ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཕྲུ་གུ་ཚང་མས་དྲང་གཞག་གི་སློབ་གསོ་ལོངས་སྤྱོད་ཐུབ་པ་བྱེད་དགོས།

སྤེལ་དུས 2019-06-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མཱ་ཅིང་།
          ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་དོ་སྙོམས་འཕེལ་རྒྱས་མཐའ་འཁྱོངས་བྱས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་འོག ཐག་རིང་ལུང་ཁུག་གི་གྲོང་ཚོ་དབུལ་པོའི་སློབ་ཆུང་ཚང་མར་གྲོང་ཁྱེར་གྱི་སློབ་མ་དང་གཅིག་མཚུངས་ཀྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་པས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས་ནས་ཏང་གི་སྲིད་ཇུས་ཡག་པོ་འདུག་ཅེས་ཤོད་ཀྱི་ཡོད།
          སྨུག་འཛིན་པས་དུས་རབས་གསར་པར་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་མང་ཚོགས་ལ་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་པར་གཤམ་གསལ་ཕྱོགས་ཁག་ཐད་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
          མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་ནས་སློབ་མ་ཚང་མར་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་པའི་ནང་སློབ་མ་དབུལ་པོར་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་ཐུབ་པར་་བྱས་ནས་དབུལ་པོ་མི་རབས་གཉིས་བརྒྱུད་རྒྱུ་གཏན་འགོག་བྱ་རྒྱུ་དེ་ནི་སློབ་གསོ་དྲང་གཞག་མངོན་འགྱུར་བྱེད་པའི་ལུགས་མཐུན་གྱི་ཆོས་ཉིད་ཅིག་རེད།
          སློབ་གསོ་དྲང་གཞག་མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་མཉམ་སྤྱོད་དང་ཁ་འབྲལ་ཐབས་མེད། དམིགས་བསལ་བྱིས་པ་དང་། ཁྱིམ་ཚང་དབུལ་པོའི་བྱིས་པ། གཞིས་ལུས་བྱིས་པ། གནས་སྤོས་བུ་ཕྲུག་སུ་ཞིག་ཡིན་རུང་ཚང་མར་བྱིས་པ་གཞན་དང་གཅིག་མཚུངས་ཀྱི་འདྲ་མཉམ་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས། དེ་དང་འདྲ་བར་གྲོང་ཁྱེར་གྱི་དགེ་རྒན་དང་གྲོང་གསེབ་ཀྱི་དགེ་རྒན་སུ་ཞིག་ཡིན་རུང་ཚང་མར་དེ་མཐུན་གྱི་སྤྱི་ཚོགས་ཀྱི་གནས་བབ་དང་ཕན་བདེའི་ཐོབ་ཆ་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་ལ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཡང་དེ་དང་འདྲ་བའི་འཕེལ་རྒྱས་ཀྱི་གོ་སྐབས་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས།
          སློབ་གསོ་དྲང་གཞག་མངོན་འགྱུར་བྱ་རྒྱུ་ནི་དོ་སྙོམས་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། ང་ཚོས“སློབ་གྲྭ་འགྲིམ་རྒྱུ་ཡོད་པའི”གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། “སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི”གནད་དོན་ཐག་གཅོད་ཀྱང་བྱེད་དགོས་པ་དང་། སློབ་ཞུགས་གོ་སྐབས་དྲང་གཞག་བརྩོན་ལེན་བྱེད་དགོས་པ་མ་ཟད། སློབ་གསོའི་བརྒྱུད་རིམ་དང་སློབ་གསོའི་གྲུབ་འབྲས་དྲང་གཞག་ཀྱང་བརྩོན་ལེན་བྱེད་དགོས། དྲང་གཞག་ལུགས་མཐུན་ངང་སྤྱི་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཧེ་བག་ཀྱང་སྔར་བས་ཆུང་དུ་བཏང་ནས་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པ་དང་། སློབ་གསོའི་བྱ་གཞག་དོ་སྙོམས་དང་། རྒྱུན་མཐུད། སྐྱོན་བྲལ་བཅས་ཀྱི་སྒོ་ནས་དངོས་འབྲེལ་འཕེལ་རྒྱས་ཡོང་བར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་འགག་རྩའི་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས།
          མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་ནི་མང་ཚོགས་ཀྱི་རེ་སྒུག་བྱ་གཞི་ཞིག་རེད། ཏང་དང་སྲིད་གཞུང་གིས་སློབ་གསོར་མ་དངུལ་གཏོང་ཤུགས་ལོ་རེ་ལས་མ་འདས་པར་ཤུགས་ཆེར་གཏོང་བ་དང་བསྟུན་ནས་ལྷོ་ཁའི་ཕྲུ་གུ་ཚོར་ཡང་སློབ་གསོའི་ཐོན་ཁུངས་དེ་བས་མང་བ་དང་དེ་བས་སྤུས་ལེགས་ལོངས་སུ་སྤྱོད་རྒྱུ་ཡོང་ངེས་ཡིན་པ་སྨྱུག་འཛིན་པར་ཡིད་ཆེས་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།