ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་།

སྤེལ་དུས 2019-11-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཞི་ཅིན་ཕིང་ནས་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་སྐབས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བྱ་ཐབས་གལ་ཆེན་དོན་འཁྱོལ་བྱས་ཏེ། མུ་མཐུད་དེ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནུས་ལྡན་སྦྲེལ་མཐུད་ཐུབ་རྒྱུ་དང་གོ་དོན་མཐིལ་རྟོགས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲང་བཅས་གྲོས་ཚོགས་ལ་ཞུགས་པ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལོ་རྒྱུས་གཏན་ཚིགས་གཅིག་ཤུལ་གཅིག་འཛིན་དང་། རིགས་གཞུང་གཏན་ཚིགས་ཕན་ཚུན་འདེགས་སྐྱོར། ལག་ལེན་གཏན་ཚིགས་ཕན་ཚུན་སྦྲེལ་མཐུད་བཅས་དང་། དམིགས་འབེན་ཕྱོགས་ཡུལ་གཅིག་མཚུངས་རྒྱུན་འཁྱོངས་དང་། གལ་ཆེའི་འཐབ་ཇུས་རྒྱུན་མཐུད་རིམ་འཕར་འགྲོ་ཐུབ་པ་བྱུང་ཡོད།
             ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་མ་ལག་རང་བཞིན་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་རིགས་གཞུང་གྲུབ་འབྲས་དང་། ལམ་ལུགས་གྲུབ་འབྲས། ལག་ལེན་གྲུབ་འབྲས་བཅས་གཅིག་སྡུད་བྱས་པ་མ་ཟད། དུས་རབས་གསར་པར་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པར་སྔར་བས་ཁ་གསལ་བའི་རྩེར་སོན་ཇུས་འགོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བྱ་རྒྱུ་གཙོ་ཐིག་ཏུ་བཟུང་རྒྱུར་སྐུལ་འདེད་གཏོང་བ། བསྒྱུར་བཅོས་བྱེད་པ་བརྒྱུད་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་བྱེད་པའི་གཙོ་ཐིག་འབུར་དུ་ཐོན་པ་བྱེད་པ། མུ་མཐུད་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ། གཅིག་ནས་བཀོད་སྒྲིག་བྱས་ཟིན་པའི་བསྒྱུར་བཅོས་ལས་འགན་ཁག་གི་ལེགས་གྲུབ་གནས་ཚུལ་རྩད་ཞིབ་དང་གསེད་དཀྲོལ་བྱེད་པ་དང་། གཉིས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཇུས་འགོད་བྱས་པའི་གལ་ཆེའི་བྱ་ཐབས་ཁག་ཉིན་རེའི་ལས་རིམ་ཁྲོད་དུས་ཐོག་ཏུ་དོན་འཁྱོལ་ཡོང་བ་བྱེད་དགོས། ཏང་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི་རྒྱལ་ཁབ་བཅོས་སྐྱོང་ཐད་མཁོ་བའི་ལམ་ལུགས་དང་། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་གསར་པ་བྱེད་པར་དགོས་མཁོ་ཆེ་བའི་ལམ་ལུགས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། བསྒྱུར་བཅོས་བྱ་ཐབས་ཁག་དབར་ཟུང་འབྲེལ་ནུས་ལྡན་དང་། གོ་བ་མཐིལ་རྟོགས་བྱས་ནས། གྲུབ་འབྲས་ཏན་ཏན་ཏིག་ཏིག་འཐོབ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་ཐོག་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་སྒྲིག་གཞི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དང་། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། རང་རྒྱལ་གྱི་སྨན་བཅོས་འགན་ལེན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། དུས་རབས་གསར་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་སྒོ་ཀུན་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཞེས་པ། དུས་རབས་གསར་པའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒྲིག་གཞི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་དུ་འགྱུར་བ་བྱེད་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཅེས་པ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་གྱི་བྱ་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱུ་རྒྱུའི་སྐོར་གྱི་ལས་བགོས་ཇུས་གཞི་ཞེས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་དཔྱད་དཔོག་སྙན་ཞུ་ཞེས་པ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
