ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཆན་བཀོད་གནང་ནས་མི་སྒེར་གཅིག་དང་སྡེ་ཚན་གསུམ་ལ་གཟི་བརྗིད་མཚན་སྙན་སྤྲད་གནང་བ།

སྤེལ་དུས 2019-08-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་དགའ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཆན་བཀོད་གནང་ནས་མི་སྒེར་གཅིག་དང་སྡེ་ཚན་གསུམ་ལ་གཟི་བརྗིད་མཚན་སྙན་སྤྲད་གནང་བ་དང་། སྐམ་དམག་གི་ས་འོག་འབར་མདེལ་མེད་པ་བཟོ་བའི་འབར་སེལ་རུ་ཆེན་ཞིག་གི་འཐབ་འཛིང་པ་ཏུའུ་ཧྥུ་ཀུའོ་ལ་ས་འོག་འབར་མདེལ་སེལ་བའི་དཔའ་བོའི་འཐབ་འཛིང་པ་ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་གནང་ཡོད།
              ཏུའུ་ཧྥུ་ཀུའོ། སྐྱེས་པ། ཁོང་ནི་སྤྱི་ལོ་༡༩༩༡ལོའི་ཟླ་༡༡པར་འཁྲུངས་ཤིང་། སྤྱི་ལོ་༢༠༡༠ལོའི་ཟླ་༡༢པར་དམག་ནང་ཞུགས། སྤྱི་ལོ་༢༠༡༥ལོའི་ཟླ་༦པར་མཐའ་མཚམས་ཀྱི་ས་འོག་འབར་མདེལ་སེལ་བའི་བྱ་སྤྱོད་ནང་ཞུགས་པ་དང་། སྤྱི་ལོ་༢༠༡༨ལོའི་ཟླ་༡༠པར་ས་འོག་འབར་མདེལ་སེལ་སྐབས་འཐབ་འཛིང་པ་སྲུང་སྐྱོབ་བྱེད་ཆེད་དཔའ་ངར་ལྡན་པའི་ངང་རྨས་སྐྱོན་ཕོག་ནས། མིག་གཉིས་ལོང་བར་གྱུར་པ་དང་། ལག་པ་གཉིས་མེད་པར་གྱུར་ཡོད། དམག་ནང་ཞུགས་ཚུན་བློ་མཐུན་ཁོང་གིས་རང་འགུལ་ངང་མཐའ་མཚམས་ཀྱི་ས་འོག་འབར་མདེལ་སེལ་བའི་ནང་ཞུགས་རྒྱུའི་རེ་འདུན་ཞུས་ཤིང་། སྔ་རྗེས་སུ་ས་འོག་འབར་མདེལ་ཡོད་ས་ནས་ཐེངས་༡༠༠༠ལྷག་ཙམ་འགྲོ་འོང་བྱས་པ་དང་། རིམ་རྩིས་བྱས་ན་འབར་རྫས་དངོས་པོ་༢༤༠༠ལྷག་ཙམ་གཙང་སེལ་བཟོས་པ། ཉེན་ཁའི་གནས་ཚུལ་སྣ་ཚོགས་ཁག་༢༠ལྷག་ཙམ་ཐག་གཅོད་བྱས་ཡོད། ཁོང་ནི་མདུན་དུ་མཆོང་ཕོད་པ་དང་། ས་འོག་འབར་མདེལ་ས་ཁུལ་དམག་སར་འཛིན་པ། ཉེན་ཚབས་ཆེ་བའི་འགག་རྩའི་དུས་སྐབས་སུ་རང་སྲོག་ལ་མི་འཛེམ་པར་ཉེན་ཁ་རང་ཉིད་ཀྱིས་འཁུར་བ་དང་། བདེ་འཇགས་འཐབ་གྲོགས་ལ་འཇོག་མཁན་ཞིག་ཡིན། ཁོང་ནི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་རྒྱུན་འཁྱོངས་གནང་མཁན་ཞིག་ཡིན་ཞིང་། ལུས་ལ་རྨས་སྐྱོན་ཚབས་ཆེན་ཕོག་རུང་། སྔར་བཞིན་སྙིང་སྟོབས་ཆེར་སྐྱེད་དང་། སྡུག་རུས་ཆེ་ཞིང་བག་ཡངས་པོ་གནང་བ་དང་། སློབ་སྦྱོང་དང་སྦྱོང་བརྡར་རྒྱུན་འཁྱོངས་གནང་གི་ཡོད་པས། ཁོང་གི་དཔའ་བོའི་བྱས་རྗེས་དང་བླ་ན་མེད་པའི་སྤྱོད་བཟང་གིས་དམག་ཡོངས་དང་སྤྱི་ཚོགས་ཡོངས་སུ་ལན་ཆ་བཟང་པོ་བྱུང་ཡོད། བློ་མཐུན་ཁོང་ལ་སྔ་རྗེས་སུ་སྐམ་དམག་གིས་བཞི་ལྡན་དུས་རབས་གསར་པའི་གསར་བརྗེའི་དམག་མིའི་དཔེ་དམག་ཞེས་པའི་གཟེངས་བསྟོད་བྱས་པ་དང་། སྤྱི་ལོ་༢༠༡༨ལོར་ཀྲུང་གོར་སེམས་འགུལ་ཐེབས་པའི་ལོ་འཁོར་མི་སྣ་དང་། རྒྱལ་ཡོངས་རང་བཀུར་དཔེ་བཟང་མི་སྣར་བདམས་ཐོན་བྱུང་བ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནས་དུས་རབས་ཀྱི་མིག་དཔེ་ཞེས་པའི་མཚན་སྙན་སྤྲད་པ། བྱས་རྗེས་རིམ་པ་དང་པོ་གཅིག་བཞག་ཡོད།
