ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཏ་ཆིང་སྣུམ་ཞིང་རྙེད་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

སྤེལ་དུས 2019-09-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བྱམས་པ་ཚེ་རིང་།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏ་ཆིང་སྣུམ་ཞིང་རྙེད་ནས་ལོ་ངོ་དྲུག་ཅུ་འཁོར་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཏ་ཆིང་སྣུམ་ཞིང་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་། ལས་འཁྱུར་ངལ་གསོ་བསྐྱོན་པའི་བློ་མཐུན་རྒན་གྲས། དེ་བཞིན་ཁོང་རྣམ་པའི་ཁྱིམ་མི་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་མ་ཟད་ལྷག་བསམ་དག་པའི་འཚམས་འདྲི་ཡང་གནང་ཡོད།
            ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་དྲུག་ཅུའི་གོང་། ཏང་ཀྲུང་དབྱང་གིས་རྡོ་སྣུམ་འཚོལ་ཞིབ་འཐབ་ཇུས་ཤར་སྤོ་བྱེད་པའི་བཀོད་སྒྲིག་གལ་ཆེན་གནང་བ་དང་། རྒྱ་ཆེའི་ལས་དོན་པ་རྣམས་ནས་ངལ་བ་དང་དུ་བླངས་ནས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་མཐར་ཏ་ཆིང་སྣུམ་ཞིང་འཚོལ་ཞིབ་ཐུབ་པས་དེར་ཀྲུང་གོའི་རྡོ་སྣུམ་གསར་སྤེལ་ལོ་རྒྱུས་ཐོག་ཁ་ཕྱོགས་བསྒྱུར་བའི་དོན་སྙིང་ལྡན་ཡོད། ལོ་ངོ་དྲུག་ཅུའི་རིང་། མི་རབས་མང་པོས་དཀའ་སྤྱད་ལས་གཏོད་དང་འབད་འཐབ་ལྷོད་མེད་ཀྱིས་ཐང་སྟོང་སྟེང་རང་རྒྱལ་གྱི་རྡོ་སྣུམ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དེ་བཙུགས་ཡོད། ཏ་ཆིང་སྣུམ་ཞིང་གི་ཕུལ་བྱུང་ལེགས་སྐྱེས་རླབས་ཆེའི་མེས་རྒྱལ་གྱི་ལོ་རྒྱུས་རྡོ་རིང་ཐོག་སྔ་ནས་བཀོད་ཟིན་ཡོད་ལ། ཏ་ཆིང་གི་སྙིང་སྟོབས་དང་ལས་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་གྲས་སུ་སྔ་ས་ནས་གྱུར་ཟིན་ཡོད་ཅེས་འཁོད་ཡོད།
            ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཏ་ཆིང་སྣུམ་ཞིང་གི་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོ་ངེས་ནས་ཏ་ཆིང་གི་སྙིང་སྟོབས་དང་ལས་བཟོ་པའི་ཞུམ་པ་མེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱུན་ཆད་མེད་པར་བསྒྱུར་བཅོས་དང་གསར་གཏོད་བྱེད་པ། སྤུད་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དཔེ་སྟོན་དར་ཆ་མཐོན་པོར་བསྒྲེང་བ་དང་ལོ་བརྒྱའི་སྣུམ་ཞིང་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་བཅས་བྱས་ནས་ལོ་བརྒྱ་ གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
            རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏང་བའི་རྟེན་འབྲེལ་གློག་འཕྲིན་ནང་། ཏ་ཆིང་སྣུམ་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར་བསྒྱུར་བཅོས་ཟབ་གཏོང་དང་མ་གནས་དམའ་གཏོང་། ཕན་འབྲས་མཐོར་གཏོང་བྱེད་པ་དང་། སྣུམ་ཐོན་བརྟན་པོ་དང་རླངས་ཐོན་འཕར་སྣོན་ཡོང་བ་དང་ཕྱི་ནང་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འགུལ་ནུས་གསར་པ་གསོ་སྤེལ་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་སྣུམ་རླངས་བདེ་འཇགས་དང་བརྟན་པོའི་ངང་མཁོ་འདོན་ཐུབ་པ་དང་། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཐེབས་པ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱ་རྒྱུ་བཅས་ལ་འགན་སྲུང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
            ཏ་ཆིང་སྣུམ་ཞིང་རྙེད་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྤྱི་ཚེས་ཉི་ཤུ་དྲུག་ཉིན་ཧེ་ལུང་ཅང་ཏ་ཆིང་དུ་གཉེར་བ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱང་ཞུས་ཡོད།
            སྤྱི་ལོ་༡༩༥༩ལོའི་ཟླ་བ་༩པའི་ཚེས་༢༦ཉིན། སུང་ཆིའི་ཁྲོན་པ་གསུམ་པ་ནས་བཟོ་ལས་སྣུམ་ཐོན་པ་དང་རྩད་ཞིབ་བྱས་རྗེས་ཏ་ཆིང་སྣུམ་ཞིང་རྙེད་ཡོད། དེ་རྗེས་རྔམ་བརྗིད་ལྡན་ལ། ཟིལ་རླབས་འཕྱུར་བའི་རྡོ་སྣུམ་སྔོག་འདོན་ལས་གྲྭ་འགོ་ཚུགས་ཡོད། ལོ་ངོ་དྲུག་ཅུའི་རིང་། ཏ་ཆིང་སྣུམ་ཞིང་ནས་རིམ་རྩིས་བྱས་ན་མ་བཅོས་རྡོ་སྣུམ་ཏུན་དུང་ཕྱུར་ཉི་ཤུ་རྩ་གསུམ་དང་བྱེ་བ་དགུ་ཙམ་ཐོན་སྐྱེད་བྱས་ནས་རང་རྒྱལ་གྱི་དེང་རབས་ཅན་གྱི་རྡོ་སྣུམ་བཟོ་ལས་མ་ལག་འཛུགས་རྒྱུའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ལ། ཏ་ཆིང་སྙིང་སྟོབས་དང་ལས་བཟོ་པའི་ཞུམ་མེད་སྙིང་སྟོབས་གཏོད་ཐུབ་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།