ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་།

སྤེལ་དུས 2019-08-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།
               ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་གནང་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
               ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཚེས་༣༠ཉིན་གྲོས་ཚོགས་སྐོང་ཚོགས་གནང་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
               གྲོས་ཚོགས་ཐོག་ལོ་འདི་ཤར་ཚུན་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁའི་འགྲན་རྩོད་མངོན་གསལ་གྱིས་མང་དུ་ཕྱིན་པའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། ས་གནས་ཁག་དང་སྡེ་ཁག་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་པ་དང་། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་པ། དུས་དང་འཚམ་ཞིང་ཚད་གཞི་རན་པའི་ཐོག་ནས་སྤྱི་ཁོག་སྲིད་ཇུས་ཟློག་པའི་འཁོར་ཡུན་ལེགས་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་སྟོད་དུ་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་གོང་འཕེལ་རྣམ་པ་རྒྱུན་འཁྱོངས་ཐུབ་པ། སྤྱི་ཁོག་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལུགས་མཐུན་བར་ཁམས་སུ་རྒྱུན་འཁྱོངས་ཐུབ་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་སྤེལ་བཏང་བ། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་བཏང་བ། ལས་ཞུགས་གནས་ཚུལ་ཅུང་ལེགས་པ། གནད་འཕིགས་དབུལ་སྐྱོར་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད་པའི་ངོས་འཛིན་གནང་ཡོད།
               གྲོས་ཚོགས་ཐོག་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱི་མདུན་དུ་ཉེན་ཁ་དང་འགྲན་རྩོད་གསར་པ་འཕྲད་ཡོད་པ་དང་། རྒྱལ་ནང་དཔལ་འབྱོར་ཆག་འགྲོ་བའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ཐོག་ཡུན་རིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། འགལ་ཟླ་གཙོ་བོ་དམ་པོར་འཛིན་པ། ཉེན་ཁ་གོ་སྐབས་སུ་བསྒྱུར་མཁས་པ་བཅས་བྱས་ནས། རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས་ཞེས་བསྟན་ཡོད།
               གྲོས་ཚོགས་ཐོག་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་བོ་བྱེད་པ། གོང་འཕེལ་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། སྤྱི་ཁོག་སྲིད་ཇུས་བརྟན་པ་དང་། ཕྲ་མཐོང་སྲིད་ཇུས་འཁྲུག་ཆ་ཆེ་བ། སྤྱི་ཚོགས་སྲིད་ཇུས་ཞབས་སྐྱོར་ཡིན་པ་བཅས་ཀྱི་སྤྱི་ཡོངས་བསམ་གཞིག་རྒྱུན་འཁྱོངས། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཧྲིལ་པོ་གཉིས་ལ་གཅིག་གྱུར་འཆར་འགོད། བརྟན་འཕར་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་སྲུང་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་ཡག་པོ་བྱེད་དགོས། ནོར་སྲིད་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་ཕན་ནུས་ཆེ་རུ་གཏོང་བ། ཁྲལ་རིན་གཉིས་གཅོག་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་ཞིབ་ཚགས་བཟོ་དགོས། དངུལ་ལོར་སྲིད་ཇུས་དམ་ལྷོད་འཚམ་པོ་བྱས་ནས། འཁོར་རྒྱུག་ལུགས་མཐུན་དང་ལྷུག་པོ་ཡོད་པ་བྱེད་དགོས་པའི་ནན་སྟོན་གནང་ཡོད།
