ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

སྤེལ་དུས 2019-09-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཟླ་9ཚེས་16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅོ་བརྒྱད་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།
             གསུང་རྩོམ་ནང་ནན་བཤད་གནང་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཀྱང་རེད། དུས་བབ་གསར་པའི་འོག་ང་ཚོས་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་བྱེད་དགོས་ལ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་གོང་འཕེལ་ལ་མུ་མཐུད་སྐུལ་འདེད་ཀྱང་གཏོང་དགོས།
             གསུང་རྩོམ་ནང་འཁོད་དོན། ཀྲུང་གོས་ཆབ་སྲིད་ལམ་ལུགས་གང་འདྲ་ཞིག་འཛུགས་མིན་ནི་ཉེ་རབས་ཚུན་དུ་ཀྲུང་གོའི་མི་དམངས་ལ་འཕྲད་པའི་ལོ་རྒྱུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་དེས་ཀྲུང་གོའི་མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལག་བསྟར་བྱེད་པའི་བསམ་བློ་དེ་དོན་འཁྱོལ་བྱེད་པར་སྔོན་འགྲོ་བཏིང་ཡོད་ལ་ཆ་རྐྱེན་ཡང་བསྐྲུན་ཡོད། ཀྲུང་གོར་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལག་བསྟར་བྱས་པ་ནི་ཀྲུང་གོའི་མི་དམངས་ཀྱི་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་གསར་གཏོད་ཅིག་དང་། ཉེ་རབས་རྗེས་ཀྱི་ཀྲུང་གོའི་ཆབ་སྲིད་འཚོ་བའི་བསླབ་བྱ་ནན་པོར་ཕྱོགས་སྡོམ་གཏིང་ཟབ་བྱས་པའི་རྩ་བའི་སྡོམ་ཚིག་ཅིག ཀྲུང་གོའི་སྤྱི་ཚོགས་ཀྱི་ལོ་ངོ་བརྒྱ་ལྷག་ཙམ་རིང་གི་བརྗིད་རླབས་ཆེ་བའི་འཕོ་འགྱུར་དང་གོང་འཕེལ་ཆེ་བའི་ལོ་རྒྱུས་ཀྱི་མཇུག་འབྲས་ཤིག ཀྲུང་གོའི་མི་དམངས་ཡར་ལངས་བདག་པོར་གྱུར་པ་དང་རང་ཉིད་ཀྱི་ལས་དབང་ལ་སྟངས་འཛིན་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་བཅས་རེད།
             གསུང་རྩོམ་ནང་འཁོད་དོན། ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་བཏང་བ་དེས་མི་དམངས་རྣམས་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་གསོན་ཤུགས་ཀྱིས་ཁེངས་པ་མ་ཟད་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོང་བར་འགན་ལེན་བྱེད་པའི་འགག་རྩ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་རེད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བའི་རྩ་བའི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་རེད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་དང་། ངེས་པར་དུ་མི་དམངས་རང་ཁྱིམ་རང་བདག་འགན་ལེན་དང་གོང་འཕེལ། ངེས་པར་དུ་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད། ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས། ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་བཅའ་ཁྲིམས་ལག་བསྟར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།
