ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་རྒྱང་སྐྱོད་སྙིང་སྟོབས་གླེང་བ།

སྤེལ་དུས 2019-06-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བསྟན་འཛིན་འཇམ་དཔལ། མིག་དམར་རྒྱ་མཚོ།
             ད་ལོ་ནི་དམར་དམག་རྒྱང་སྐྱོད་བྱས་ནས་ལོ་༨༥འཁོར་བའི་ལོ་ཡིན། རྒྱང་སྐྱོད་ནམ་ཡང་ལམ་དུ་ཡོད། མི་རབས་རེ་རེར་མི་རབས་རེའི་རྒྱང་སྐྱོད་ཀྱི་ལམ་བུ་རེ་ཡོད་པ་དང་། མི་རབས་རེ་རེའི་མི་ཚང་མས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུའི་སྟེང་བསྐྱོད་དགོས་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཐད་གལ་ཆེའི་རྣམ་བཤད་རབ་དང་རིམ་པ་ཐེངས་མང་གནང་མྱོང་ཡོད། གཤམ་ལ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པར་ཕྱིར་དྲན་བྱ་རྒྱུ་དང་། དམིགས་བསལ་ཇུས་འགོད་ལེ་ཚན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་སྙིང་སྟོབས་གླེང་བ་ཞེས་པ་ཞུ་རྒྱུ་ཡིན།
             སྤྱི་ལོ་༡༩༣༤ལོའི་ཟླ་༡༠པ་ནས་བཟུང་། ཀྲུང་གོའི་གུང་ཁྲན་ཏང་གིས་དམར་དམག་གི་དམག་ཤོག་དང་པོ་དང་། གཉིས་པ། བཞི་པ། དམག་སྡེ་ཉི་ཤུ་རྩ་ལྔ་པ་བཅས་ལ་འགོ་ཁྲིད་གནང་སྟེ་རླབས་ཆེའི་རྒྱང་སྐྱོད་བྱས་ཡོད། སྤྱི་ལོ་༡༩༣༦ལོའི་ཟླ་༡༠པར། དམར་དམག་གི་སྟོབས་ཤུགས་གཙོ་བོ་གསུམ་ཐའེ་པའོ་རུ་མཉམ་དུ་འཛོམས་པ་དེའི་ཐོག་ནས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་རྒྱལ་ཁའི་ངང་མཇུལ་འགྲིལ་བ་མཚོན་གྱི་ཡོད།
             སྤྱི་ལོ་༢༠༡༦ལོའི་ཟླ་༧པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཆེད་མངག་ཐའེ་པའོ་རུ་ཕེབས་ཏེ་དམར་དམག་གི་རྒྱང་སྐྱོད་མཉམ་འཛོམས་ཀྱི་དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུས་པ་དང་། རྒྱང་སྐྱོད་མཉམ་འཛོམས་དྲན་གསོ་གླིང་དང་དྲན་གསོ་ཁང་དུ་གཟིགས་སྐོར་གནང་ཡོད། ཞི་ཅིན་ཕིང་གིས། དམར་དམག་རྒྱང་སྐྱོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཐོག་ངོ་མཚར་བཏོད་ཡོད་པས་ང་ཚོས་རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་གསུངས་པ་དང་།
             ཞི་ཅིན་ཕིང་གིས། གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བས་རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་དཀའ་ངལ་ཁྲི་ཕྲག་ཁྱད་བསད་ཀྱིས་རྒྱལ་ཁ་བརྩོན་ལེན་བྱེད་དགོས། དགྲ་བོ་སྣ་ཚོགས་ཀྱི་མདུན་དུ་འཐབ་འཛིང་མཐའ་གཅིག་ཏུ་བྱེད་པ་དང་། དགྲ་བཏུལ་རྒྱལ་ཁ་ལེན་པ་དེ་དག་ཚང་མ་རྒྱང་སྐྱོད་སྙིང་སྟོབས་ཀྱི་ནང་དོན་རེད། ད་ཐེངས་ཆེད་མངག་འདི་གར་ཡོང་དོན་ནི་སྔོན་བྱོན་དཔའ་བོར་དྲན་གསོ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ། རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་སྐྱོད་ཆེད་བཅས་ཡིན། རྒྱང་སྐྱོད་ནམ་ཡང་ལམ་དུ་ཡོད། ད་ལོ་ནི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བའི་རྒྱང་སྐྱོད་གསར་པ་ཡིན། ང་ཚོ་མི་རབས་འདིས་ང་ཚོའི་མི་རབས་འདིའི་རྒྱང་སྐྱོད་ལམ་བུའི་སྟེང་ཡག་པོ་བསྐྱོད་དགོས་ཞེས་གསུངས་པ་རེད།