             གྲོས་ཚོགས་ཐོག སྔར་བས་འཐུས་སྒོ་ཚང་བའི་ཁྲོམ་རའི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་སྒྲིག་སྦྱོར་བྱེད་པའི་སྒྲིག་སྲོལ་སྒྲིག་གཞི་འཛུགས་སྐྱོང་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ཀྱི་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲོམ་ར་ཅན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་བསྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱུ་རྐྱེན་གཙོ་བོ་རང་མོས་སྒོ་ནས་འཁོར་རྒྱུག་བྱེད་པའི་སྒྲིག་སྲོལ་སྒྲིག་གཞིའི་བཀག་རྒྱ་མེད་པ་བཟོ་བ། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་འགྱུར་བའི་སྒྲིག་སྦྱོར་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་བ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱུ་རྐྱེན་གཙོ་བོའི་རིན་ཐང་ཁྲོམ་རས་གཏན་འཁེལ་བྱེད་པ་དང་། འཁོར་སྐྱོད་རང་རྟོགས་གོ་རིམ་ལྡན་པ་དང་། སྒྲིག་སྦྱོར་ནུས་མཐོ་དྲང་སྙོམས་ཐུབ་རྒྱུ་མངོན་འགྱུར་ཡོང་བ་བྱས་ནས། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ཆེད་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་ཡོད།
             གྲོས་ཚོགས་ཐོག ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་སྤྱིའི་དམ་འཛིན་བྱ་གཞིར་བཟུང་ནས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་དང་། ཞིང་ལས་རྒྱུན་མཐུད་གོང་འཕེལ། ཞིང་ལས་ཐད་ཀྱི་མ་འཇོག་འགན་ལེན། ཞིང་ལས་ཀྱི་གསབ་སྤྲོད་གུན་འཇལ། ཞིང་སྐྱོར་མ་དངུལ་བེད་སྤྱོད་དོ་དམ་སོགས་ཀྱི་ཐད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཚུལ་དང་འཚམ་པ་དང་། ཁྱོན་ཡོངས་ལ་ཁེབས་པ། ཁ་ཕྱོགས་གསལ་བ། གཙོ་གནད་འབུར་དུ་ཐོན་པ། ཆ་སྦྱོར་བྱ་ཐབས། སྤྱོད་བདེ་བ་བཅས་ཀྱི་ཞིང་སྐྱོར་འགན་སྲུང་ལམ་ལུགས་རིམ་བཞིན་འཛུགས་པ་བརྒྱུད། ཞིང་དར་ཞིང་ཕན་ཞིང་ཕྱུག་ སྲིད་ཇུས་ཀྱི་གནད་འཕིགས་རང་བཞིན་དང་། བརྟན་ལྷིང་རང་བཞིན། ནུས་ཡོད་རང་བཞིན་བཅས་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་དགོས་ཞེས་ནན་བཤད་བྱས་པ་དང་། གྲོས་ཚོགས་ཐོག སྨན་བཅོས་འགན་ལེན་ལམ་ལུགས་ནི་དམངས་འཚོ་འགན་ལེན་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གཞི་རྩ་འགན་ལེན་དང་། དྲང་གཞག་ལ་སྐུལ་འདེད། བརྟན་པོའི་ངང་རྒྱུན་མཐུད་ཐུབ་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། དྲང་སྙོམས་འོས་འཚམ་གྱི་ཐོབ་ཐང་འགན་ལེན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། བརྟན་ལྷིང་རྒྱུན་མཐུད་ཀྱི་མ་དངུལ་གྲབས་གསོག་བྱེད་པའི་འཁོར་སྐྱོད་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་གོ་ཆོད་ལ་ཕན་འབྲས་ཆེ་བའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་སྒྲིག་གཞི་འཛུགས་པ། གཟབ་ནན་ནུས་ལྡན་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། སྨན་བཅོས་འགན་ལེན་གྱི་སྤྱི་པའི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ། སྨན་བཅོས་འགན་ལེན་སྤྱི་པའི་ཞབས་ཞུ་ལེགས་སྒྱུར་བྱེད་པ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། དབང་ཆ་དང་འགན་འཁྲི་ཁ་གསལ། འགན་ལེན་འོས་འཚམ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བང་རིམ་མང་བའི་སྨན་བཅོས་འགན་ལེན་མ་ལག་གང་མགྱོགས་འཛུགས་དགོས་ཞེས་ནན་བཏོན་བྱས་ཡོད།
             གྲོས་ཚོགས་ཐོག ངལ་རྩོལ་སློབ་གསོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་རེད། སྒོ་ཀུན་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དང་། ཀུན་སྤྱོད་ཐོག་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ངལ་རྩོལ་སློབ་གསོ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཁོངས་སུ་ཟུག་པ། ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་བཅས་ཕྱོགས་ཁག་ལ་ཁྱབ་པ། མི་སྣ་གསོ་སྐྱོང་གི་འཁྲིད་ཕྱོགས་ཁོང་དུ་ཆུད་པ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། སྒྲིག་གཞི་སྒྲིག་སྲོལ་གསར་གཏོད་བྱེད་པ། སློབ་གསོའི་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ། ཤེས་སྤྱོད་ཟུང་འབྲེལ་མངོན་འགྱུར་ཡོང་བ་བྱེད་པ་བཅས་བྱས་ནས་སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཇགས་པ་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད།
             གྲོས་ཚོགས་ཐོག ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་ཀྱི་འགན་འཁྲིའི་མ་ལག་དང་ཁེ་ལས་ཀྱི་འགན་འཁྲིའི་མ་ལག དམངས་ཡོངས་ཀྱི་བྱ་སྤྱོད་མ་ལག ལྟ་སྐུལ་དོ་དམ་མ་ལག ཁྲོམ་རའི་མ་ལག ཡིད་རྟོན་མ་ལག བཅའ་ཁྲིམས་སྲིད་ཇུས་མ་ལག་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རིགས་ཁག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་ཁྲོམ་རའི་བྱེད་པོ་དང་མང་ཚོགས་ཀྱིས་ཐེ་ཞུགས་བྱེད་པའི་ཧུར་བརྩོན་རང་བཞིན་མཐོ་རུ་གཏོང་བ་བཅས་བྱས་ཏེ་འཁྲིད་ཕྱོགས་ཁ་གསལ་ལ། འཐབ་ཇུས་ཚན་རིག་དང་མཐུན་པ། ལག་བསྟར་བྱེད་ཤུགས་ཆེ་བ། སྐུལ་ལྕགས་ནུས་འབྲས་མཐོ་བ། སྣེ་མང་ཐེ་ཞུགས་བྱེད་པ། སྤེལ་རེས་ཡག་པོ་བྱེད་པ་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཅིག་གྲུབ་པ་བྱས་ཐོག འབྱུང་ཁམས་ཁོར་ཡུག་གཞི་རྩ་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་ལམ་ལུགས་འགན་སྲུང་ནུས་ལྡན་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད།
             གྲོས་ཚོགས་ཐོག དུས་རབས་གསར་པའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒྲིག་གཞི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ་དང་། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བ་དང་། ཀུན་སྤྱོད་ཐོག་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་ཐུབ་པ་བྱ་རྒྱུར་དམ་པོར་གཞིགས་ཏེ་དོ་དམ་སྒྲིག་གཞི་ལེགས་སྒྱུར་དང་། འཁོར་རྒྱུག་སྒྲིག་གཞི་འཐུས་ཚང་བཟོ་བ། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་འགག་གཏོར་བྱ་ཡུལ་དུ་བཟུང་ནས་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་དང་རིགས་ཁག་གི་བྱེད་པོས་སློབ་གསོའི་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཏོན་བྱས་ཡོད།
             གྲོས་ཚོགས་ཐོག ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཞིང་ལས་ཚན་རྩལ་ཞབས་ཞུ་ནུས་ཡོད་མཁོ་འདོན་བྱེད་ཚད་མང་དུ་གཏོང་བ། མཁོ་འདོན་སྦྲེལ་མཐུད་བྱ་རྒྱུས་གཞི་ཚུགས་ས་བྱེད་པ། ཞིང་ལས་ཚན་རྩལ་ཞབས་ཞུའི་ཕན་འབྲས་མཐོ་རུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་བ། ཞིང་ལས་ཚན་རྩལ་ཁྱབ་གདལ་ཚན་པའི་ཞབས་ཞུ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། མཐོ་སློབ་དང་ཚན་ཞིབ་ཚན་པའི་ཞབས་ཞུའི་ནུས་པ་ཤུགས་ཆེར་གཏོང་བ། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྒོ་དབྱེ་འགྲན་རྩོད་དང་། སྣེ་མང་གསབ་རེས། མཐུན་སྦྱོར་ནུས་མཐོ་བཅས་ཀྱི་ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་དགོས་ཞེས་བསྟན་ཡོད།
             གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་གྱིས་སྒོ་ཀུན་ནས་བསྒྱུར་བཅོས་ཟབ་གཏོང་བྱེད་པའི་མ་ལག་གཅིག་སྡུད་དང་། མཐུན་སྦྱོར་ནུས་མཐོར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ད་ལྟ་བསྒྲུབ་དགོས་པ་ནི། རིགས་ཁག་གི་བསྒྱུར་བཅོས་ལམ་ལུགས་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་གཏན་འཁེལ་ཕྱོགས་སུ་འཕོ་འགྱུར་འགྲོ་རྒྱུར་ཕྱོགས་དགོས་པ་དང་། རིགས་ཁག་གི་བསྒྱུར་བཅོས་ལ་ཕན་འབྲས་གང་མང་ཐོན་པ་བྱས་ནས། ཕན་ཚུན་བར་སྐུལ་འདེད་ཐེབས་པ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་ཀྱི་གཏད་རྟགས་རེའུ་མིག་ལ་མཐོང་ཆེན་བྱེད་དགོས་པ་དང་། ལས་ཀའི་བསམ་ཕྱོགས་དང་ལག་པ་འཇུ་སར་ངོས་འཛིན་གསལ་པོ་ཡོང་བ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་བཀོད་སྒྲིག་བྱས་པའི་རིགས་ཁག་གི་བསྒྱུར་བཅོས་ལས་འགན་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ནས་གཅིག་གྱུར་ཐོག་སྐུལ་འདེད་དང་གཅིག་གྱུར་ཐོག་དོན་འཁྱོལ་ཡོང་བ་བྱེད་དགོས། བསྒྱུར་བཅོས་ཀྱིས་བཙུགས་ཟིན་པའི་ལམ་ལུགས་སྒྲོམ་གཞི་དེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་པ་དང་དཔེ་བསྡུར་གྱིས་དེ་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཕུགས་ཕན་སྒྲིག་གཞི་འཛུགས་དགོས། ད་ལྟ་འཚོལ་ཞིབ་བྱེད་བཞིན་པ་རྣམས་ལ་འགག་གཏོར་དཀའ་སེལ་བྱེད་དགོས་པ་དང་ཕྱོགས་སྡོམ་བཅུད་ལེན་གྱིས་ལམ་ལུགས་བཀོད་སྒྲིག་གྲུབ་པ་བྱེད་དགོས། ཇུས་འགོད་ལག་བསྟར་བྱེད་དགོས་རིགས་ལ་བློ་ཁོག་ཆེན་པོས་བསྒྱུར་བཅོས་གསར་གཏོད་དང་། དུས་ཐོག་ཏུ་ཇུས་གཞི་ཞིབ་འཇུག་གཏན་འཁེལ་བྱེད་དགོས། གནད་འཕིགས་ཇུས་འགོད་དང་། གནད་འཕིགས་ལག་བསྟར་ཐད་འབད་བརྩོན་བྱེད་དགོས་པ་དང་། བསྒྱུར་བཅོས་ཀྱིས་གནད་དོན་གང་ཞིག་ཐག་གཅོད་ཐུབ་མིན་དང་། ག་དུས་འདོན་མིན། ལམ་ལུགས་འཛུགས་སྐྱོང་ལ་ནུས་པ་གང་དག་ཐོན་མིན་སོགས་ཚང་མར་སེམས་ཁོངས་སུ་རྩིས་ཡོད་པ་བྱེད་དགོས། བསྒྱུར་བཅོས་མི་འདྲ་བའི་ཁྱད་ཆོས་དང་ངོ་བོ་ཁོང་དུ་ཆུད་དགོས་པ་དང་། ཇུས་གཞི་འདོན་པ་དང་། སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་འདེད་དོན་འཁྱོལ་མཉམ་དུ་འཛིན་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས། བསྒྱུར་བཅོས་ཇུས་གཞི་དོན་འཁྱོལ་བྱེད་དུས་ཡུལ་བབ་དང་བསྟུན་པ་དང་། དམིགས་ཡུལ་ཡོད་པ་བྱེད་དགོས། གོང་འོག་ཚང་མ་འདྲ་མཚུངས་དང་ཚད་གཞི་གཅིག་འཛིན་གཏན་ནས་བྱེད་མི་རུང་། ལམ་ལུགས་དེ་འཁོར་རྒྱུག་གང་འདྲ་ཐུབ་མིན་ཐད་གཅིག་སྡུད་བྱེད་དགོས་པ་དང་། བསྒྱུར་བཅོས་ཀྱིས་དམིགས་འབེན་གཅིག་སྡུད་དང་། སྲིད་ཇུས་གཅིག་སྡུད། ཕན་འབྲས་གཅིག་སྡུད་བཅས་མངོན་འགྱུར་ཐུབ་མིན་ལ་ལྟ་ཞིབ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བྱ་ཐབས་གལ་ཆེན་ལག་ལེན་བསྟར་བའི་ཇུས་གཞི་གང་མགྱོགས་སྒྲིག་བཟོ་བྱས་ནས། དུས་ཚོད་རེའུ་མིག་དང་། ལམ་ཐིག་དཔེ་རིས། གྲུབ་འབྲས་བཅས་ཁ་གསལ་ཞིག་གྲུབ་པ་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད།
             ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།