དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

​བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་ཞུ་བའི་དཔྱད་གཏམ་དང་པོ།

ཉམས་མེད་ཀྱི་མཛད་རྗེས་རྡོ་རིང་། རླབས་ཆེན་གྱི་མཆོང་སྐྱོད་ཆེ་མོ།

སྤེལ་དུས 2020-03-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          བསིལ་རླུང་དྲོན་མོ་གངས་ལྗོངས་ས་མཐོར་དལ་བུར་ལྡང་། ཡར་ལངས་ཞིང་བྲན་གྱི་བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར། ལོ་61གོང་གི་དཔྱིད་ཀར། དམངས་གཙོའི་བཅོས་སྒྱུར་གྱི་རླབས་རྒྱུན་ས་མཐོའི་ས་གཞི་ཆེ་མོར་རབ་ཏུ་འཕྱུར་ཏེ། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་མཐར་ཕྱིན་བཟོས་ནས་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད། འདི་ནི་བོད་ཀྱི་སྤྱི་ཚོགས་གོང་འཕེལ་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ཐད་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་དང་། མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་གྱི་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཡར་ཐོན་ཧ་ཅང་ཆེན་པོ་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་བཏོད་པ་དང་། བོད་ཀྱི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་བསྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་འགོ་ཚུགས་ནས་འཛམ་གླིང་ཡང་རྩེའི་ཐོག་ནམ་ཡང་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་ཡོད། 

          དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་མཆོང་སྐྱོད་རླབས་པོ་ཆེ་ཞིག་ཡིན་ཞིང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལོ་རྒྱུས་ཀྱི་གད་སྙིགས་ཕུང་པོའི་ནང་དབྱུགས་པ་དང་བསྟུན་ནས་མི་དམངས་དམངས་གཙོའི་ལམ་ལུགས་གསར་རྐྱང་ཞིག་བཙུགས་ཡོད། འདི་ནི་འཕོ་འགྱུར་རླབས་པོ་ཆེ་ཞིག་ཡིན་ཞིང་། དེའི་ཡོངས་ཁྱབ་རང་བཞིན་དང་། མཐར་ཕྱིན་རང་བཞིན། གཏིང་ཟབ་རང་བཞིན་བཅས་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་སྔར་བྱུང་མྱོང་མེད་པ་ཞིག་རེད། ཆབ་སྲིད་ཐད། ཞིང་བྲན་བདག་པོའི་གྲལ་རིམ་གྱིས་ཞིང་བྲན་གྲལ་རིམ་ལ་སྤྱོད་པའི་སྲིད་དབང་སྒེར་འཛིན་རྦད་དེ་མགོ་རྟིང་སློག་པ་དང་རིམ་ཁག་ལོག་སྤྱོད་སྲིད་དབང་མེད་པར་བཟོས་ཏེ། རིམ་ཁག་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་པས་ཞིང་བྲན་ཁྲི་ཚོ་བརྒྱ་ཆོས་སྲིད་ཟུང་འབྲེལ་ཆབ་སྲིད་གཉའ་གནོན་གྱི་འཆིང་རྒྱ་ལས་རྦད་དེ་ཐར་ནས་རང་ཉིད་ལ་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་མི་དམངས་སྲིད་དབང་ཐེངས་དང་པོ་དབང་ཡོད། དཔལ་འབྱོར་ཐད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་རྦད་དེ་མེད་པར་བཟོས་པ་དང་། མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་བདག་གིར་བཟུང་བའི་དབང་བའི་ལམ་ལུགས་མེད་པར་བཟོས་ནས། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་རང་ཉིད་ལ་བདག་པའི་ས་ཞིང་དང་། རྩྭ་ར། ནོར་ལུག་སོགས་ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོ་རང་བདག་བྱུང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཧ་ཅང་ཆེན་པོ་ཐོབ་ཡོད། རིག་གནས་ཐད། མངའ་བདག་ཆེན་པོ་གསུམ་གྱི་རིག་གནས་སྒེར་གཅོད་ལམ་ལུགས་མེད་པར་བཟོས་ནས་ཆོས་སྲིད་ལོགས་དབྱེ་ཡོངས་སུ་ཐུབ་པ་དང་། ཆོས་ལུགས་ལྷ་དབང་དབང་སྒྱུར་གྱི་ལྕགས་སྒྲོག་གཏོར་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཆོས་དད་རང་མོས་བྱུང་སྟེ་རང་ཉིད་ཀྱི་བསམ་པའི་འཚོ་བའི་བདག་པོར་གྱུར་ཡོད། རིག་གནས་སློབ་གསོ་ལོངས་སུ་སྤྱོད་རྒྱུ་དེ་ཡང་སྐུ་དྲག་གཅིག་པུར་དབང་བ་ཞིག་ཁོ་ན་མིན། ཡར་ལངས་ཞིང་བྲན་རྣམས་སློབ་གྲྭར་ཐེངས་དང་པོ་བསྐྱོད་དེ་ཚན་རིག་རིག་གནས་ཤེས་བྱ་སྦྱོང་འགོ་ཚུགས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། དཔལ་འབྱོར་གྱི་རྨང་གཞི་ཡིན་ནའང་འདྲ། ཡང་ན་སྟེང་གི་བཀོད་པའི་འཕོ་འགྱུར་གང་ཞིག་ཡིན་རུང་། ཚང་མས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་གྲུབ་པའི་མེད་དུ་མི་རུང་བའི་ལམ་ལུགས་མེད་པར་བཟོས་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་དང་། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས། ཆབ་སྲིད་གྲོས་མོལ་ལམ་ལུགས། ངལ་རྩོལ་པ་ཁེར་རྐྱང་ལ་དབང་བའི་ལམ་ལུགས་སོགས་ཀྱི་ལམ་ལུགས་བཙུགས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་ལམ་ལུགས་ལ་འཕོ་འགྱུར་མཐར་ཕྱིན་པ་བྱུང་ཞིང་། འདི་ནི་སྔོན་ཐོན་གྱི་སྤྱི་ཚོགས་ལམ་ལུགས་ཀྱིས་རྗེས་ལུས་ཀྱི་སྤྱི་ཚོགས་ལམ་ལུགས་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་དང་། ཐོན་སྐྱེད་འབྲེལ་བ་གསར་པས་ཐོན་སྐྱེད་འབྲེལ་བ་རྙིང་པའི་ཚབ་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་མཆོང་སྐྱོད་རླབས་པོ་ཆེ་བཅས་ཡིན་པས་བོད་ལྗོངས་ཤེས་དཔལ་ཡར་ཐོན་ཕྱོགས་སུ་བསྐྱོད་པའི་ལམ་ལུགས་ཀྱི་འགལ་རྐྱེན་རྦད་དེ་རྩ་གཏོར་བཏང་ཡོད།
          དམངས་གཙོའི་བཅོས་སྒྱུར་ནི་བོད་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བའི་མཆོང་སྐྱོད་རླབས་པོ་ཆེ་ཞིག་ཡིན་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད། འདི་ནི་འཕོ་འགྱུར་རླབས་པོ་ཆེ་ཞིག་ཡིན་ཞིང་། ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་ལྟེ་བའི་དམིགས་ཡུལ་དུ་བཟུང་ནས། བོད་རྙིང་པའི་ཞིང་བྲན་དང་བྲན་གཡོག་གིས་ཞིང་བྲན་བདག་པོར་བརྟེན་པའི་མི་ལུས་གཞན་བརྟེན་གྱི་འབྲེལ་བ་དང་། བོད་རྙིང་པའི་ཡ་ང་སྙིང་རྗེ་མེད་པའི་ཞལ་ལྕེ་དང་གདུག་རྩུབ་ཆེ་བའི་ཁྲིམས་གཅོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ཡ་ང་སྙིང་རྗེ་མེད་པའི་དཔལ་འབྱོར་གྱི་བཤུ་གཞོག ཁྲལ་འུ་ལག་དང་སྐྱེད་ཆེའི་བུ་ལོན། ཆོས་ལུགས་ལྷ་དབང་གི་སྒེར་གཅོད་དབང་སྒྱུར་བཅས་རྦད་དེ་མེད་པར་བཟོས་པ་བརྒྱུད། དེ་སྔའི“སྐད་ཆ་ཤོད་ཤེས་པ་ཙམ་གྱི་ལག་ཆ་ཡིན་པའི”ཞིང་བྲན་དང་བྲན་གཡོག་རྣམས་ལ་མི་ལུས་བཅིངས་འགྲོལ་དང་། བསམ་པའི་འཚོ་བར་བཅིངས་འགྲོལ་ཐོབ་ནས་ཁྱིམ་ཚང་ཡོད་པ་དང་། ལས་ཀ་ཡོད་པ། ལ་རྒྱ་ཡོད་པ་བཅས་ཀྱི་རང་དབང་ལྡན་པའི་སྤྱི་དམངས་ལ་གྱུར་ཡོད། མི་དམངས་ཀྱི་སྲིད་དབང་གསར་པ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་གསར་པ། ཀྲུང་གོ་གསར་པའི་བཅའ་ཁྲིམས་བཅས་ཀྱིས་བོད་མི་དམངས་འདྲ་མཉམ་ཡོང་བའི་འགན་ལེན་ཡོད་པ་དང་། ཚང་མས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་ཆོག་པས། བོད་དུ་མི་དམངས་དམངས་གཙོ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་སྦྲགས། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་དབང་སྒྱུར་དང་། གཉའ་གནོན། བྲན་བཀོལ་བཅས་ཀྱི་ཡ་ང་བའི་ལས་དབང་ལས་ཐར་ནས་རང་ཁྱིམ་རང་བདག་དངོས་འབྲེལ་བྱུང་ཡོད། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་དམངས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་དེ་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་བཏང་བ་བརྒྱུད། བྱ་གཞག་ཁག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་མ་ཟད། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་དུས་རབས་གསར་རྐྱང་ཞིག་གི་སྒོ་མོ་འབྱེད་འགོ་ཚུགས་ཡོད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བའི་མཛད་རྗེས་རླབས་པོ་ཆེ་ཞིག་ཡིན་ལ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་ཞིག་ཀྱང་རེད།
          དམངས་གཙོའི་བཅོས་སྒྱུར་ནི་རིག་གནས་ཐད་ཀྱི་མཆོང་སྐྱོད་རླབས་པོ་ཆེ་ཞིག་ཡིན་ཞིང་། མི་རྣམས་ཀྱི་བསམ་བློའི་འཆིང་རྒྱ་གཏོར་ཏེ་འདུ་ཤེས་གསར་པ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས། བོད་ལྗོངས་ཤེས་དཔལ་ཡར་ཐོན་ཕྱོགས་སུ་བསྐྱོད་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འཕོ་འགྱུར་རླབས་པོ་ཆེ་འདི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་རྒྱུན་འཛིན་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་མཐུད་བྱས་ཡོད། འཕོ་འགྱུར་རླབས་པོ་ཆེ་འདིའི་ནང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་སྟེང་གི་བཀོད་པ་མགོ་རྟིང་སློག་པ་དང་། ལྷ་དབང་སྒེར་གཅོད་ལམ་ལུགས་མེད་པར་བཟོ་བ། ཆོས་ལུགས་ཀྱི་དམིགས་བསལ་དབང་ཆ་འཕྲོག་པ། ལྷ་ཡིས་མཐའ་དག་གཏན་འཁེལ་བྱེད་པའི་བསམ་པའི་བྲན་བཀོལ་རྩ་མེད་བཟོས་པ་བཅས་བརྒྱུད། ཡར་ལངས་ཞིང་བྲན་གྱི་བསམ་བློར་སྔར་བྱུང་མྱོང་མེད་པའི་བཅིངས་འགྲོལ་ཐོབ་ཡོད། མི་དམངས་སྲིད་དབང་བཙུགས་པ་དང་བསྟུན་ནས། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱིས་སྟེང་གི་བཀོད་པའི་ཁྲོད་གཙོ་ཁྲིད་ཀྱི་གནས་བབ་བཟུང་བ་དང་། གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་བོད་ལྗོངས་འདི་ཉིད་ལྷ་གཙོ་རིང་ལུགས་ནས་མི་དམངས་རྩ་བར་འཛིན་པའི་ཕྱོགས་སུ་བསྐྱོད་དེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ཐུབ་ནས་མི་རྣམས་ཀྱི་བསམ་པའི་འཇིག་རྟེན་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་དམངས་གཙོའི་བཅོས་སྒྱུར་ནང་ལས་མངོན་པའི“ཉི་ཟླ་གསར་པར་སྒྱུར་ཕོད་པའི”གསར་བརྗེའི་སྙིང་སྟོབས་དང་། དར་སྤེལ་གཏོང་བའི་མཐུན་སྒྲིལ་ཡར་བརྩོན་གྱི་རིན་ཐང་དོན་གཉེར། རབ་ཏུ་འཕེལ་བའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོ་བཅས་དང་། ལྷག་དོན་དུ་ལོ་རབས་དེའི་དུས་སུ་སྐྱེད་སྲིང་དང་གྲུབ་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་ཆེད་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། བོད་ཀྱིས“