ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ཐུག་འཕྲད་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་པ།

སྤེལ་དུས 2019-11-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་14ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ཐུག་འཕྲད་ཐེངས་བཅུ་གཅིག་པའི་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་ལེན་བསྟར་བ་དང་། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་ཡོད་པ་རེད། གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚད་མཐོའི་གདེང་འཇོག་ཐོབ་ཡོད།
             འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་གཅིག་པ་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱི་སྲིད་ཇུས་འདོད་ཚུལ་བཏོན་གནང་བ་དང་། ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་རིག་གནས་བཅས་ཕྱོགས་གསུམ་སྒུལ་བྱེད་ལ་སྐུལ་འདེད་གཏོང་རྒྱུའི་ནན་སྟོན་གནང་ཡོད། དེས་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་གསེར་ལྟར་རྩ་ཆེ་བའི་ལོ་བཅུ་ཞེས་པ་གཉིས་པ་གཏོད་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།
             ཞི་ཅིན་ཕིང་གིས། ལོ་བརྒྱའི་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་མདུན་དུ། འབོ་གསེར་རྒྱལ་ཁབ་ཀྱིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་མི་དམངས་ཀྱི་འབོད་སྒྲར་ལན་ཆ་བྱེད་པ་དང་། འཁུར་འོས་པའི་འགན་འཁྲི་འཁུར་ཕོད་པ་བྱེད་པ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འགྲོ་ལམ་དོན་གཉེར་བྱེད་པ། མཐུན་སྒྲིལ་མཉམ་ལས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་བཅས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་འཛམ་གླིང་གི་ཆེད་དུ་འབད་འཐབ་བྱེད་དགོས་ཞེས་གསུངས་གནང་ཡོད།
             ཨུ་རུ་སུའི་ངལ་རྩོལ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་སྨི་ཧ་དབྱིར་ མོ་ལུའོ་ཙུའོ་ཕུའུ་ཡིས། ཀྲུང་གོའི་འགོ་ཁྲིད་ཀྱིས་གསུང་བཤད་གནང་སྐབས་བཏོན་པའི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་། སྒོ་རྒྱ་ཆེར་འབྱེད་པ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཀྲུང་གོའི་ཇུས་གཞི་ནི་འཛམ་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་བཟང་པོ་ཞིག་རེད་ཅེས་བསྟན་ཡོད་པ་རེད།
             སྨི་ཧ་དབྱིར་མོ་ལུའོ་ཙུའོ་ཕུའུ་ཡིས། ཀྲུང་གོའི་འགོ་ཁྲིད་ཀྱིས་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་པའི་ཐད་འཛིན་པའི་རྣམ་འགྱུར་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཐུན་མོང་ཐོག་རོགས་ལས་བྱེད་པ་དང་ཕན་ཚུན་གྱི་ཁེ་ཕན་ལ་བསམ་བློ་གཏོང་བ་དེ་ནི་མིག་སྔའི་འཛམ་གླིང་ལ་མཁོ་བའི་རྣམ་འགྱུར་ཞིག་རེད། དེང་གི་འཛམ་གླིང་ནི་ཟིང་ཆ་དང་། གདོང་གཏུག དགྲ་འཛིན་བཅས་ཀྱི་གནས་སུ་གྱར་ཡོད་པས། ཀྲུང་གོས་འཛམ་གླིང་གི་གནད་དོན་ཐག་གཅོད་བྱེད་ཐབས་གསར་པ་ཞིག་བཏོན་པ་དེ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ཅེས་གསུངས་ཡོད།
             ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་རྒྱུའི་འབོད་སྐུལ་གནང་བ་དང་། ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་དོན་སྙིང་ནི་རྒྱལ་སྤྱིའི་ཐོག་གི་བྱ་བ་ཚང་མ་ཚང་མས་གྲོས་བསྡུར་བྱས་ནས་སྒྲུབ་དགོས་པ་ལས། རྒྱལ་ཁབ་གཅིག་གམ་རྒྱལ་ཁབ་ཁ་ཤས་ཀྱིས་བཤད་པ་ཁོ་ནར་ཆ་འཇོག་བྱེད་མི་རུང་ཞེས་ནན་བཤད་གནང་ཡོད། རྒྱལ་ཁབ་མང་པོའི་མི་སྣས། གནད་ལ་འཕིགས་པའི་རྒྱས་བཤད་དེས་འཛམ་གླིང་ཟང་ཟིང་ཆགས་པའི་གནད་དོན་གནས་ས་བསྟན་ནས་མིའི་རིགས་ཀྱི་དཀའ་གནད་སེལ་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།
             ཨ་ཧྥེ་རི་ཁ་ལྷོ་མའི་གུང་ཁྲན་ཏང་གི་མགྲིན་ཚབ་པ་ཨའེ་ལི་ཁེ་སིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་དབུ་ཚོགས་ཐོག་ཕྱོགས་མང་རིང་ལུགས་ནན་བཤད་གནང་ཡོད། ཕྱོགས་མང་རིང་ལུགས་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་ཡིན་པས། རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་མི་གཞན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས། དེ་ལྟར་བྱས་ཚེ་ང་ཚོས་ལག་གདང་སྦྲེལ་ཐོག་ཐུན་མོང་ཐོག་མདུན་སྐྱོད་བྱས་ཏེ་འཛམ་གླིང་གི་གར་སྟེགས་སྟེང་ཕྱོགས་མང་རིང་ལུགས་ཀྱི་ནང་དོན་དར་སྤེལ་གཏོང་ཐུབ། ངས་བལྟས་ན། ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་མང་རིང་ལུགས་ཀྱི་ནང་དོན་གྲས་ཤིག་རེད། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་ནང་དོན་དང་གཅིག་མཐུན་རེད་ཅེས་གསུངས་ཡོད་པ་རེད།
             ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་ནས་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་དེ་བཞིན་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཧུར་ཐག་བྱེད་པ་དང་། དེའི་ཁྲོད་ནས་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་དགོས་པའི་སྐུལ་མ་གནང་ཡོད། རྒྱལ་ཁབ་མང་པོའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལས་ཀྲུང་གོས་འབོ་གསེར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་བ་མ་ཟད། ད་དུང་བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཏན་ཏིག་འབུལ་བཞིན་ཡོད་པ་མཚོན་ཡོད་ཅེས་བསྟན་ཡོད་པ་རེད།
             ཨ་ཀེན་ཐིན་རྒྱལ་སྤྱིའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་པ་ཕ་ཐེ་ལི་ཤིས་ཨའོ་ཅི་ཝུའུ་སི་ཐུའོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ཀྱི་ནང་དུ་ཙམ་མ་ཟད་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་གནང་གི་ཡོད། དེ་ནི་གལ་འགངས་ཆེ་ཤོས་ཤིག་རེད། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉེ་དུས་གཉེར་བའི་ཧྲང་ཧའེ་ནང་འདྲེན་དངོས་མང་འགྲེམས་ཚོགས་ལེགས་གྲུབ་བྱུང་ཞིང་། ཉོ་ཚོང་དངུལ་འབོར་གྱི་ཟིན་ཐོ་བཏོད་ཡོད། དེ་ནི་བྱ་སྤྱོད་ཀྱི་ཐོག་ནས་ར་སྤྲོད་བྱས་པའི་ཁས་ལེན་ཞིག་ཡིན་པ་མ་ཟད། དེར་རྒྱལ་ཁབ་མང་ཆེ་བའི་རྒྱབ་སྐྱོར་ཡང་ཐོབ་ཡོད་ཅེས་གསུངས་ཡོད་པ་རེད།
             པར་ཙེར་ལི་ཡ་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེ་མོ་ལུའོ་པོ་ཐེ་ མའེ་ནེ་སའེ་སིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲོམ་རའི་སྒོ་མོ་མུ་མཐུད་འབྱེད་རྒྱུའི་ནན་སྟོན་གནང་བ་དེས་ཆ་འཕྲིན་གལ་ཆེན་བཏང་ཡོད་པ་དང་། སྒོ་དབྱེའི་དཔལ་འབྱོར་གྱིས་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། ཀྲུང་གོས་དེང་སྐབས་འཛམ་གླིང་ཧྲིལ་པོར་ཐུན་མོང་དུ་འཕྲད་པའི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།