ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས།

སྤེལ་དུས 2019-07-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བསོད་ནམས་ཁྱུང་འབྲུག
          མིག་སྔ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་དུས་སྐབས་ཡིན་པས། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དང་། གྲོང་ཁྱེར། སྡེ་ཁུལ། ཚན་པ་བཅས་གཏོད་རྒྱུར་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས།
          སྤྱི་ཡོངས་ལ་གཞི་ཚུགས་ནས་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། མི་ཆོས་རིག་གནས་ཅན་དང་། དངོས་ཚན་ཅན། དམངས་ཚོགས་ཅན་བཅས་ཀྱི་སྤྱིའི་བླང་བྱ་ལྟར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རྩ་བའི་ཁ་ཕྱོགས་དང་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་ཐབས་ལམ་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་དང་། རྒྱུན་མཐུད། གཏིང་ཟབ་བཅས་ཀྱི་སྒོ་ནས་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ལས་དོན་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་གཏིང་ཟབ་སྤེལ་རྒྱུའི་འགན་ལེན་བྱེད་དགོས།
          འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཚོགས་ཆུང་གི་སྟོབས་ཤུགས་སྔར་བས་སྙོམས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ་འབྲེལ་ཡོད་ཚན་པ་ཁག་གི་འགན་འཁུར་བ་ཁོངས་མིར་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་ཚད་གཞི་མཐོ་ལ་ལས་ཕྱོད་ཆེན་པོས་སྐུལ་འདེད་གཏོང་དགོས།
          གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་སློབ་གསོར་སྣང་ཆེན་བྱེད་དགོས། གཏོད་པའི་བྱེད་སྒོའི་གཞི་རྟེན་སྔར་བས་ཆེ་རུ་དང་བྱེད་སྒོའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་ནས། འོག་རིམ་ནས་གོང་རིམ་བར་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ལ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱས་ནས། སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
          དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་ཕན་ཐོབ་པར་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་སྡེ་ཚན་ཁག་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སྡེ་ཚན་དེ་རང་དང་། ཁྱབ་ཁོངས་དེ་རང་། གཏོགས་ཁོངས་དེ་རང་བཅས་སུ་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་གི་བྱེད་སྒོ་ཧུར་ཐག་སྤེལ་དགོས།
རྩོམ་སྒྲིག་པ། རིན་སྒྲོལ།