               གྲོས་ཚོགས་ཐོག་སྲ་བརྟན་དང་། ཤུགས་ཆེར་གཏོང་བ། མཐོ་རུ་གཏོང་བ། བདེ་བགྲོད་བཅས་ཀྱི་བྱེད་ཕྱོགས་ལ་དམ་པོར་གཞིགས་ནས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་སྦྲེལ་ཐག་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ནང་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། མཐར་ཐུག་དགོས་མཁོ་རྒྱ་ཆེར་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཀྱི་ཁྲོམ་ར་ཕན་ནུས་ལྡན་པའི་སྒོ་ནས་ལས་སྒོ་སྤེལ་བ། སྒྱུར་བཅོས་ཀྱི་ཐབས་ཤེས་ལ་བརྟེན་ནས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་བརྟན་པོར་འཛིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་དང་། གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁྱག་དངོས་སྦྲེལ་ཐག་དབོར་འདྲེན་སྒྲིག་བཀོད་འཛུགས་སྐྲུན་སོགས་ཞན་ཆ་ཁ་གསབ་ཀྱི་ལས་གཞི་ལག་བསྟར་བྱེད་པ། ཆ་འཕྲིན་དྲ་བ་སོགས་གསར་དར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། དཔལ་འབྱོར་གོང་འཕེལ་གྱི་གསོན་ཤུགས་དང་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གལ་ཆེའི་ཐབས་ཇུས་ལག་བསྟར་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ། ཡུག་འབྲེལ་གྲོང་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཞིབ་ཕྲའི་བྱ་ཐབས་བཟུང་ནས་དམངས་གཉེར་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཕུགས་ཕན་སྒྲིག་གཞི་བཙུགས་ནས་རྩིས་ཐོ་ཆད་འགྱངས་གནད་དོན་ཐག་གཅོད་བྱེད་དགོས། བེད་མེད་དུ་ལུས་པའི་ཁེ་ལས་གཙང་སེལ་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། ཕན་ནུས་ལྡན་པའི་ངང་དཔལ་འབྱོར་ཉོ་ཚོང་འགལ་ཟླར་ཁ་གཏད་གཅོག་པ་དང་། བརྟན་ལྷིང་དྲུག་གི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་དགོས། ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་ནས། གལ་ཆེའི་སྒོ་དབྱེའི་བྱ་ཐབས་རབ་དང་རིམ་པ་གང་མགྱོགས་དོན་འཁྱོལ་བྱེད་དགོས། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། དངུལ་རྩའི་ལས་ཁུངས་ཀྱིས་བཟོ་སྐྲུན་ལས་རིགས་དང་། དམངས་གཉེར་ཁེ་ལས་ལ་དུས་ཡུན་རིང་འབྲིང་གི་མ་དངུལ་བསྡུ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཉེན་ཁ་ཐག་གཅོད་བྱེད་པའི་དམ་ལྷོད་དང་ཤུགས་ཚད་རན་པོ་ཡོང་བ་བྱེད་པ། དངུལ་རྩའི་ལས་ཁུངས་དང་། ས་གནས་སྲིད་གཞུང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཁག་བཅས་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་ལས་ཚན་རྣམས་ནས་རང་གནས་བརྟན་སྲུང་བྱེད་པ་དང་། ཆ་འཕྲིན་ཟུར་གསལ་གྱིས་ལྟེ་བ་བྱེད་པའི་ཐོ་འགོད་ལམ་ལུགས་དོན་འཁྱོལ་བྱས་ནས། ཚོང་རར་ཞུགས་པའི་ཀུང་སིའི་སྤུས་ཚད་མཐོ་རུ་གཏོང་དགོས། ཁང་པ་སྡོད་ས་ཡིན་པ་ལས་གོང་གང་མཐོ་རག་ཐབས་བྱེད་པ་མིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ས་ཁང་ཐོན་ལས་ཀྱི་ཕུགས་ཕན་དོ་དམ་སྒྲིག་གཞི་དོན་འཁྱོལ་བྱེད་པ་དང་། ས་ཁང་ཐོན་ལས་དེ་དུས་ཐུང་དཔལ་འབྱོར་སྐུལ་སྤེལ་གྱི་བྱ་ཐབས་སུ་བརྩི་མི་རུང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ནས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་དགོས། ཁྲོམ་རའི་མཁོ་སྤྲོད་དང་ཟོག་གོང་གཞི་རྩའི་བརྟན་ལྷིང་འགན་སྲུང་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་མཐོང་ཆེན་བྱེད་པ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སེམས་ཐག་གཙང་བཅད་ངང་ལག་བསྟར་བྱེད་པ་དང་། སེམས་ནུས་གང་ཡོད་ཀྱིས་ལས་དོན་ཁག་ཡག་པོ་བསྒྲུབ་ཐོག་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བསྟན་ཡོད།
               གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་ལས་དོན་གྱི་ལོ་ལྔའི་འཆར་འགོད་ལག་བསྟར་བྱེད་ཆེད། ཏང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག་ཅེས་པར་བཟོ་བཅོས་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། སྲུང་སྐྱོང་གཉིས་དེ་གཞི་རྩའི་རྩ་དོན་དང་ལས་འགན་ཨང་དང་པོར་བརྩིས་ནས། རིམ་ཁག་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཐོག་མའི་འགན་འཁྲི་སེམས་སུ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་བ་དང་། འགན་འཁྲི་གཙང་སྒྲུབ་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་རྣམས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
               གྲོས་ཚོགས་ཐོག ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ནན་པོ་ཨང་དང་པོར་འཇོག་པ་དང་། འགན་འཛོལ་བྱུང་ན་འགན་འཁྲི་རྩད་གཅོད་བྱེད་པ་དང་། འགན་འཁྲི་རྩད་གཅོད་བྱེད་ན་ངེས་པར་དུ་ནན་པོ་ཡོང་བ་བྱས་ཏེ། ལམ་ལུགས་ཀྱི་ནན་པོའི་རང་བཞིན་འཛུགས་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་འགན་འཁྲི་གཙོ་བོ་འཁུར་བ་དང་། སྒྲིག་ཨུད་ཀྱིས་ལྟ་སྐུལ་གྱི་ཆེད་དོན་འགན་འཁྲི་འཁུར་དགོས། ཏང་གི་ལས་དོན་ལས་ཁུངས་ཀྱིས་རང་འགན་འཁུར་རྒྱུར་རྩ་བ་ཚུགས་ཏེ། འགན་འཁྲི་རྩད་གཅོད་བྱེད་ཕོད་པ་དང་། འགན་འཁྲི་རྩད་གཅོད་བྱེད་མཁས་པ། ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དོ་དམ་ནན་པོ་དང་ལྟ་སྐྱོང་གཉིས་ཟུང་འབྲེལ་དང་སྐུལ་མ་དང་གཅུན་ནུས་གཉིས་ཀར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་རྩད་གཅོད་བྱས་པ་དང་། དེ་རྗེས་མངོན་ཚུལ་མངོན་གསལ་དོད་པའི་ལས་བྱེད་པ་བེད་སྤྱོད་བྱེད་པའི་ཆ་རྐྱེན་དང་འཚམས་ཚེ་མུ་མཐུད་བེད་སྤྱོད་བྱེད་ཆོག་པ་དང་། ལས་དོན་གྱི་ཁྲིད་ཕྱོགས་གསལ་པོ་བཟོ་དགོས་ཞེས་ནན་སྟོན་གནང་ཡོད། 
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཆབ་སྲིད་ཀྱི་སྐོར་ཞིབ་ཟབ་ཏུ་གཏོང་རྒྱུ་དང་། སྐོར་ལྟ་སྐོར་ཞིབ་གོང་འོག་མཉམ་འགུལ་བྱེད་པའི་ལྟ་སྐུལ་དྲ་བ་འཛུགས་རྒྱུའི་ཐད་བཀོད་སྒྲིག་ཁ་གསལ་གནང་ཡོད། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག རེས་འཁོར་གསུམ་གྱི་སྐོར་ཞིབ་སྒྲིག་འཛུགས་བྱས་པ་དང་། ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་ཡོངས་ལ་ཁྱབ་པ་བྱས་ཡོད་པས། ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བསྟན་ཡོད།
               གྲོས་ཚོགས་ཐོག སྐོར་ཞིབ་གནས་ཚུལ་ནས་བལྟས་ཚེ། ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འདུ་ཤེས་དང་འགན་འཁྲི་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་དང་། སྒྱུར་བཅོས་གོང་འཕེལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཚན་རྩལ་ཡར་རྒྱས། རྒྱལ་སྲུང་འཛུགས་སྐྱོང་། དམངས་འཚོ་ལེགས་བཅོས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འོན་ཀྱང་ད་དུང་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་གནས་ཡོད། སྐོར་ཞིབ་ལེགས་སྒྲིག་དང་གྲུབ་འབྲས་བཀོལ་སྤྱོད་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལེགས་སྒྲིག་གི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་ཆེ་རུ་བཏང་ནས། ལེགས་སྒྲིག་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཉིས་ཟུང་འབྲེལ་བྱས་ཏེ། ཏང་ཙུའུ་དང་ཏང་ཨུད་ཀྱིས་ཆབ་སྲིད་གནས་བབ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་དང་། ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར་བྱེད་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྦྱིན་པའི་ཐབས་ཇུས་ལག་བསྟར་བྱེད་པ། ནུས་ལྡན་ངང་རིགས་ཁག་གི་ཉེན་ཁ་སྔོན་འགོག་དང་སེལ་དགོས། ལེགས་སྒྲིག་དང་རྒྱུན་ལྡན་གྱི་ལྟ་སྐུལ་ཟུང་འབྲེལ་བྱས་ཏེ། སྒྲིག་སྲོལ་དང་སྒྲིག་ལམ། ཁྲིམས་ལུགས་བཅས་ལ་གཞིགས་ནས་གནད་དོན་གྱི་ཁུངས་སྣེ་ཐག་གཅོད་བྱེད་དགོས་པ་དང་། རུལ་སུངས་ལ་ཆད་པ་ནན་པོ་གཅོད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ། ལྷོད་གཡེང་མེད་པའི་ཐོག་ནས་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱས་ནས། གཅིག་ཤེས་ཀུན་གྲོལ་ཡོང་བ་དང་། ཞན་ཆ་འཚོལ་བ། ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་ཁེ་ལས་ཀྱི་བང་རིམ་ཁག་དང་ཁྱབ་ཁོངས་ཁག་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས། ལེགས་སྒྲིག་དང་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ཐོག་བེད་སྤྱོད་ཡག་པོ་བཏང་ནས། སྒྱུར་བཅོས་ཀྱི་གོ་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།