ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་དགོས།

སྤེལ་དུས 2021-12-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ནི་དུས་རབས་གསར་པར་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དམ་འཛིན་བྱེད་ཡུལ་གཙོ་བོ་དེ་རེད། གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་འགྲོལ་འགག་གཏོར་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་དེ་ཡིན་པས་ང་ཚོས་རྨང་གཞི་སྔར་བས་ཡག་པོ་འདིང་བ་དང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་གྲུབ་འབྲས་བརྟན་དུ་གཏོང་རྒྱུར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ།  མུ་མཐུད་དེ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ།  ཐོན་ལས་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཐོག་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པ་འགན་ལེན་བྱེད་དགོས།  དེ་དང་དུས་མཚུངས་སུ་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་སྟབས་བསྟུན་འབྲེལ་མཐུད་བྱེད་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་དབུལ་ཕོངས་ས་ཁུལ་གྱི་ནང་སྐྱེས་གོང་འཕེལ་ནུས་པ་ཆེ་རུ་གཏོང་བ་དང་།  སྔོན་ལ་ཕྱུག་འགྱུར་བྱུང་བ་རྣམས་ཀྱིས་རྗེས་ལ་ཕྱུག་པ་ཆགས་པ་བྱེད་མཁན་ལ་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།    ཤར་ནུབ་རོགས་ལས་དང་ཁ་གཏད་རོགས་སྐྱོར། སྤྱི་ཚོགས་སྟོབས་ཤུགས་རོགས་སྐྱོར་ནང་ཞུགས་པ་སོགས་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དབུལ་འགྲོལ་མང་ཚོགས་ཀྱི་འཚོ་བ་དེ་བས་ཡག་པ་དང་རིམ་བཞིན་ཐུན་མོང་ཕྱུག་འགྱུར་གྱི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་་སྟོན་བྱས་ཡོད་པ་རེད།    
རྩོམ་སྒྲིག་པ། བདེ་སྒྲོན།