             སྤྱི་ལོ་༢༠༡༦ལོའི་ཟླ་༡༠པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༨༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་རྒྱང་སྐྱོད་དང་རྒྱང་སྐྱོད་སྙིང་སྟོབས་ལ་གོ་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད། ཁོང་གིས། རྒྱང་སྐྱོད་ནི་ཕུགས་བསམ་དད་སེམས་ཀྱི་རླབས་ཆེའི་ལམ་བུར་བསྐྱོད་པ་ཞིག་དང་། བདེན་དོན་ལ་ཞིབ་བཤེར་བྱེད་པའི་རླབས་ཆེའི་ལམ་བུར་བསྐྱོད་པ་ཞིག མང་ཚོགས་རྨོངས་གཉིད་ལས་སད་པའི་རླབས་ཆེའི་ལམ་བུར་བསྐྱོད་པ་ཞིག རྣམ་པ་གསར་པ་གཏོད་པའི་རླབས་ཆེའི་ལམ་བུར་བསྐྱོད་པ་ཞིག་བཅས་ཡིན་ཞེས་གསུངས་གནང་བ་དང་།
             ཞི་ཅིན་ཕིང་གིས། དྲག་ཆར་རླུང་འཚུབ་ཀྱི་རྒྱང་སྐྱོད་ལམ་བུའི་སྟེང་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོས་དམར་དམག་མདུན་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་མ་ཐེབས་ཡོད། དམར་དམག་གི་དམག་ཤོག་དང་པོས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱེད་པའི་ལམ་བུའི་སྟེང་ཆ་སྙོམས་སྨི་༣༠༠རེར་དམར་དམག་རེ་རང་སྲོག་བློས་གཏོང་བྱས་ཡོད། རྒྱང་སྐྱོད་ཀྱི་དར་མཚོན་དམར་པོ་ནི་དམར་དམག་གྲངས་མེད་ཀྱི་ཁྲག་དྲོན་ལས་གྲུབ་པ་ཞིག་ཡིན། དཀའ་ཚེགས་ཀྱིས་མིའི་ལུས་ཕུང་ལ་གནོད་འཚེ་བཟོ་བ་དང་། འདས་གྲོངས་ཀྱིས་མིའི་ཚེ་སྲོག་འཕྲོག་བཞིན་ཡོད་ནའང་སྟོབས་ཤུགས་གང་རུང་ཞིག་གིས་ཀྲུང་གོའི་གུང་ཁྲན་ཏང་མིའི་ཕུགས་བསམ་གྱི་དད་སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་ཐུབ་ཞེས་གསུངས་པ་རེད།
             རྒྱང་སྐྱོད་ནི་བསྒྲགས་གཏམ་ཡི་གེ་ཞིག་དང་། རྒྱང་སྐྱོད་ནི་དྲིལ་བསྒྲགས་རུ་ཁག་གཅིག རྒྱང་སྐྱོད་ནི་སོན་འདེབས་འཕྲུལ་འཁོར་ཞིག་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་རང་རེའི་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། གསར་བརྗེའི་མེ་སོན་བཏབ་པ། ཏང་དང་དམར་དམག་གི་ཤུགས་རྐྱེན་རྒྱ་ཆེར་བཏང་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲ་བརྟན་བཏང་བ་བཅས་ཡིན་པས་ཏང་གིས་མི་དམངས་ཀྱི་ཁྲོད་རྩ་བ་བརྟན་པོ་བཙུགས་ཡོད།
             ཞི་ཅིན་ཕིང་གིས། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེའི་ཐོག་ནས། ཀྲུང་གོའི་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་སྟོབས་ཤུགས་གང་ལེགས་མངོན་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ངེས་པར་དུ་མི་དམངས་ཀྱི་ཁྲོད་རྩ་བ་ཚུགས་ནས་འབྲས་བུ་འདོགས་པ་དང་། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་དཀའ་ངལ་ཁྱད་བསད་བྱེད་པ་དང་། རྒྱལ་ཁ་ཐོབ་པ་བྱ་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད་ཅེས་གསུངས་གནང་བ་དང་།
             ཞི་ཅིན་ཕིང་གིས། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ནི། ཀྲུང་གོའི་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་དང་སྙིང་སྟོབས་གདུང་རབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ཁྲོད་གཏིང་ཟབ་འདྲེས་ནས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་འཚོ་བཅུད་གལ་ཆེན་ཞིག་ཏུ་གྱུར་བ་དང་། ཀྲུང་གོའི་མི་དམངས་ཀྱིས་རྒྱུན་ཆད་མེད་པར་དཀའ་ངལ་ཁྱད་བསད་བྱེད་པ་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པར་སྐུལ་ལྕག་བྱེད་པའི་བསམ་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ནན་གསུངས་གནང་ཡོད།
             ཞི་ཅིན་ཕིང་གིས། མི་རབས་རེར་མི་རབས་རེའི་རྒྱང་སྐྱོད་ཀྱི་ལམ་བུ་ཡོད། མི་རབས་རེས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས། ད་ཆ། ང་ཚོའི་མི་རབས་འདིའི་རྒྱང་སྐྱོད་ཀྱི་ལམ་བུ་ནི། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད།
             རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་སྐྱོད་བྱ་དགོས། སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༠པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གསུང་བཤད་གལ་ཆེན་གནང་བའི་ནང་། ཏང་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དུས་རབས་འདིའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དགོས་པའི་བླང་བྱ་བསྐྱར་དུ་བཏོན་གནང་ཡོད།
             ཞི་ཅིན་ཕིང་གིས། བློ་རྩ་བརྟན་པོ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་མཁན། དེ་བཞིན་འབད་འཐབ་བྱེད་མཁན་བཅས་ལ་ལོ་རྒྱུས་ཀྱིས་ཐུགས་ཁུར་བྱེད་སྲིད་པ་ལས། ཐེ་ཚོམ་ཅན་དང་། སྒྱིད་ལུག་ཅན། དཀའ་ངལ་ལ་སྐྲག་མཁན་བཅས་སྒུག་ནས་སྡོད་མི་སྲིད། ཏང་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པ་དང་། ང་རྒྱལ་དང་འཚབ་འཚུབ་སྤང་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། དུས་ཀྱིས་ང་རང་སྒུག་སྡོད་མི་སྲིད་པས། དུས་ཚོད་སྐད་ཅིག་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་འབད་བརྩོན་ཆེན་པོས་བསྐྱོད་དགོས་ཞེས་གསུངས་ཡོད།
             ད་ལོའི་སྤྱི་ཟླ་༥པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་གནང་སྐབས། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་གཅིག་སྡུད་རྡོག་ཐོན་བྱ་ཡུལ་ཀན་ཀྲའུ་གྲོང་ཁྱེར་ཡུའེ་ཏུའུ་རྫོང་དུ་ཕེབས་པ་དང་། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་བྱེད་འགོ་ཚུགས་པའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་གནང་ཡོད། ཁོང་གིས་ཡུའེ་ཏུའུ་རྫོང་དུ་ཡོད་པའི་དམར་དམག་གི་རྗེས་རབས་པ་དང་། གསར་བརྗེའི་སྔོན་བཤེགས་དཔའ་བོའི་ནང་མིའི་འཐུས་མི་ལ་བྱམས་བརྩེའི་ཐུག་འཕྲད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནི་གསར་བརྗེའི་སྔོན་བཤེགས་དཔའ་བོ་གྲངས་མེད་ཀྱི་ཁྲག་དྲོན་ལ་བརྟེན་ནས་བྱུང་བ་དང་། སྐབས་དེ་དུས་ཏང་དང་དམར་དམག་གིས་རྒྱང་སྐྱོད་ལམ་བུའི་ཁྲོད་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་སླར་སྐྱེས་ཐུབ་པ་དེ་ནི་གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བའི་འདུ་ཤེས་བཅངས་པས་ཡིན་པ་དང་། མཐའ་མཇུག་ཏུ་མི་རྣམས་ནས་ཡིད་ཆེས་དཀའ་བའི་ངོ་མཚར་བཏོད་ཡོད་ཅེས་གསུངས་གནང་ཡོད།
             ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ད་བར་ལོ་ངོ་༧༠ཕྱིན་ཡོད། ང་ཚོས་འདས་ཟིན་པའི་ལོ་ཟླ་དུས་ནམ་ཡང་བརྗེད་མི་རུང་བ་དང་། ཆུ་འཐུང་དུས་ཆུ་འགོ་དྲན་དགོས་པ། ང་ཚོའི་གསར་བརྗེའི་རྒན་རབས་པ་དང་གསར་བརྗེའི་སྔོན་བཤེགས་དཔའ་བོ་བརྗེད་མི་རུང་བ། ང་ཚོའི་ཡུལ་མི་ཁྱིམ་མཚེས་ཚོ་བརྗེད་མི་རུང་ཅེས་གསུངས་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་འགོ་ཚུགས་སའི་དྲན་གསོའི་གླིང་ནས་ཞལ་གྱེས་སྐབས། ཉེ་འཁོར་གྱི་མང་ཚོགས་ནས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་ད་ལྟ་རྒྱང་སྐྱོད་གསར་པ་འགོ་ཚུགས་པས། ང་ཚོས་བསྐྱར་དུ་རྡོག་ཐོན་བྱ་དགོས་ཞེས་སྐུལ་ལྕག་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།