གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ལྷ་སའི་རྒྱལ་ཁབ་ཀྱི་ས་རིས་མཚོན་རྟགས་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་13ཙམ་ཟིན་པ།

སྤེལ་དུས 2018-08-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
          ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ཐོན་རྫས་7ལ་རྒྱལ་ཁབ་ཀྱི་ས་རིས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་གི་དཔང་བདེན་ར་སྤྲོད་ཐོབ་ནས་སྲུང་སྐྱོང་ཁྱབ་ཁོངས་གྲོང་ཁྱེར་ཡོངས་ལ་ཁྱབ་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་13ཙམ་ཟིན་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པ་སོགས་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་ས་རིས་མཚོན་རྟགས་ནི་རྒྱལ་སྤྱིའི་ཐོག་ཀུན་ཏུ་ཁྱབ་པའི་ཤེས་བྱའི་བདག་དབང་ལམ་ལུགས་ཤིག་ཡིན་པ་དང་། ཉོ་ཚོང་ཁྲོད་དེ་ནི་སྤུས་ཚད་དང་། ཁྱད་ཆོས། མཚན་སྙན་བཅས་ཀྱི་འགན་ལེན་ཞིག་རེད། ལྷ་ས་གྲོང་ཁྱེར་སྤུས་ཚད་ལྟ་སྐུལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཚེ་རིང་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པར། ལྷ་ས་དེ་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ཐུན་མིན་ཁྱད་ཆོས་ལྡན་པའི་ས་གཤིས་ཀྱི་ཆ་རྐྱེན་དང་རིག་གནས་ཀྱིས་ཞིང་འབྲོག་ཐོན་རྫས(འདམ་གཞུང་གི་འབྲི་གཡག)དང་། ཀྲུང་ལུགས་སྨན་རྒྱུ(ཁ་ཆེ་ཤ་སྐམ) བོད་སྨན(བོད་ལུགས་སྨན་རྫས) ཡང་བའི་བཟོ་ལས་ཐོན་རྫས(སྙེ་མོའི་སྤོས) བཏུང་བྱ(ཆུ་དམར་ལུང་གཏེར་ཆུ) བཟའ་བཅའ་ལས་སྣོན(རྒུ་རུམ་རྩམ་པ) བཟོ་རྩལ་ཐོན་རྫས(བོད་རུམ)སོགས་ཀྱི་རྒྱལ་ཁབ་ཀྱི་ས་རིས་མཚོན་རྟགས་ཐོན་རྫས་ཀྱི་ཐོན་ཁུངས་རིགས་7སྐྱེད་སྲིང་བྱས་པ་དེའི་ནང་ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་ལས་ཀྱི་སྨན་རྫས་དང་། བཏུང་བྱ། བཟའ་བཅའ། རྒྱན་ཆ་བཅས་ཀྱི་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཚུད་ཡོད་པ་རེད།
          ཚེ་རིང་སྒྲོལ་དཀར་གྱིས་ས་རིས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་བྱས་པ་དེས་ལྷ་སའི་ཁྱད་ལྡན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ནུས་ལྡན་ངང་མཐོ་རུ་ཕྱིན་ནས“ཕྱུག་འགྱུར་འབྲི་གཡག”དང་། “ཕྱུག་འགྱུར་སྨན”“ཕྱུག་འགྱུར་ཆུ”“ཕྱུག་འགྱུར་རུམ”ཁག་གཅིག་ཐོན་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་གནད་སྨིན་རོགས་རམ་བྱེད་ཐུབ་པ་བྱུང་ཡོད་ཅེས་བཤད།