ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་ནས་ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག་དཔར་འགྲེམ་བྱས་པ།

སྤེལ་དུས 2019-01-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ནས་ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག་དཔར་འགྲེམ་གནང་བ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དེ་དོན་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད།
           བརྡ་ཐོའི་ནང་། གྲོང་གསེབ་ཀྱི་བསྒྱུར་བཅོས་གོང་འཕེལ་དང་དུས་བབ་ལས་འགན་བཅས་ལ་འགྱུར་བ་འགྲོ་བ་དང་བསྟུན་ནས། སྤྱི་ལོ་༡༩༩༩ལོའི་ཟླ་༢པའི་ནང་ཀྲུང་དབྱང་ནས་དཔར་འགྲེམ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག་དེ་མིག་སྔའི་བླང་བྱ་གསར་པ་དང་ལག་ལེན་གསར་པའི་དགོས་མཁོ་དང་འཚམ་མཐུན་ཡོང་ཐུབ་ཀྱི་མེད་པས། ཏང་ཀྲུང་དབྱང་ནས་དེར་བཟོ་བཅོས་བྱ་རྒྱུའི་གཏན་འབེབས་གནང་ཡོད་ཅེས་འཁོད་པ་དང་།
           བརྡ་ཐོའི་ནང་། མིག་སྔར། གྲོང་གསེབ་ཀྱི་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་ཐག་གཅོད་དམག་འཐབ་བྱེད་པ་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད། ཞིང་པ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་དགོ་མཁོ་ཉིན་རེ་བཞིན་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་སྐོང་རྒྱུ་བཅས་ཀྱི་ཆེད་དུ། ངེས་པར་དུ་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱེད་དགོས་པ་དང་། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གྲོང་གསེབ་བསྒྱུར་བཅོས་གོང་འཕེལ་དང་བརྟན་ལྷིང་བཅས་ཀྱི་ཆེད་དུ་སྲ་བརྟན་གྱི་ཆབ་སྲིད་དང་རྩ་འཛུགས་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་དང་།
           བརྡ་ཐོའི་ནང་། སྲོལ་ཡིག་ནི་དུས་རབས་གསར་པའི་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་རྩ་བའི་གཞི་འཛིན་ས་ཡིན་ཞིང་། རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བའི་མཐོ་ཚད་ཐོག་ནས། སྔ་བར་ཕྱི་གསུམ་དུ་གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གནས་བབ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། ལྷག་པར་དུ་རྫོང་རིམ་པའི་ས་གནས་ཏང་ཨུད་ཀྱིས་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དོ་དམ་བཅོས་སྐྱོང་གི་གལ་ཆེའི་ལས་འགན་ལ་བརྩིས་ནས་དམ་འཛིན་ནན་པོ་བྱེད་པ། ནུས་ལྡན་གྱི་བྱ་ཐབས་བཟུང་བ། འགན་འཁྲིའི་འགན་ལེན་ཤུགས་ཆེར་གཏོང་བ་བཅས་བྱས་ནས། སྲོལ་ཡིག་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ནས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་སྐུལ་འདེད་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱབ་སྟེ་གཏན་འབེབས་ཁག་ལག་བསྟར་ཡོང་རྒྱུར་འགན་ལེན་བྱ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།