི་དག་གིས“མཁའ་ལམ”དེ་བས་མང་པོ་བསྐྲུན་ཐུབ་པར་རེ་བ་བྱེད་ཀྱི་ཡོད།

རི་མོ་འདི་ནི་བཟོ་ལྭ་དམར་པོ་གྱོན་པའི་ཏུའུ་ཏེ་ཤང་གིས་སྣུམ་འདོན་འཕྲུལ་ཆས་ལ་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་རེད།
          “སུ་ཞིག་གིས་བུད་མེད་རྣམས་སྐྱེས་པར་མི་དོ་བ་ཡིན་ཞེས་བཤད་དམ" ཏུའུ་ཏེ་ཤང་ལོ21 དུས་སུ་སློབ་མཐར་ཕྱིན་རྗེས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པའི་ཀུང་སི་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སིར་ཡོང་ནས་སྣུམ་འདོན་གྱི་ལས་ཀ་གཉེར་ཞིང་།  ལོ20ལྷག་རིང་ཁོ་མོས་དམའ་རིམ་བཟོ་པ་དང་། འབྲིང་རིམ་བཟོ་པ། མཐོ་རིམ་ལས་བཟོ་པ་ནས་ལག་རྩལ་པ་དང་།  མཐོ་རིམ་ལག་རྩལ་དགེ་རྒན།  དབུ་བཞུགས་ལག་རྩལ་དགེ་རྒན་བར་ལས་ཏེ་མཚོ་སྔོན་སྣུམ་ཞིང་གི་བུད་མེད་རྩལ་ནུས་རིགས་གཅིག་མཁས་ཅན་གཅིག་པུར་གྱུར་བ་རེད།  “ སྣུམ་ལས་མི་རབས་གསུམ་པ”འདིའི་བསམ་འདུན་ནི་ནུས་ཤུགས་ཡོད་རྒུས་རང་འཁྲིའི་ལས་འགན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན།

 རི་མོ་འདི་ནི་བུ་མོ་མཆོག་དང་ཁྱིམ་མི་དང་ཞིང་རའི་བཟོ་པ་རྣམས་དང་མཉམ་དུ་བསྐྱོན་པའི་འདྲ་པར་རེད།
          ལོརབས90རྗེས་ཀྱི་བོད་རིགས་བུ་མོ་བུ་མོ་ཆོག་སློབ་ཆེན་ལས་མཐར་ཕྱིན་རྗེས། ཕ་ཡུལ་རྔ་བ་ཁུལ་ཁྲོ་ཆུ་རྫོང་རྡོ་ཁ་གྲོང་རྡལ་ར་ལག་གྲོང་ཚོར་ཕྱིར་ལོག་སྟེ“སྤྲོ་སྐྱིད་ཀྱི་ཞིང་ཁྱིམ”བསྒྲུབས་པར་མ་ཟད་འབྲི་གཡག་གི་ཚོང་ལས་གཉེར། རང་ཉིད་ཕྱུག་པོར་གྱུར་རྗེས་ཁོ་མོས་ཡུལ་མི་ཚོར་ཁྱད་ཐོན་དངོས་རྫས་ཕྱིར་འཚོང་བྱེད་རོགས་བྱས་པར་མ་ཟད། ལོ་རེར་ཐོབ་པའི་ཁེ་ཕོགས་ཀྱི1/3གྲོང་ཚོའི་ནང་དུ་སྤྲད་དེ་གྲོང་ཚོའི་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་སྡེ་མི་ཚང་མར་བགོ་བཤའ་བརྒྱབ་པ་རེད། ཁེ་ལས་གསར་གཏོད་ཀྱི་གཞོན་ནུ་འདིའི་ཕུགས་བསམ་ནི་ཕལ་ཆེར“ མི་གཅིག་སྐྱིད་པ་ལས་མི་ཚོགས་སྐྱིད་ན་དགའ”ཞེས་པ་ལྟ་བུ་རེད།

 རི་མོ་འདི་ནི་དབྲ་ཁྱུང་དཔལ་བཟང་གིས་མི་གཞན་པར་བྱེ་འགོག་བྱེ་བཅོས་ཀྱི་ཉམས་མྱོང་ངོ་སྤྲོད་བྱས་པའི་རྣམ་པ་རེད། 
          ལོ་ངོ་བདུན་རིང་གི་དུས་ཚོད་བེད་སྤྱད་དེ་ས་གནས་དེ་གའི་འབྲོག་པ་དང་ལྗོན་འཛུགས་རྩ་འདེབས་བྱ་བར་རྩ་འཛུགས་བྱས་ཤིང་། ས་ཆ་དེ་གའི་ཞིབ་བཟོ་བྱས་པའི“ ཐབས་ལམ”བེད་སྤྱད་དེ་བྱེ་སེར་མུའུ་ཁྲི་གཅིག་ལྷག་སྔོ་ལྗང་ཁུལ་དུ་བསྒྱུར་བ་དང་། འདི་ནི“ བྱེ་བཅོས་ཀྱི་དཔའ་བོ” ཞེས་འབོད་པའི་དབྲ་ཁྱུང་དཔལ་བཟང་རེད།  སི་ཁྲོན་ཞིང་ཆེན་གྱི་མཛོད་དགེ་རྩྭ་ཐང་གི་རྩྭ་དང་རྩི་ཤིང་རེ་རེར་དབྲ་ཁྱུང་དཔལ་བཟང་གི་སེམས་ཤུགས་ཡོད་ཅིང་། ཁམས་པའི་ཕོ་རྒོད་འདིའི་ཕུགས་འདུན་ནི་ཕ་ཡུལ་གྱི་ནམ་མཁའ་ནམ་ཡང་སྔོ་བ་དང་། ཕ་ཡུལ་གྱི་རྩྭ་ཐང་ནམ་ཡང་གནས་རྒྱུ་དེ་རེད། 

 རི་མོ་འདི་ནི་པ་སངས་ཚེ་རིང་གིས་ཐང་ག་འབྲི་བཞིན་པའི་རྣམ་པ་རེད།
          ལོ28ལ་སོན་པའི་བོད་ཀྱི་ཕོ་གསར་པ་སངས་ཚེ་རིང་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གུ་གེ་རྒྱལ་པོའི་གནའ་ཤུལ་གྱི་དོ་དམ་པ་ཡིན་ཞིང་། ཁོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3700 ཡན་གྱི་ཆ་རྐྱེན་ཞན་པའི་ས་ཆར་ལོ་ཧྲིལ་བོ་བཞི་རིང་བསྡད་པ་དང་། གནས་འདིར་པ་སངས་ཚེ་རིང་གིས་དཔེ་དེབ་རེ་རེ་བཀླགས་པ་དང་ཐང་ག་གཅིག་ནས་གཅིག་བྱས་བྲིས་པར་མ་ཟད། ཁོ་ནི་གུ་གེར་ཡུལ་སྐོར་དུ་ཡོང་བའི་མི་མཐོང་མཁན་ཆེས་མང་བ་དེ་ཡིན་ཞིང་། ཁོང་གི་ཕུགས་འདུན་ནི་གནའ་བོའི་ཤུལ་བཞག་དང་རིག་གནས་འདི་སྲུང་སྐྱོང་བྱ་རྒྱུ་དེ་ཡིན།

 རི་མོ་འདི་ནི་མཚོ་བོད་ས་མཐོར་བརྟན་སྲུང་བྱས་པའི་དཔོན་དམག་རྣམས་རེད།
          དགུན་དུས་ཀྱི་བོད་ལྗོངས་ཀྱི་ས་བབ་མཐོ་ཞིང་གསོ་རླུང་དཀོན་པ་དང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ཕྲག་ཁ་ཤས་སུ་ལྷུང་སྟེ་གྲང་ངར་རུས་པའི་ནང་དུ་ཟུག་ཀྱང་། མཐའ་མཚམས་བརྟན་སྲུང་བྱས་པའི་ས་མཐོའི་དཔོན་དམག་རྣམས་ཀྱིས་སྔར་བཞིན་རི་ཀླུང་ཁ་བས་བཀླུབས་པའི་གནས་སུ་སྦྱོང་བརྡར་སྤེལ་ཞིང་། གངས་རིའི་རྩེ་མོར་གསོ་རླུང་བླུགས་སྣོད་རྒྱབ་ཏུ་འཁུར་ཏེ་ལག་གདང་སྦྲེལ་ནས་རྒྱུན་མི་ཆད་པར་སྐོར་ཞིབ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོ་ནི་ས་མཐོའི“”ད་འགོ་བརྩམས་ཏེ་། རྒྱུན་མི་ཆད་པར་སྐོར་ཞིབ་། …… ཁོ་ཚོས་ནི་ས་མཐོའི“གསོམ་སྡོང”དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་བརྟན་སྲུང་བྱས་ཡོད།ཁོ་ཚོའི་ཕུགས་འདུན་ནི་ཁྱིམ་སྲུང་རྒྱལ་སྲུང་དང་མི་གཞན་པའི་ཕུགས་འདུན་སྲུང་རྒྱུ་དེ་ཡིན།
          2018 ལོར་ཕྱིར་མིག་བལྟས་ཚེ། མི་རེ་རེ་ཕུགས་འདུན་གྱི་ལམ་བུའི་སྟེང“སྐྱིད་པོ་རོལ་ཞིང་། སོང་བ་ཧ་ཅང་བརྟན་པོ་ཡིན”པ་དང་།  མཚོ་བོད་ས་མཐོའི་ཐོག་བསམ་འདུན་འཚོལ་སྙེག་གི་མི་དེ་དག་ནི་དེ་བས་དཀའ་སྤྱད་སྡུག་རུས་དང་ཁང་ཆར་ལ་མི་འཛེམ་པར་མདུན་དུ་སྐྱོད་བཞིན་ཡོད་ཅིང་། 2019ལོར། ང་ཚོས་སྔར་བཞིན་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལྡན་པའི་ངང་ཕུགས་འདུན་ལམ་བུའི་ཐོག་ཞུམ་པ་མེད་པར་མདུན་དུ་བསྐྱོད་དགོས་སོ། །