གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་ཞི་ཅིན་ཕིང་གི་དབུལ་སྐྱོར་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་པར་དུ་བསྐྲུན།

སྤེལ་དུས 2018-08-17 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གཉིས་ཀྱིས་རྩོམ་བསྒྲིགས་བྱས་པའི་ཞི་ཅིན་ཕིང་གི་དབུལ་སྐྱོར་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་བཀྲམ།
          རྒྱས་བཤད་བཤུས་སྒྲིག་དེ་སྡོམ་པས་ཁག་བརྒྱད་དུ་བགོས་ཡོད། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས་འབྱོར་འབྲིང་ཁྱོན་ཡོངས་ནས་མཉམ་སྤྱོད་བྱེད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་རྩ་འཛུགས་ཁག་ཐེག་ནུས་པ་ཇེ་ཆེར་གཏོང་བ། གནད་ཕིགས་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་ཕན་འབྲས་ཇེ་མཐོར་གཏོང་བ། དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ། སྤྱི་ཚོགས་སྐུལ་སློང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། རེ་བ་ནན་མོ་འདོན་པ་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་ཀྱི་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བ། མང་ཚོགས་གཙོ་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ནང་བའི་སྒུལ་ཤུགས་ཇེ་ཆེར་གཏོང་བ། ལག་རྡང་སྦྲེལ་ཏེ་དབུལ་ཕོངས་ཀྱི་རྣམ་པ་སེལ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཚོགས་པ་མཉམ་སྐྲུན་བྱེད་པ་བཅས་རེད། དཔེ་ཆ་དེའི་ནང་དུ་རྒྱས་བཤད་ཚན་པ་ཉིས་བརྒྱ་དང་ཞེ་གཉིས་བཀོད་ཡོད་པ་དང་། ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པའི་བར་གྱི་གསུང་བཤད་དང་སྙན་ཞུ། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་དྲུག་ཅུ་ལྷག་ལས་བཤུས་ཤིང་། དེའི་ནང་གི་རྒྱས་བཤད་གང་མང་ཞིག་ཐེངས་དང་པོར་སྤེལ་བ་རེད། ཞི་ཅིན་ཕིང་གི་དབུལ་སྐྱོར་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་པར་བསྐྲུན་འགྲེམ་སྤེལ་བྱས་པ་དེ་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཞི་ཅིན་ཕིང་གི་དབུལ་སྐྱོར་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་ལག་ལེན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཚོགས་པ་མཉམ་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།