ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།

སྤེལ་དུས 2019-11-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཞི་ཅིན་ཕིང་ནས་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པ་ཙིར་དུ་ཕེབས་ནས་པ་ཞི་ལི་ཡར་སྐོང་འཚོག་བྱ་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་གཅིག་པར་ཞུགས་རྒྱུ་ཡིན་པ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་11ཚེས་10ཉིན་ནས་སྤྱི་ཟླ་11པའི་ཚེས་15ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད། པ་ཙིར་དུ་ཕེབས་ནས་པ་ཞི་ལི་ཡར་སྐོང་འཚོག་བྱ་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་གཅིག་པར་ཞུགས་རྒྱུ་རེད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ལོ་འདིའི་ནང་འཚམས་འདྲིར་ཕེབས་ཐེངས་བདུན་པ་དེ་ཡིན་ལ་ཡོ་རོབ་དང་གསར་དར་ཁྲོམ་ར། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བཅས་ལ་ཕྱོགས་པའི་ཕྱི་འབྲེལ་བྱ་སྤྱོད་གལ་ཆེན་ཞིག་ཀྱང་ཡིན།
              ཀྲུའུ་ཞི་ཞི་ཅིན་ཕིང་གནས་ད་ཐེངས་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དེ་ནི་འདི་ལོ་རང་རྒྱལ་གྱི་གཙོ་བདག་ནས་ཡོ་རོབ་ཕྱོགས་སུ་གནང་བའི་འཚམས་འདྲི་གལ་ཆེན་གཞན་ཞིག་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་དུས་ཡུན་ལོ་ངོ་11སོང་རྗེས་སླར་ཡང་ཀེ་རི་སེར་འཚམས་འདྲི་གནང་བ་ཞིག་ཀྱང་ཡིན། ད་ཐེངས་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཙུང་ཐུང་ཕ་ཧྥུ་ལུའོ་ཕུའུ་ལུའོ་སི་དང་ཙུང་ལི་སྨི་ཙུའོ་ཐ་ཅི་སི་དང་ཁག་སོ་སོར་གྲོས་མོལ་གནང་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ད་དུང་རིག་གནས་སྤེལ་རེས་མཉམ་འགུལ་གནང་སྟེ་ཐུན་མོང་ཐོག་ཤེས་དཔལ་གླེང་མོལ་གྱི་གྲོས་འགོ་འདོན་གནང་རྒྱུ་ཡིན་པ་རེད།
              འདི་ལོའི་སྤྱི་ཟླ་5པར། ཀེ་རི་སེའི་ཙུང་ཐུང་ཕ་ཧྥུ་ལུའོ་ཕུའུ་ལུའོ་སིས་ཀྲུང་གོར་འཚམས་འདྲི་གནང་བ་མ་ཟད་ཨ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་བཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཙུང་ཐུང་ཕ་ཧྥུ་ལུའོ་ལུའོ་སི་དང་གྲོས་མོལ་གནང་སྐབས་ཀེ་རི་སེ་ནི་ཡོ་རོབ་ཀྱི་ཤེས་དཔལ་གནའ་བོའི་རྒྱལ་ཁབ་གཅིག་ཡིན་པས། སྐུ་ཉིད་འཚམས་འདྲིར་ཕེབས་པ་དེས་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། འཛམ་གླིང་གི་ཤེས་དཔལ་མི་འདྲ་བའི་བར་གླེང་མོལ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།
              ཀེ་རི་སེ་ནི་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྲིད་གཞུང་བར་གྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་སྔ་ཙམ་གྱི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་གཅིག་ཡིན་པ་དང་། ཀེ་རི་སེའི་ཙུང་ལིས་ཀྲུང་གོར་ཕེབས་ནས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཐེངས་གཉིས་བཞུགས་མྱོང་ཡོད་པ་རེད། མིག་སྔར་འཚོག་མུས་ཡིན་པའི་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཐོག ཀེ་རི་སེ་ཉིད་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སིས་ཆེད་མངགས་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་བཞུགས་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཙུང་ལི་སྨི་ཙུའོ་ཐ་ཅི་སིར་མཇལ་མོལ་གནང་སྐབས། ཀྲུང་གོས་ནང་འདྲེན་དངོས་མང་འགྲེམ་ཚོགས་གཉེར་བ་ནི་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཉོ་ཚོང་རང་མོས་ཅན་དང་དཔལ་འབྱོར་གོ་ལ་ཅན་ལ་རྒྱབ་སྐྱོར་བྱེད་པ་དང་། རང་འགུལ་ངང་འཛམ་གླིང་ལ་ཁྲོམ་ར་སྒོ་མོ་འབྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཐེབས་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་ཉོ་ཚོང་དང་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་ཡང་སྐུལ་འདེད་ཐེབས་རྒྱུ་རེད། ང་ཚོས་ཀེ་རི་སེ་ཉིད་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ངོས་ནས་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་སྟེགས་བུ་དེ་སྤྱད་དེ་ཀྲུང་གོའི་འཛད་སྤྱོད་པར་རང་རྒྱལ་ཁབ་ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཧུར་ཐག་བྱ་འདོད་ཡོད་ཅེས་གསུངས་གནང་བ་རེད།
              འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་གཅིག་པ་དེ་སྤྱི་ཟླ་11པའི་ཚེས་13ཉིན་ནས་ཚེས་14ཉིན་བར་པ་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་སྐོང་འཚོག་བྱ་རྒྱུ་ཡིན་པ་རེད། པ་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་ཡི་གདན་ཞུས་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་མཇལ་འཛོམས་ནང་བཞུགས་རྒྱུ་ཡིན་པ་རེད། ན་ནིང་སྤྱི་ཟླ་7པར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ལྷོ་ཨ་ཧྥེ་རི་ཁའི་ཡུའེ་ཧན་ནེ་སི་པའོ་རུ་ཐུག་འཕྲད་ཐེངས་བཅུ་པ་དེ་གནང་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་ནས་འགོ་བརྗོད་དུ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཐུན་མོང་ཐོག་གོང་འཕེལ་ཡོང་བ་བྱེད་དགོ་ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས། འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་ལས་གཉིས་རྒྱལ་དང་གསར་གཏོད་སྣེ་ཁྲིད། ཁོག་ཡངས་ཀུན་ཕན། ཕྱོགས་མང་རིང་ལུགས་བཅས་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་འཕོ་འགྱུར་གྱི་འབོད་སྒྲ་དྲག་པོ་སྒྲོག་དགོས་པའི་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་ནས་རྩོམ་ཡིག་ནང་། འབྱུང་འགྱུར་ལོ་10ནི་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་འགག་རྩའི་ལོ་10དང་། རྒྱལ་སྤྱིའི་གནས་སྟངས་དང་སྟོབས་ཤུགས་ཀྱི་བསྡུར་ཚད་མགྱོགས་མྱུར་རིམ་འགྱུར་བྱེད་པའི་ལོ་10 གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྱར་སྐྲུན་གཏིང་ཟབ་བྱེད་པའི་ལོ་10བཅས་ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགྲན་རྩོད་ཁྱད་བསད་བཅས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་ཡོད།
              འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཡུའེ་ཧན་ནེ་སི་པའོ་ཡི་མཇལ་འཛོམས་ཀྱི་ཁྱབ་ཁོངས་ཆེན་པོའི་ཚོགས་འདུའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་ནས་འགོ་བརྗོད་དུ་མཛེས་སྡུག་ལྡན་པའི་ཕུགས་འདུན་དོན་དངོས་སུ་འགྱུར་བ་བྱེད་དགོས་ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས། བཟོ་ལས་གསར་བརྗེ་གསར་པའི་མངོན་གསལ་དོད་པའི་ཁྱད་ཆོས་གསལ་སྟོན་དང་། འབོ་གསེར་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཐད་གྲོས་འགོ་བཏོན་གནང་ཡོད། རྩོམ་ཡིག་ནང་། འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་རེས་འཁོར་གསུམ་གྱི་སྒུལ་ཤུགས་ཀྱི་མཉམ་ལས་སྒྲོམ་གཞི་བརྟན་དུ་བཏང་སྟེ་གསེར་མདོག་ཅན་གྱི་ལོ་བཅུ་ཞེས་པ་གཉིས་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་དགོས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོག་ཡངས། དྭངས་གཙང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་ཞིག་ཐུན་མོང་ཐོག་སྐྲུན་དགོས་ཞེས་འཁོད་ཡོད་པ་རེད།