              མཁའ་དམག་གི་མཁའ་སྐྱོད་དམག་ལུད་ཤོག་ཅིག་གི་འཕུར་སྐྱོད་རུ་ཆེན་དང་པོར་དམག་དཔུང་སྟོབས་ཆེའི་གདོང་ལེན་འཕུར་སྐྱོད་རུ་ཆེན་ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ།
              མཁའ་དམག་གི་མཁའ་སྐྱོད་དམག་གི་ལུད་ཤོག་ཅིག་གི་འཕུར་སྐྱོད་རུ་ཆེན་དང་པོ་ནི་མཁའ་དམག་གི་ཁག་དང་པོར་སྒྲིག་འཛུགས་བྱས་པ་དང་། དམག་འཐབ་ནང་ཐེངས་དང་པོ་ཞུགས་མཁན། རྒྱལ་ཁ་ཐེངས་དང་པོ་ལེན་མཁན་གྱི་དཔའ་བོའི་འཕུར་སྐྱོད་རུ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་ནང་། རུ་ཆེན་དེས་ནུས་ཤུགས་ཆེན་པོས་དམག་སྦྱོང་བྱས་ནས་དམག་གྲབས་བྱས་པ་དང་། འཚོལ་ཞིབ་བྱས་པའི་སྦྱོང་བརྡར་བྱ་ཐབས་དམག་ཡོངས་སུ་ཁྱབ་གདལ་བཏང་ཡོད། དངོས་འཐབ་སྦྱོང་བརྡར་གཙོ་གནད་ཐོག་བཞག་ཡོད་ཅིང་། ད་ཡོད་འཕུར་སྐྱོད་པས་ཚད་རྒལ་ཆ་རྐྱེན་འོག་འཕུར་སྐྱོད་སྦྱོང་བརྡར་དང་དེ་བཞིན་གནད་འཕིགས་སྣ་འདྲེན་མཚོན་ཆ་འབེན་རྒྱག་སྦྱོང་བརྡར་རྣམ་གྲངས་མང་པོ་ལེགས་གྲུབ་བྱེད་ཐུབ་ཀྱི་ཡོད། བློ་སྟོབས་ཆེན་པོས་འཐབ་འཛིང་བྱེད་ཕོད་ཅིང་། ལས་འགན་ཆེན་པོ་ཐེངས་མང་ལེགས་སྒྲུབ་བྱས་ཡོད། བསྟུད་མར་ལོ་༢༢རིང་མཁའ་ཐོག་ས་ངོས་གཉིས་ཀྱི་བདེ་འཇགས་མངོན་འགྱུར་བྱུང་བ་དང་། བསྟུད་མར་ལོ་ངོ་༢༢གཞི་རིམ་འཛུགས་སྐྱོང་གི་སྔོན་ཐོན་སྡེ་ཚན་ལ་བདམས་ཐོན་བྱུང་བ། བྱས་རྗེས་རིམ་པ་དང་པོ་གཅིག་དང་། བྱས་རྗེས་རིམ་པ་གཉིས་པ་གསུམ། བྱས་རྗེས་རིམ་པ་གསུམ་པ་བཞི་བཅས་བླངས་ཡོད། སྤྱི་ལོ་༢༠༡༤ལོར་མཁའ་དམག་གིས་གདོང་ལེན་འཕུར་སྐྱོད་རུ་ཆེན་ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། སྔ་ཕྱིར་ཀྲུང་དབྱང་དམག་ཨུད་ནས་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་སྔོན་ཐོན་སྡེ་ཚན་ཞེས་པ་དང་། དམག་ཡོངས་ཀྱི་དམག་དཔུང་སྟོབས་ཆེའི་དམིགས་འབེན་གྱི་དཔེ་དམག་སྡེ་ཚན་ཞེས་པའི་གཟེངས་བསྟོད་བྱས་ཡོད།
              ༦༣༧༩༨དཔུང་སྡེའི་ས་ངོས་སྒྲིག་ཆས་ས་ཚུགས་ལ་མཁའ་སྐྱོད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དཔེ་བཟང་ས་ངོས་ས་ཚུགས་ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ།
              ༦༣༨༣༧དཔུང་སྡེའི་སྡེ་ཚན་ཞིག་ལ་དམག་འཐབ་ཆེད་དུ་ཚན་ཞིབ་བྱེད་པའི་གདོང་ལེན་ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།