ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཝང་ཅེ་བཅུ་ཤོག་གི་འཐབ་མོ་པ་ཡོངས་ལ་འཕྲིན་ལན་བསྐུར།

སྤེལ་དུས 2019-02-02 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཤོག་དོན་གཅིག་པའི་སྟོང་ཤོག་ག་གེ་མོའི་ཝང་ཅེ་བཅུ་ཤོག་གི་འཐབ་མོ་པ་ཡོངས་ལ་འཕྲིན་ལན་བསྐུར་ནས། ཁོ་ཚོར་སློབ་སྦྱོང་བཟང་པོ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ནུས་པ་སྦྱོང་བརྡར་བྱེད་པ། ཡང་བསྐྱར་གྲུབ་འབྲས་ལེན་པ་བཅས་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་པའི་འཐབ་མོ་པ་བཟང་པོ་བྱེད་དགོས་པ་དང་། མི་དམངས་དམག་དཔུང་གི་ཁྲོད་ནས་ལང་ཚོའི་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་པར་མ་ཟད། འཐབ་མོ་པ་དང་འཐབ་མོ་པའི་ཁྱིམ་མི་རྣམས་ལ་ལོ་སར་གྱི་སྨོན་འདུན་་ཞུས། འཕྲིན་ཡིག་གི་ནང་དོན་གཤམ་གསལ་ལྟར།
            ཝང་ཅེ་ལྡིང་ཤོག་གི་འཐབ་མོ་པ་རྣམ་པ། ཁྱོད་ཚོ་སྐུ་ཁམས་བཟང་། ཁྱོད་ཚོའི་འཕྲིན་ཡིག་འབྱོར་བ་དང་། ལོ་གཅིག་སྔོན་གྱི་ང་ཚོའི་མཉམ་པར་མཐོང་སོང་བས། སྐབས་དེའི་གནས་ཚུལ་ཡང་བསྐྱར་མིག་ལམ་དུ་མངོན་སོང་། ཁྱོད་ཚོས་དུས་རབས་གསར་པའི་ཏང་གི་དམག་སྐྱེད་དགོངས་པ་ནན་ཏན་གྱིས་སློབ་སྦྱོང་དང་། ཝང་ཅེ་སྙིང་སྟོབས་དར་སྤེལ། འབད་འཐབ་ལྷོད་མེད་བཅས་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་གསར་པ་བླངས་པ་ཤེས་པས། ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།
            དམག་སྐྱེད་ལས་དོན་གོང་དུ་སྤེལ་ནས་གཞི་རིམ་ནས་བྱ་བ་ཆེན་པོ་བསྒྲུབ་ཆོག་པས། ཁྱོད་ཚོས་སློབ་སྦྱོང་བཟང་པོ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ནུས་པ་སྦྱོང་བརྡར་བྱེད་པ། ཡང་བསྐྱར་གྲུབ་འབྲས་ལེན་པ་བཅས་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་པའི་འཐབ་མོ་པ་བཟང་པོ་བྱེད་དགོས་པ་དང་། མི་དམངས་དམག་དཔུང་གི་ཁྲོད་ནས་ལང་ཚོའི་བྱས་རྗེས་འཇོག་དགོས།
            ལོ་སར་ལ་ཉེ་བའི་སྐབས་འདིར་ངས་ཁྱོད་ཚོ་དང་ཁྱོད་ཚོའི་ཁྱིམ་མི་རྣམས་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་ཡིན་ཟེར།
            ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རྟག་ཏུ་གཞི་རིམ་ཐུགས་སུ་འཛིན་པ་དང་དཔོན་དམག་ལ་བརྩེ་བ་འཆང་བཞིན་ཡོད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཤོག་དོན་གཅིག་པར་གཟིགས་བཤེར་གནང་སྐབས། ཆེད་དུ་རླབས་ཆེ་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ་བློ་མཐུན་ཝང་ཅེ་སྐུ་མ་གཤེགས་གོང་ཡོད་སའི་ལྡིང་ཤོག་ཏུ་ཕེབས་པ་དང་། ཝང་ཅེ་བཅུ་ཤོག་དང་བཞུགས་མོལ་བརྗེ་རེས་མཛད་དེ། བློ་མཐུན་ཡོངས་ཀྱིས་གཟི་བརྗིད་སྲོལ་བཟང་དར་སྤེལ་བྱས་ནས། རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས་པའི་སྐུལ་མ་གནང་། ཉེ་སྔོན་ཝང་ཅེ་མདའ་ཤོག་གི་འཐབ་མོ་པ་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕི་ལ་འཕྲིན་ཡིག་བསྐུར་ནས། ཁོ་ཚོའི་ལོ་གཅིག་ལྷག་རིང་གི་བྱ་བ་དང་སློབ་སྦྱོང་། སོ་སོའི་འཚར་ལོངས་གོང་འཕེལ་སོགས་ཕྱོགས་ཀྱི་གནས་ཚུལ་ཡར་ཞུ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། ཡར་བརྩོན་ལྷོད་མེད་ཀྱིས་ཡང་བསྐྱར་གྲུབ་འབྲས་བཟང་པོ་ལེན་པའི་ཆོད་སེམས་དང་རྣམ་འགྱུར་བསྟན།