ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་འདི་འདྲ་གནང་འདུག

སྤེལ་དུས 2019-08-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་19ཉིན་གྱི་ཕྱི་དྲོ། ཀན་སུའུ་རུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་། འཛམ་གླིང་རིག་གནས་ཤུལ་བཞག་ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་ཕེབས་ནས། མོ་ཀའོ་བྲག་ཕུག་སྲུང་སྐྱོབ་དང་ཞིབ་འཇུག་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། བྲག་ཕུག་ནང་ཕེབས་ནས་ས་གནས་དངོས་སུ་ལོ་རྒྱུས་ཡུན་རིང་ལྡན་པའི་ཚོན་ཁྲའི་འཇིམ་བཟོས་དང་། ལྡེབས་རིས་ལ་གཟིགས་གནང་ཡོད་པ་རེད།
              དེ་གར་ལྟ་སྐོར་དང་ཡུལ་སྐོར་བྱེད་བཞིན་པའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་སྤྲོ་སེམས་ཆེན་པོས་དགའ་འབོད་ཞུས་པ་དང་། གཅིག་མཇུག་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཀྱི་མདུན་དུ་ཕེབས་ནས་ཚང་མ་དང་ཐུགས་སེམས་སྤྲོ་པོས་ཕྱག་བཏང་གནང་ནས་འཚམས་འདྲི་གནང་བ་དང་། ཚང་མ་གང་ནས་ཡོང་བ་དང་། ལམ་ཐག་རིང་ཐུང་ཅི་འདྲ་ཡོད་མེད། འགྲོ་གྲོན་མཐོ་དམའ་ཅི་འདྲ་ཡོད་མེད་སོགས་བཀའ་འདྲི་གནང་བ་མ་ཟད་ཚང་མ་ཡུལ་སྐོར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། ཡུལ་སྐོར་བ་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅིར། ཁོང་ཚོ་ཆེད་མངགས་ཅང་སུའུ་ནས་མོ་ཀའོ་བྲག་ཕུག་ལ་ལྟ་བར་ཡོང་བ་ཡིན་ཞེས་ཞུས་ཡོད།
              སྤྱི་ཚེས་19ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུན་ཧོང་ཞིབ་འཇུག་ཁང་དུ་འབྲེལ་ཡོད་ཆེད་མཁས་དང་། རིག་གནས་པ། རིག་གནས་སྡེ་ཚན་བཅས་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས། ཀན་སུའུ་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་སུའུ་ཞའོ་ལིན་གྱིས་དར་ལམ་མེ་ཏོག་ཆར་པ་ཞེས་པ་དང་། བྱེ་ཐང་གི་ཏུན་ཧོང་ཞེས་པ་སོགས་རིག་གནས་བརྩམ་བྱ་ཆེ་གྲས་གསར་རྩོམ་དང་འཁྲབ་སྟོན་བྱས་པའི་བརྒྱུད་རིམ་སྙན་གསེང་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་འཁྲབ་སྟོན་ལ་བསྐྱོད་ཚུལ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད། ཁོང་གིས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུར་རྒྱབ་སྐྱོར་དང་ཟུར་སྐྱོར་བྱས་ནས། ང་ཚོའི་རྒྱལ་ཁབ་ཀྱི་རིག་གནས་ཉིང་བཅུད་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས། ཏུན་ཧོང་རིག་གནས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བློ་སྤོབས་མངོན་པར་བྱས་ཡོད། བློ་སྤོབས་ཀྱིས་ཁེངས་པའི་ཤེས་དཔལ་གྱིས་གཞི་ནས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་རིག་གནས་ཉིང་བཅུད་རྒྱུན་འཛིན་བྱ་ཐུབ་པ་དང་ཆབས་ཅིག་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་སྣ་ཚོགས་ཁོག་ཡངས་ལྡན་པའི་ངང་དཔྱད་གཞིར་འཛིན་པ་དང་། བསྡུ་ལེན་བྱ་ཐུབ། དེ་རིང་ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་སྐྲུན་པར། ཁོག་ཡངས་དེ་བས་ཆེ་བ་དང་། དེ་བས་རྒྱ་ཁྱབ་ངང་རྒྱལ་ཁབ་ཁག་དང་རིག་གནས་སྤེལ་རེས་བྱ་དགོས་པ་དང་། དེ་བས་ཧུར་སེམས་དང་རང་འགུལ་ལྡན་པའི་སྒོ་ནས་འཛམ་གླིང་གི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་མཐའ་དག་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་དགོས་ཞེས་བསྟན་གནང་ཡོད།
              སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ལས་དོན་པས་ཏུན་ཧོང་གི་ལོ་རྒྱུས་ཡག་པོ་བརྗོད་པ་དང་། ཀྲུང་གོའི་གནས་ཚུལ་བརྒྱུད་སྤེལ་ཡག་པོ་བྱས་ནས། འབད་བརྩོན་ཆེན་པོས་རྒྱུད་གཅིག་ལམ་གཅིག་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པའི་སྐུལ་ལྕག་གནང་ཡོད།
              སྤྱི་ཚེས་20ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅ་ཡུས་ཀོན་འགག་སྒོའི་ལྕགས་རི་རིང་པོར་ཕེབས་པ་དང་། འགག་སྒོའི་ཐོག་ཁང་དུ་ཕེབས་ནས་འགག་སྒོའི་སྤྱིའི་རྣམ་པར་གཟིགས་པ་དང་། རྨ་ནུབ་དོག་ལམ་གྱི་ལྕགས་རི་རིང་པོ་དང་། འགག་འཕྲང་ལོ་རྒྱུས་རིག་གནས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་ཡོད།
              དེ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀའོ་ཐའེ་རྫོང་དུ་ཕེབས་ནས། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་དྲན་གསོའི་རྡོ་རིང་དང་དམག་སར་གྲོངས་པའི་སྔོན་གཤེགས་དཔའ་བོའི་སྤྱི་པའི་བང་སོར་ཞལ་མཇལ་གནང་བ་དང་། ནུབ་ལམ་དམག་དཔུང་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་གནང་བ་མ་ཟད། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་ལ་གཟིགས་སྐོར་གནང་ཡོད།
              ཉིན་དེའི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་ཧྲན་ཏན་རྫོང་དུ་ཕེབས་པ་དང་། ཧྲན་ཏན་ཕེ་ལི་སློབ་གྲྭ་དང་ཧྲན་ཏན་རྟ་གསོ་ར་བར་རྟོག་ཞིབ་གནང་ནས། ས་གནས་དེ་གའི་ལས་རིགས་སློབ་གསོའི་སྦྱོང་བརྡར་དང་རི་བོ་ཆི་ལེན་གྱི་འབྱུང་ཁམས་ཁོར་ཡུག་སླར་གསོ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།