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཏོད་ཆེད་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་འདུས་ཡོད། དམངས་གཙོའི་བཅོས་སྒྱུར་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་། རྨང་གཞི་བརྟན་པོ། བསམ་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་ལ་བརྟེན་པ་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གསར་སྒྱུར་འབད་འབུངས་དང་མཐུན་སྒྲིལ་ཡར་བརྩོན་བྱས་ཏེ་སྒྱུར་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བར་དང་། སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་ལག་ལེན་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་བར། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བརྗིད་ཆེའི་ལེའུ་བརྩམས་ཡོད། འཕོ་འགྱུར་རླབས་པོ་ཆེ་འདིས་བཏོད་པའི་འོད་སྟོང་འཕྲོ་བའི་ལམ་བུ་འདི་བརྒྱུད་པས། དེང་གི་བོད་ལྗོངས་གཞི་ནས་མགོ་འཕང་མཐོན་པོས་དུས་རབས་གསར་པར་བསྐྱོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད།
          སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་དམངས་གཙོའི་བཅོས་སྒྱུར་གྱི་གཟི་རླབས་དགུང་འཕྱུར་གྱི་རོལ་དབྱངས་ཁྲོད་ནས་བྱུང་ཞིང་། གཟི་རླབས་དགུང་འཕྱུར་གྱི་རོལ་དབྱངས་འདི་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་བོད་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱུན་མཐུད་ནས་བརྩམས་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་འཐབ་ཇུས་གནས་བབ་ཐོག་བཞག་ནས་གསར་གཏོད་རང་བཞིན་ལྡན་པའི་ངང“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་བཏོན་གནང་བ་དང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་བཀོད་ཇུས་བཏིང་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་འཁྱོངས་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཞིང་མདུན་སྐྱོད་བྱས་པ་བརྒྱུད། བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་མཛུབ་ཁྲིད་ནུས་ལྡན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་གཟིགས་སྐྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་ཡུན་རིང་གི་རོགས་སྐྱོར་བཅས་མེད་ན། དེང་གི་བོད་ཀྱི་དར་རྒྱས་ཡར་ཐོན་གྱི་རྣམ་པ་བཟང་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྷིང་འཇགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཡོང་མི་སྲིད་པ་ར་འཕྲོད་རྩོད་ཐབས་མེད་པ་བྱུང་ཡོད།
          རླབས་ཆེན་གྱི་མཆོང་སྐྱོད་ཆེ་མོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་བྱེད། ཉམས་མེད་ཀྱི་མཛད་རྗེས་རྡོ་རིང་གི་འོད་སྟོང་ལོ་རྒྱུས་ཀྱི་དུས་སྐབས་གང་སར་འཕྲོ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་གཙོ་གནད་ལས་འགན་གསུམ་ལ་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔར་ངར་ཆེན་པོས་འབད་འཐབ་བཅས་བྱས་ཏེ་དུས་རབས་གསར་པར་མུ་མཐུད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རླབས་ཆེན་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། བདེ་སྒྲོལ།