ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོར་མཛུབ་སྟོན་དང་ནན་བཤད་གལ་ཆེན་གནང་བ།

སྤེལ་དུས 2019-08-20 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
             ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོར་མཛུབ་སྟོན་དང་ནན་བཤད་གལ་ཆེན་གནང་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་སྐབས་སུ་དང་ཏང་ཡོངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་མཚམས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུས“གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ནས། རྔམ་བརྗིད་ལྡན་པ་དང་གནམ་ས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་གསོན་ཉམས་དོད་པོས་སླར་ཡང་མངོན་པར་བྱས་ནས། ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བཏོད་པའི་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱས་བཤད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
             ཞི་ཅིན་ཕིང་གིས། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་ཆད་མེད་པར་འབད་འབུངས་མདུན་སྐྱོད་བྱེད་པའི་བསམ་བློའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་ནན་ཏན་བྱས་ཏེ། གསར་བརྗེའི་སྲིད་དབང་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་ལེན་བསྟར་ཐོག མདུན་སྐྱོད་ལམ་བུའི་ཐོག་གི“ལོའུ་ཧྲན་ཀོན་འགག་སྒོ”དང“ལ་ཙེ་ཁའུ”གསར་པར་མཆོང་སྐྱོད་རྒྱུན་ཆད་མེད་པར་བྱས་ཏེ།
             ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས་ཅེས་བསྟན་གནང་བ་རེད།
             ཟླ་8ཚེས་18ཉིན“བརྗིད་ཆགས་ཡིད་དུ་འོང་བའི་ལོ་70·དུས་རབས་གསར་པར་འབད་འཐབ་བྱེད——གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོའི་ཕྱོགས་སྡོམ་བཞུགས་མོལ་ཚོགས་འདུ་ཀན་སུའུ་ཧུད་ཉིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་བྱས་ནས། རྒྱལ་ཡོངས་གསར་འགྱུར་འཐབ་ཕྱོགས་ཀྱིས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཏང་གི་ངོ་བོ་དང་དམིགས་ཡུལ་བློ་ལ་བརྟན་པོར་འཆང་བ་བཅས་ཀྱི་ཐོག་ནས། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས་པའི་འབོད་སྐུལ་བྱས་པ་རེད།
             འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། དམར་དམག་རྒྱང་སྐྱོད་བྱས་ནས་ལོ་85འཁོར་བའི་ལོ་ཞིག་ཀྱང་རེད། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པ་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་མངགས་བཅོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཕྱིར། ཟླ་6ཚེས་11ཉིན་ནས་ཟླ་8ཚེས་18ཉིན་བར་དུ་ཀྲུང་དབྱང་དྲིལ་བསྒྲགས་པུས“བརྗིད་ཆགས་ཡིད་དུ་འོང་བའི་ལོ་70·དུས་རབས་གསར་པར་འབད་འཐབ་བྱེད——གསར་འགོད་པ་སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། སྔ་རྗེས་སུ་གསར་འགོད་པ་1300ལྷག་ཙམ་གྱིས་སྐབས་དེའི་དམར་དམག་གི་རྒྱང་སྐྱོད་ཞབས་རྗེས་འདེད་ནས་ས་ཆ་དངོས་ལ་བཅར་འདྲིར་བསྐྱོད་དེ། རིམ་རྩིས་བྱས་ན། ལམ་ཐག་སྤྱི་ལེ་16000ལྷག་ཙམ་བརྒལ་ནས། གསོན་ཉམས་དོད་ལ་རྣམ་པ་ཕུན་སུམ་ཚོགས་པའི་འཕྲིན་སྤེལ་རྩོམ་ཡིག་10000ལྷག་ཙམ་སྤེལ་བ་དང་། དྲ་ཐོག་ནས་ལྟ་ཀློག་བྱེད་ཚད་ཐེངས་གྲངས་དུང་ཕྱུར་20ཙམ་ཟིན་ནས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།