ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ》ཞེས་པ་པར་འགྲེམ་བྱས་པ།

སྤེལ་དུས 2018-12-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་༼ ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ༽ཞེས་པའི་དཔེ་དེབ་དེ། ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་པ་རེད།
          ཆེད་དོན་གསུང་རྩོམ་ཕྱོགས་བསྡུས་འདི་ནི་སྤྱི་ལོ་༢༠༡༣ལོའི་ཟླ་༩པའི་ཚེས་༧ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ནཱ་བཀྲ་ཕ་ཡེ་ཧྥུའུ་སློབ་གྲྭ་ཆེན་མོར་གནང་བའི་གསུང་བཤད་ཀྱི་༼ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་༽ཅེས་པས་ནང་དོན་ཁག་ཅིག་གི་འགོ་བརྗོད་ཀྱི་ལེའུ་བྱས་པ་དང་། སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༡༠ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་ཁག་ཅིག་སྟེ་༼འཐབ་ཇུས་དང་བྱ་སྤྱོད་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ཏེ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་༽ཞེས་པས་མཇུག་བསྡུའི་ལེའུ་བྱས་ཡོད་ཅིང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་སྐོར་ལ་མཐའ་དཔྱོད་གནང་བའི་རྩོམ་ཡིག་གལ་ཆེན་༤༢བསྡུས་ཡོད་པ་དང་། ཧ་ལམ་ཡིག་འབྲུ་ཆིག་འབུམ་གསུམ་ཁྲི་ཙམ་ཡོད་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་མོ་གཉིས་ལ་གཅིག་གྱུར་འཆར་འགོད་གནང་བ་དང་། འཛམ་གླིང་གི་གནས་བབ་ལ་ལྟ་ཞིབ་དང་བསམ་གཞིགས་ཟབ་མོ་གནང་བ། དུས་རབས་ཀྱི་དར་སྲོལ་དང་བསྟུན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གོམས་པར་གནང་སྟེ། ཐེངས་དང་པོར་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་གནང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ལམ་རྒྱུད་རྒྱལ་ཁབ་ཀྱིས་དང་ལེན་གང་ལེགས་བྱས་ཡོད་པ་རེད། སྒོ་འབྱེད་ཀྱི་རྒྱ་སྐྱེད་པའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་ནི་རང་རྒྱལ་གོ་ལ་ཧྲིལ་པོའི་སྒོ་འབྱེད་མཉམ་ལས་ནང་ཞུགས་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་ལེགས་བཅོས་བྱེད་པ། གོ་ལ་ཧྲིལ་པོ་ལྷན་དུ་གོང་འཕེལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཀྲུང་གོའི་ཐབས་ཇུས་སུ་འགྱུར་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་མཛུབ་སྟོན་རྩ་དོན་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་ཡུལ་དང་འགྲོ་ལམ་སོགས་ཀྱི་ཐད་ལ་རྒྱས་གླེང་གང་ལེགས་གནང་ཡོད་པས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་རྒྱུ་གཏིང་ཟབ་དངོས་གཉེར་དང་། བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་ཀྱིས་ལམ་རྒྱུད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཡང་དག་པའི་ཁ་ཕྱོགས་གསལ་པོར་བསྟན་ཡོད་པ་དང་། མ་འོངས་པར་འཆར་འགོད་ལེགས་པོ་བྱས་ཡོད་ལ། ཆོས་ཉིད་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད།