“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《2019-2023ལོའི་རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད》བཀྲམ་པ།

སྤེལ་དུས 2019-12-06 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《2019-2023ལོའི་རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད》(གཤམ་དུ《འཆར་འགོད་རྩ་གནད》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
             《འཆར་འགོད་རྩ་གནད》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སྐབས་ཀྱི་དུས་བབ་གསར་པ་དང་ལས་འགན་གསར་པར་བསྟུན་ནས། 2019-2023ལོ་བར་གྱི་རྒྱལ་ཡོངས་ཀྱི་རིམ་ཁག་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱ་ཆེད་ཕྱོགས་ཡོངས་ནས་འཆར་འགོད་བྱས་པ་ཞིག་ཡིན་པས། དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ། དུས་རབས་གསར་པའི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིག་རེད།
             《འཆར་འགོད་རྩ་གནད》ནང་། རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་འདུ་འགོད་སྐྲུན་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བཅས་ལ་གཞིགས་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་སུ་བྱེད་པ། “སྲུང་སྐྱོང་གཉིས”དམ་བཟུང་གིས་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་ཤུགས་ཆེ་རུ་གཏོང་བ། དད་སེམས་བརྟན་པོར་བརྟེན་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་འགོ་ཁྲིད་ཚན་ཁག་སྟོབས་ཆེན་བཀོད་སྒྲིག་བྱེད་པ། ནུས་པ་དང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཉམ་སྡེབ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་བསྟན་ཡོད་པ་རེད།
             《འཆར་འགོད་རྩ་གནད》ནང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་བཞག་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཏང་ནང་གི་ཆབ་སྲིད་འཚོ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། སྦྱངས་པ་གོ་ཆོད་དང་བསམ་སྤྱོད་གཅིག་གྱུར་ཡོང་བ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས་པ། འགོ་ཁྲིད་ཚན་ཁག་བཀོད་སྒྲིག་ཡག་པོ་དང་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་ལེགས་འདེམས་འཇོན་བཀོད་ཡག་པོ་བྱེད་པ་དང་། ལོ་ནའི་གྲུབ་ཆ་བཟང་སྒྲིག་བྱེད་པ། ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། འབྱུང་ཁུངས་དང་ཉམས་མྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། ཕུལ་བྱུང་ན་གཞོན་ལས་བྱེད་པ་འཚོལ་བ་དང་། གསོ་སྐྱོང་། འདེམས་བསྐོ་བཅས་ནུས་ལྡན་བྱས་ཐོག བུད་མེད་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་བཅས་བསྟན་ཡོད་པ་རེད།
             《འཆར་འགོད་རྩ་གནད》ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་འགན་ཁུར་བློ་མཐུན་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ལས་བྱེད་པ་འདེམས་པ་དང་ཚན་ཁག་བཀོད་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་བརྩིས་ནས་འགན་འཁྲི་སྒྲུབ་ཚུལ་དཔྱད་ཞིབ་ཀྱི་ནང་དོན་དུ་འཇུག་དགོས་པའི་ནན་བཤད་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།