དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

དབུལ་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི“སྒུལ་ཤུགས་གཙོ་བོར” སྐུལ་འདེད་གཏོང་དགོས།

སྤེལ་དུས 2020-05-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          མིག་སྔར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པས། སྨྱུག་འཛིན་པས་ཇི་ཙམ་གྱིས་དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཚེ། དེ་ཙམ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་དམངས་ཕྱུག་པོར་འགྱུར་བའི“སྒུལ་ཤུགས་གཙོ་བོ”སྐུལ་སློང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི“རྒྱལ་ཁ་ཕུ་ཐག་གཅོད་པའི”དམག་འཐབ་ཡག་པོ་རྒྱག་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་དབུལ་སྐྱོར་གྱི་ལེགས་ཆར་འགྱུར་བ་བྱས་ཏེ“གསར་བརྗེའི་སྒུལ་ཤུགས”ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གང་མགྱོགས་བྱས་ནས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སེམས་མཐུན་གྱི་དམ་བཅའ་བརྟན་པོར་འཇོག་དགོས།
         ཧེ་བག་འཚོལ་བ་དང་དམིགས་ཚད་ཁ་གསལ་བཟོས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པར་སྐུལ་འདེད་གཏོང་བའི“འགན་འཁྲིའི་གསལ་ཐོ”བཟོ་དགོས་ཤིང་། སྣེ་ཁྲིད་ལ་དམ་འཛིན་དང་ལམ་སྲོལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་ལྕི་པོར་ཤུགས་སྣོན་རྒྱག་དགོས།
         ཤེས་ལྡན་མི་སྣར་དམིགས་པ་དང་དཔུང་ཁག་ལ་སྣེ་ཁྲིད་བྱས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པར་སྐུལ་འདེད་གཏོང་བའི་“དམག་ཧྲག”ཅིག་གཏོད་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མཐོང་ཆེན་གྱིས་གྲོང་ཚོའི་ལས་བྱེད་པ་གསོ་སྐྱོང་གདམ་གསེས་ལམ་སྲོལ་གསར་གཏོད་བྱེད་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་ཞིང་པ་ཏང་ཡོན་སོགས་མི་ཚོགས་ཀྱི་ཁྲོད་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་བདམས་ཏེ་གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་དུ་འཇུག་དགོས། ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིར་སློབ་གསོ་གསོ་སྦྱོང་དང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་དོན་དག་ཐེར་མཐར་ཕྱིན་པ་ཡོང་བར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་སྐུལ་ལྕག་ལམ་སྲོལ་བཙུགས་ཏེ་ཚན་རྩལ་རྣམ་གྲངས་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་རྣམ་གྲངས་ཐད་ཀྱི་མ་དངུལ་འཐབ་ས་དང་པོར་ཕྱོགས་ནས་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་ཆ་རྐྱེན་ཞན་པའི་ས་ཁུལ་དུ་ལུགས་མཐུན་ངང་སྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས།