ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཡོངས་སློབ་གླིང་གི་སློབ་སྤྱིའི་མཉམ་སྡེབ་སྦྱོང་བརྡར་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚོགས་བཞུགས་འཐུས་མིའི་ཁྲོད་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས 2019-11-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་27ཉིན་ཉིན་དམག་ཡོངས་སློབ་གླིང་གི་སློབ་སྤྱིའི་མཉམ་སྡེབ་སྦྱོང་བརྡར་ འཛིན་གྲྭའི་འགོ་ཚུགས་མཛད་སྒོར་བཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ཚོགས་བཞུགས་འཐུས་མིའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།
        ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་། དམག་ཡོངས་སློབ་གླིང་གི་སློབ་སྤྱིའི་མཉམ་སྡེབ་སྦྱོང་བརྡར་ནང་བཞུགས་མཁན་འཐུས་མི་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལ་དམིགས་ཏེ་སློབ་སྦྱོང་དང་སྤེལ་རེས་གཏིང་ཟབ་གནང་ཡོད། སྐམ་དམག་གི་རྐང་འཐབ་དམག་གི་སློབ་གླིང་སློབ་དོན་ཁྲུའུ་ཡི་འགོ་འཛིན་ཆན་ཧྥེང་ཅུན་གྱིས་གསར་འགོད་པར། འདི་ལོའི་སྤྱི་ཟླ་5པའི་ཚེས་21ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་སྐམ་དམག་སློབ་གླིང་དུ་གཟིགས་ཞིབ་གནང་བར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་མྱོང་། མིག་སྔར་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྒྱུ་བྱུང་བར། སློབ་གཉེར་བྱས་ཏེ་མི་སྣ་གསོ་སྐྱོང་བྱེད་པའི་རིག་ལམ་སྔར་བས་གསལ་དུ་ཕྱིན་པ་དང་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་པའི་མྱོང་ཚོར་བྱུང་། སླད་ཕྱིན་ང་ཚོས་རྩེར་སོན་གྱི་རིག་ཚན་ཆེད་ལས་གཏོད་རྒྱུ་དང་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གཏོད་དེ། ཆ་སྒྲིག་གི་ལམ་ལུགས་དང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
        མཚོ་དམག་མཁའ་སྐྱོད་སློབ་ཆེན་གྱི་སློབ་སྤྱི་ཝང་ཐེན་ལིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་བཏོན་གནང་བའི་དུས་རབས་གསར་པའི་དམག་དོན་སློབ་གསོའི་འཐབ་ཇུས་བྱེད་ཕྱོགས་ཀྱིས་རང་ཚོས་ཇི་ལྟར་བྱས་ཏེ་མི་སྣ་གསོ་སྐྱོང་བྱེད་པ་དང་། མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་ཀྱང་གསལ་སྟོན་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
        མེ་ཤུགས་འཕུར་མདའི་དམག་བཟོ་སྐྲུན་སློབ་ཆེན་གྱི་སློབ་སྤྱི་ལི་ཧྭ་ཡིས། སློབ་ཆེན་སྒྱུར་བཅོས་དང་བསྐྱར་སྐྲུན་བྱས་རྗེས། མིག་སྔར་བསམ་བློར་འགྱུར་ལྡོག་གཏོང་བའི་དུས་ཚོད་དང་སྒྲིག་ཁོངས་གསར་པའི་ལམ་ལུགས་འཁོར་རྒྱུག་ལེགས་སུ་གཏོང་བའི་རིམ་སྤོར་དུས་མཚམས་སུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཚང་མས་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུར་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། རང་རེའི་དམག་དཔུང་གི་སློབ་གྲྭས་དམག་འཐབ་བྱེད་པའི་ནང་དོན་དང་བྱ་ཐབས་དེ་དག་ང་ཚོའི་སློབ་ཚན་དང་བསླབ་གཞིའི་ནང་མངོན་པ་དང་། དམག་རྒྱག་པའི་རིག་ཚན་ཆེད་ལས་འཛུགས་པ། དམག་རྒྱག་པར་མཁོ་བའི་ནང་དོན་སློབ་ཁྲིད་བྱེད་པ། དམག་རྒྱག་པའི་འཇོན་ཐང་ངོ་མ་སྦྱོང་བརྡར་བཅས་བྱེད་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བླང་བྱ་ལྟར་དཔུང་སྡེར་བྱང་ཚད་མཐོ་བའི་སྤྱོད་ཡོན་གཉིས་ལྡན་གྱི་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
        ཚང་མས་གྲོས་བསྡུར་བྱེད་རིང་མགྲིན་དབྱངས་གཅིག་གྱུར་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་རང་དམག་གི་དམག་དོན་སློབ་གསོའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས། དམག་ཡོངས་ཀྱི་སློབ་གླིང་གིས་བརྗེ་སྒྱུར་རིམ་སྤོར་དང་། རྣམ་པ་གསར་པ་གཏོད་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་ཡོད། རྒྱལ་སྲུང་སློབ་ཆེན་མཉམ་འབྲེལ་དམག་འཐབ་སློབ་གླིང་སློབ་དོན་ཁྲུའུ་ཡི་འགོ་འཛིན་ཀྲང་ཧུང་པིང་གིས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ཀྱི་ནང་དོན་དང་། ངོ་བོ། དེ་བཞིན་དེའི་རྩ་དོན་དང་བླང་བྱ་བཅས་ང་ཚོའི་སློབ་ཁྲིད་དང་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་། ཁྱབ་ཁོངས་ཁག་ནང་ལག་བསྟར་བྱས་ཏེ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་དང་དྲག་ཇུས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ནུས་པ་དངོས་ཐོན་པ་བྱས་ཐོག རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེར་གཏོང་ཆེད་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།