             གསུང་རྩོམ་ནང་འཁོད་དོན། རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ཇུས་འགོད་དང་གོང་འཕེལ་གཏོང་བར་ངེས་པར་དུ་ལོ་རྒྱུས་དང་དོན་དངོས་དང་། རིགས་གཞུང་དང་ལག་ལེན། རྣམ་པ་དང་ནང་དོན་བཅས་གཅིག་གྱུར་ཡོང་བར་སྣང་ཆེན་བྱེད་དགོས། ང་ཚོས་ཕྱི་རྒྱལ་གྱི་ཆབ་སྲིད་ཤེས་དཔལ་གྱི་ཕན་ཡོད་གྲུབ་ཆ་དཔྱད་གཞིར་འཛིན་དགོས་ཀྱང་ཀྲུང་གོའི་ཆབ་སྲིད་ལམ་ལུགས་ཀྱི་རྩ་བ་གཏན་ནས་འདོར་མི་རུང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལག་བསྟར་ཐུབ་པ་དང་། སྐྱེ་སྟོབས་དང་གསོན་ཤུགས་ལྡན་པ། ཕན་འབྲས་ཐོན་པ་བཅས་ཡོང་དོན་ནི་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་རྒྱུའི་ཁྲོད་སྐྱེས་འཚར་བྱུང་བས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་སྔོན་ཆད་དང་ད་ལྟ་ཆ་ཚང་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་རྒྱུའི་ཁྲོད་སྐྱེས་འཚར་བྱུང་ཞིང་། འབྱུང་འགྱུར་མུ་མཐུད་འཚར་ལོངས་ཡག་པོ་ཡོང་བར་ངེས་པར་དུ་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་རྒྱུའི་ནང་རྩ་བ་བརྟན་པོ་ཚུགས་པར་བྱེད་དགོས།
             གསུང་རྩོམ་ནང་འཁོད་དོན། རྒྱལ་ཁབ་གཅིག་གི་ཆབ་སྲིད་ལམ་ལུགས་དམངས་གཙོ་ཡིན་མིན་དང་ནུས་ལྡན་ཡིན་མིན་ལ་གདེང་འཇོག་བྱེད་སྐབས། གཙོ་བོ་རྒྱལ་ཁབ་ཀྱི་འགོ་ཁྲིད་རིམ་པ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་བརྗེ་རེས་བྱེད་མིན་དང་། མི་དམངས་ཡོངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་ཐུབ་མིན། དཔལ་འབྱོར་དང་རིག་གནས་བྱ་གཞག་ལ་དོ་དམ་བྱེད་ཐུབ་མིན། མི་དམངས་མང་ཚོགས་ཀྱིས་ཁེ་ཕན་གྱི་རེ་བ་ཐད་ཀར་འདོན་ཐུབ་མིན། སྤྱི་ཚོགས་ཕྱོགས་ཁག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ཕན་ནུས་ལྡན་པའི་ངང་ཞུགས་ཐུབ་མིན། རྒྱལ་ཁབ་ཀྱི་བཀོད་ཇུས་ཚན་རིག་ཅན་དང་དམངས་གཙོ་ཅན་ཡོང་ཐུབ་མིན། ཕྱོགས་ཁག་གི་ཤེས་ལྡན་མི་སྣས་གཞུང་དྲང་འགྲན་རྩོད་བརྒྱུད་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དོ་དམ་མ་ལག་ནང་འཛུལ་ཐུབ་མིན། སྲིད་འཛིན་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཐུབ་མིན། དབང་ཆ་བཀོལ་སྤྱོད་ཐད་ནུས་ལྡན་གྱི་ཚད་བཀག་དང་ལྟ་སྐུལ་བྱེད་ཐུབ་མིན་བཅས་ལ་བལྟ་དགོས། ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་གནད་དོན་གཙོ་བོ་འདི་དག་ཐག་གཅོད་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོས་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱེད་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ལམ་ལུགས་ལག་བསྟར་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ལག་བསྟར་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པ་བཅས་ལ་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།
             གསུང་རྩོམ་ནང་འཁོད་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར། དང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་ལམ་བུར་བསྐྱོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བའི་འགག་རྩ་ནི་ང་ཚོའི་ལེགས་ཆ་ཆེ་རུ་དང་ཁྱད་ཆོས་འབུར་དུ་ཐོན་པ་བྱེད་དགོས་པ་ལས། ང་ཚོའི་ལེགས་ཆ་ཆུང་དུ་དང་ཁྱད་ཆོས་ཉམས་ཞན་དུ་གཏོང་བ་གཏན་ནས་མིན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་བས་ལེགས་པའི་ངང་འདོན་སྤེལ་བྱས་ཏེ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།