ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་འོད་ཟེར་ཉིན་རེའི་ཚགས་པར་བཏོན་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ།

སྤེལ་དུས 2019-06-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། འོད་ཟེར་ཉིན་རེའི་ཚགས་པར་བཏོན་ནས་ལོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་ཚགས་པར་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
            ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་70ཡི་རིང་། འོད་ཟེར་ཉིན་རེའི་ཚགས་པར་གྱིས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། བདེན་དོན་འཛིན་རྒྱུ་དང་དུས་རབས་དང་མཉམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཤེས་ཡོན་ལས་རིགས་ལ་མཐུན་སྒྲིལ་དང་། འབྲེལ་གཏུག ཁྲིད་སྟོན། ཞབས་ཞུ་བཅས་བྱེད་པ་དང་། ཆབ་སྲིད་འཛུགས་སྐྱོང་དང་། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པ། ཀུན་སྤྱོད་ཀྱིས་སྣེ་ཁྲིད་བྱེད་པ། སློབ་གསོས་བློ་སྒོ་འབྱེད་པ། རིག་གནས་བརྒྱུད་བསྒྲགས་བྱེད་པ། ཚན་རིག་ཁྱབ་གདལ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་མང་པོའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་ཡོད་པ་རེད།
            ཞི་ཅིན་ཕིང་གིས་འོད་ཟེར་ཉིན་རེའི་ཚགས་པར་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། བསམ་བློ་རིག་གནས་ཀྱི་ཚགས་པར་ཆེན་པོའི་ངེས་གནས་བརྟན་པོ་སྲུང་བ། རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱེད་པ། ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་རྣམ་པ་གཏོད་པ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་པ། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཤེས་ཡོན་ཅན་ལ་རེ་སྒུག་དང་ཐུགས་ཁུར་ཟབ་མོ་གནང་ལུགས་བརྒྱུད་བསྒྲགས་བྱེད་པ། རྒྱ་ཆེའི་ཤེས་ཡོན་ཅན་རྣམས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་བཅས་བྱས་ཏེ “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
            ཚེས་16ཉིན་གྱི་སྔ་དྲོ། འོད་ཟེར་ཉིན་རེའི་ཚགས་པར་བཏོན་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་ཆབས་ཅིག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་གསལ་འགྲེལ་གཏིང་ཟབ་བྱེད་པ་དང་། ཤེས་ཡོན་ཅན་གྱི་བསམ་པའི་ཁྱིམ་གཞིས་སེམས་ནུས་ཡོད་རྒུས་སྐྲུན་པ། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་ངར་སྒྲ་སྒྲོག་པ། ནང་དོན་གཏོད་པ་དང་སྨྱན་སྦྱོར་མཉམ་འདྲེས་ཀྱི་ལེགས་ཆ་གསར་པར་བརྟེན་པ་བཅས་བྱས་ཏེ་འོད་ཟེར་ཉིན་རེའི་ཚགས་པར་འདི་ཉིད་ནང་དོན་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། ཤུགས་རྐྱེན་རྒྱ་ཁྱབ་ལྡན་པ་བཅས་ཀྱི་བསམ་བློ་རིག་གནས་ཀྱི་ཚགས་པར་ཆེན་པོ་ཞིག་ཏུ་གཉེར་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།