ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

“སྡོད་ཁང་རྟེན་རྫས་བཤམས་མཛོད་ཁང”གིས་དཔང་པོ་བྱེད་པ།

སྤེལ་དུས 2019-07-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          གསར་འགོད་པས་མངའ་རིས་ཀྱི“མཐའ་མཚམས་ཀྱི་གྲོང་ཚོ་དང་པོ”སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོར་བཅར་འདྲི་བྱེད་སྐབས། མི་སེམས་དགའ་བའི་གཏམ་བཟང་སྟེ། མཐའ་མཚམས་ཀྱི་མང་ཚོགས་རྣམས་བོད་བཟོ་དང་རྒྱ་བཟོ་ཟུང་དུ་འབྲེལ་བའི་ཐོག་སོ་གཉིས་ལྡན་གྱི་སྒོ་ར་ཡོད་པའི་དེང་རབས་ཅན་གྱི་སྡོད་ཁང་ནང་སྤོ་རྒྱུ་ཡིན་པ་ཐོས་བྱུང་། དེ་ནི་གྲོང་ཚོའི་སྡོད་ཁང“རབས་ལྔ་པ”ཡིན་ལ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ཆ་ཤས་ཤིག་ཀྱང་ཡིན། 
          བདེ་མཆོག་གྲོང་ཚོའི་མང་ཚོགས་ཀྱི་སྡོད་ཁང་ལ་འགྱུར་ལྡོག་ཐེངས་ལྔ་བྱུང་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་མཐའ་མཚམས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མི་ཚང་མས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྩོན་ལེན་ཧུར་ཐག་བྱེད་ལུགས་དཔང་པོ་བྱས་ཡོད། 
          སྡོད་ཁང“རབས་ལྔ་པ”དེ་མཐའ་མཚམས་མང་ཚོགས་ཀྱི་སྡོད་ཁང་གི་འཕོ་འགྱུར་ལོ་རྒྱུས་ཤིག་རེད་ལ་ཁོང་ཚོའི་མི་རབས་གཉིས་གསུམ་གྱིས་ཏང་ལ་ལྷག་བསམ་རྣམ་དག་དང་མེས་རྒྱལ་ལ་དགའ་ཞེན་རྩེ་གཅིག་ཏུ་བྱེད་པ་དང་། ལོ་བཅུ་གྲངས་ཉིན་གཅིག་ལྟར་ཕྱུགས་འཚོ་བ་དང་མཐའ་མཚམས་སྲུང་བ་དེ་བླ་ན་མེད་པའི་འགན་འཁྲིར་བརྩིས་ནས་མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཚད་ལ་ཡང་སྲུང་སྐྱོང་ཡག་པོ་བྱེད་པ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ལྟ་བུ་ཞིག་ཀྱང་རེད། 
          “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་རྒྱལ་མཚམས་བརྟན་ལྷིང་མེད་ན་ཁྱིམ་ཚང་མང་པོར་ཡང་དུས་བདེ་ཡོང་མི་ཐུབ”ཁོང་ཚོའི་ལུས་ཐོག་ནས་ཀྲུང་ཧྭའི་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་མེས་རྒྱལ་ལ་དགའ་ཞེན་དང་། མཐའ་མཚམས་ལ་གཞིས་ཆགས་པ། ཁྱིམ་སྲུང་རྒྱལ་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་ཀྱི་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་བ་གཅིག་སྡུད་ཐོག་མངོན་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།