དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ལོ་ངོ70ཡི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པ།

སྤེལ་དུས 2019-09-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བྱམས་པ་ཚེ་རིང་།
            ཞི་ཅིན་ཕིང་གིས་རླབས་ཆེ་བའི་ལོ་རྒྱུས་འཕེལ་རིམ། འོད་སྟོང་འཕྲོ་བའི་གྲུབ་འབྲས་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན་ཆེན་མོར་གཟིགས་སྐབས་དར་ཆ་མཐོར་བསྒྲེངས་དང་རྡོག་རྩ་གཅིག་སྒྲིལ། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་ཆེད་དཀའ་སྤྱད་འབད་འཐབ་བྱེད་དགོས་ཞེས་བསྟན་གནང་བ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར། སྤྱི་ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས་རླབས་ཆེ་བའི་ལོ་རྒྱུས་འཕེལ་རིམ། འོད་སྟོང་འཕྲོ་བའི་གྲུབ་འབྲས་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེན་མོར་གཟིགས་ཡོད། ལི་ཁེ་ཆང་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཀྱང་ལྷན་དུ་ཕེབས་ཡོད།
            ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་བཅུའི་ཐོག ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་པེ་ཅིང་འགྲེམས་སྟོན་ཁང་དུ་ཆིབས་བསྒྱུར་གནང་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད། འགྲེམས་སྟོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུ་གསར་གཏོད་དང་། གོང་སྤེལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བཅས་བརྗོད་གཙོར་བཟུང་བ་དང་། ལོ་དུས་ལྟར་རྩོམ་སྒྲིག་བཀོད་སྒྲིག་བྱས་པ་མ་ཟད་སྐབས་རིམ་བྱུང་གི་ཏང་གི་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་གལ་ཆེན། ལོ་ལྔའི་འཆར་འགོད་སོགས་ཀྱི་དུས་མཚམས་གསལ་པོ་མངོན་པར་བྱས་པ། ཀྲུང་གོ་གསར་པའི་ཨང་དང་པོ་ཁག་བརྒྱ་དང་ལྔ་བཅུ་ཙམ་བདམས་ནས་འགྲེམས་སྟོན་བྱས་པ། ལོ་ངོ་བཅུ་རེའི་དཔའ་བོ་དཔེ་བཟང་མི་སྣའི་མཚན་བྱང་གྱང་བཟོས་པ། སྒྲའི་འོད་གློག་སོགས་སྨྱན་སྦྱོར་གསར་པའི་ཚན་རྩལ་བྱ་ཐབས་བེད་སྤྱོད་གང་ལེགས་བྱས་པ། ཆ་ཕྱོགས་ཡོངས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་ཚུན་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། མངོན་གྱུར་བྱུང་བའི་རླབས་ཆེའི་མཆོངས་བརྒལ་མངོན་པར་བྱས་པ། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་བཟང་ཆ་མངོན་པར་བྱས་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་སོང་ཚུན་གྱི་རླབས་ཆེའི་འཕོ་འགྱུར་རྒྱབ་ཀྱི་གཏིང་ཟབ་པའི་གནས་ལུགས་མངོན་པར་བྱས་ཡོད་པ་རེད།
            འགྲེམས་སྟོན་ཁྱམས་ར་དེ་དག་དུས་ཀྱི་ཕུག་ལམ་ཞིག་དང་འདྲ་བར་འགྲེམས་བྱའི་པར་རིས་རེ་རེ་དང་། ཅ་དངོས་རེ་རེ། བརྙན་མཐོང་རྒྱུ་ཆ་རེ་རེ། མྱོང་རོལ་བྱེད་པའི་རྣམ་གྲངས་རེ་རེར་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཐུགས་མགུ་པོ་བྱུང་བ་དང་། ཁོང་རྣམ་པས་ནན་གྱིས་གཟིགས་ཞོར་དང་གསན་ཞོར་དུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་ཡོད།
            གཟིགས་སྐོར་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་སོང་ཚུན། ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ཚེགས་དང་ཉེན་ཁ་རེ་རེ་ལས་རྣམ་པར་རྒྱལ་བ་བྱས་ཤིང་། ལོ་རྒྱུས་ཀྱི་ཟིན་ཐོར་འཁོད་པའི་མི་ཡུལ་གྱི་ངོ་མཚར་གཏམ་རྒྱུད་བགྲང་གིས་མི་ལང་བ་བཏོད་ཡོད་པས་ཀྲུང་ཧྭ་མི་རིགས་ཀྱང་ཡར་ལངས་པ་ནས་ཕྱུག་འགྱུར་ཐུབ་པ་དང་། དེ་ནས་སྟོབས་འབྱོར་ལྡན་པར་འགྱུར་བའི་བར་གྱི་རླབས་ཆེའི་འཕོ་འགྱུར་བསུ་ཐུབ་པ་བྱུང་ཡོད། ལོ་ངོ་བདུན་ཅུའི་རིང་རང་རྒྱལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཀྲུང་གོར་སྣེ་ཁྲིད་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ། བསྒྱུར་བཅོས་སྒོ་དབྱེ་ཁོ་ནས་ཀྲུང་གོ་གོང་འཕེལ་གཏོང་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་ཐུབ་པ། མར་ཁེ་སི་རིང་ལུགས་གོང་འཕེལ་གཏོང་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུ་ཁོ་ནས་ཀྲུང་གོ་ཉིད་འབྱོར་ཕྱུག་མངའ་ཐང་རྒྱས་པའི་ལམ་བུའི་ཐོག་ཏུ་སྣེ་ཁྲིད་ཐུབ་པ་བཅས་གསལ་བཤད་གང་ལེགས་ཐུབ་ཡོད། ལོ་ངོ་བདུན་ཅུའི་རྗེས་སུ་སླར་ཡང་རྡོག་ཐོན་བྱེད་པའི་དུས་འདིར་དེ་རིང་ནས་གོམ་པ་དང་པོ་སྤོ་དགོས། ཀྲུང་གོ་གསར་པའི་རླབས་ཆེ་བའི་གོང་འཕེལ་འཕེལ་རིམ་དང་། གནམ་ས་འགུལ་བའི་རླབས་ཆེའི་གྲུབ་འབྲས། རྩ་ཆེ་བའི་ཉམས་མྱོང་བློ་འབྱེད་བཅས་འགྲེམས་སྟོན་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པར་བསྒྲེང་རྒྱུར་སྐུལ་མ་གཏོང་བ་དང་། རྡོག་རྩ་གཅིག་སྒྲིལ་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་ཐུབ་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བ་བྱེད་པ། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་མངོན་གྱུར་ཡོང་བ་བཅས་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།