              ད་ཐེངས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་གཅིག་པར་བཞུགས་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོ་དང་། ཡོངས་བསྒྲགས་ཚོགས་འདུ། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པའི་བར་གྱི་གླེང་མོལ་ཚོགས་འདུ་སོགས་བྱེད་སྒོ་རབ་དང་རིམ་པར་ཞུགས་རྒྱུ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། ཚོགས་འདུའི་ཐོག་འགོ་ཁྲིད་མི་སྣའི་བསྒྲགས་གཏམ་སྤེལ་རྒྱུ་རེད། སྐབས་དེར། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ད་དུང་པ་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་ནས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་རྒྱུ་རེད། དེ་ནི་དུས་ཡུན་ཟླ་བ་གཅིག་གི་ནང་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མཉམ་འགུལ་བྱེད་ཐེངས་གཉིས་པ་ཡིན་པ་རེད། འདི་ལོའི་སྤྱི་ཟླ་10པའི་ཚེས་24ཉིན་ནས་ཚེས་26ཉིན་བར་ཙུང་ཐུང་པོ་སུའོ་ན་ལུའོ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཀྲུང་གོ་དང་པ་ཙིར་གྱི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟབ་ཏུ་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།
              ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་སྐབས། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། འོན་ཀྱང་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ལ་འགྱུར་ལྡོག་བྱུང་མེད་པ་དང་། ཀྲུང་གོ་དང་པ་ཙིར་སོགས་གསར་དར་ཁྲོམ་རའི་རྒྱལ་ཁབ་སྤྱི་ཡོངས་དར་རྒྱས་འགྲོ་བའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ། ཀྲུང་གོའི་ཕྱོགས་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིག་རྒྱང་ཐོག་ནས་ཀྲུང་གོ་དང་པ་ཙིར་གྱི་འབྲེལ་བ་གོང་འཕེལ་གཏོང་བའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད། མིག་སྔར། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀ་གོང་འཕེལ་གྱི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། ང་ཚོས་འདས་དོན་ལ་ཕྱོགས་བསྡོམས་དང་མ་འོངས་ལ་རྒྱང་ལྟ་བྱས་ཏེ། ཀྲུང་གོ་དང་པ་ཙིར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མདུན་ལྗོངས་གསར་པ་གཏོད་དེ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྲུང་སྐྱོང་བྱ་ཆེད་དྲང་ནུས་སྐྱེས་སུ་འབུལ་དགོས་ཞེས་གསུངས་གནང་ཡོད།
              ཀྲུང་གོ་དང་པ་ཙིར་ནི་ཁག་སོ་སོར་ཤར་ནུབ་རྒྱུད་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་གཉིས་ཡིན། ཀྲུང་གོ་དང་པ་ཙིར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་45སོང་རིང་། ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་བྱས་ཏེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་བར་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་གོང་འཕེལ་འགྲོ་བའི་མིག་དཔེར་གྱུར་ཡོད། ཕྱོགས་ཁག་ནས་ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་པ་ཙིར་དུ་ཕེབས་ནས་རྒྱལ་ཁབ་གཉིས་པོའི་བར་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་དང་། ཀྲུང་གོ་དང་པ་ཙིར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་རེད།